མཚོ་བྱང་ཁུལ་གྱིས་ཧྲན་ཏུང་གི་ཁག་དྲུག་པའི་མཚོ་སྐྱོར་རྐང་འཛིན་ལས་བྱེད་པའི་ངོ་འཕྲད་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།
发布时间:2025年07月16日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ7པའི་ཚེས14ཉིན། མཚོ་བྱང་ཁུལ་གྱིས་ཧྲན་ཏུང་གི་ཁག་དྲུག་པའི་མཚོ་སྐྱོར་རྐང་འཛིན་ལས་བྱེད་པའི་ངོ་འཕྲད་ཚོགས་འདུ་འཚོགས་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་སི་ཅི་ཧྲིན། མཚོ་སྐྱོར་ལས་བྱེད་པ་ཁག་དྲུག་པའི་སྣེ་ཁྲིད་པ་ལིག་ཡུས་པིན་དང་རྐང་འཛིན་པའི་ཁོངས་མི་བཅས་ཞུགས།

图片

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་བླ་ལྷག་འོག མཚོ་སྐྱོར་ལས་བྱེད་པ་དང་འཇོན་མི་མཐོ་སྒང་ལ་བསྐྱོད་དེ་དཀའ་སྤྱད་དང་རྔུལ་ཆུས་མཚོ་བྱང་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱས་པར་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད། ལྷག་པར་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་དང་འཇོན་མིས་མཚོ་བྱང་འཕེལ་རྒྱས་ལ་དམིགས་པ་དང་ལས་གནས་ལ་གཞི་ཚུགས་པ། དམིགས་བསལ་གྱི་ནས་པ་འདོན་སྤེལ་བྱེད་པ། ལེགས་ཆར་བརྟེན་པ། སྦྲེལ་ཟམ་འཛུགས་པ་བཅས་བྱས་ཏེ་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར10ལྷག་བརྩོན་ལེན་ཧུར་ཐག་བྱས་ནས་ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བར་རོགས་རམ་བྱས་ཤིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར50ལས་བརྒལ་བའི་ལས་གཞི་ཁག་ཅིག་མཚོ་བྱང་དུ་ལག་བསྟར་མཐུན་སྦྱོར་བྱས་པ་དང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་རིམ་པ་གསུམ་པའི་སྨན་ཁང་དུ་བདེ་བླག་ངང་འཛུགས་པར་ཕྱོགས་ཡོངས་ནས་རོགས་རམ་བྱས་ཤིང་། ལུའུ་ཆིང་མཐོ་འབྲིང་དུས་བཀག་ལྟར་བསྐྲུན་ནས་བེད་སྤྱོད་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཚོ་བྱང་འཕེལ་རྒྱས་ལ་ལས་གཞི་ནང་འདྲེན་དང་ཐོན་ཁུངས་བསྡུ་སྒྲིལ། ཤེས་རིག་འཚོལ་བསྡུ། བར་སྟོང་རྒྱ་སྐྱེད་བཅས་བྱེད་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་བཞག་ཡོད་ཟེར།

图片

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པས་མཐའ་མའི་ལས་གནས་བརྟན་པོར་སྲུང་བ་དང་། སྤེལ་རོགས་ཁྲིད་གསུམ་ཡག་པོ་བྱས་ནས་བྱ་བར་འབྲེལ་མཐུད་ཡག་པོ་བྱེད་པ་དང་བར་བརྒལ་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་ལ། ཧྲན་ཏུང་ལ་ལོག་རྗེས་སྔར་རྒྱུན་བཞིན་མཚོ་བྱང་ལ་དོ་ཁུར་དང་མཚོ་བྱང་དྲིལ་སྒྲོག མཚོ་བྱང་ལ་རྒྱབ་སྐྱོར་བཅས་བྱས་ཏེ་མུ་མཐུད་མཚོ་བྱང་གི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས་པ་དང་། མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་རྒྱུའི་རེ་བ་ཡོད་ཅིང་། ཁག་དྲུག་པའི་མཚོ་སྐྱོར་ལས་བྱེད་པས་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་དང་འཇོན་མིའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། མཚོ་སྐྱོར་བྱ་བའི་རྒྱུན་མཐུད་རང་བཞིན་དང་གསར་གཏོད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། མཚོ་བྱང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་ཧྲན་ཏུང་གི་མཚོ་སྐྱོར་བྱ་བའི་སྤྱིའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས་རང་ངོས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་དམིགས་བསལ་ཁྱད་ཆོས། སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་རང་ངོས་ཀྱི་ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ་རང་འགུལ་ངང་འགན་འཁྲི་འཁུར་དགོས་པ་དང་། མཚོ་བྱང་གིལྔ་བཅོ་ལྔའིའཆར་འགོད་ལ་ཐབས་ཇུས་འདོན་པ་དང་རྒྱབ་སྐྱོར་བྱས་ཏེ།  མཚོ་བྱང་ལྔའཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། ཁ་གཏད་མཚོ་སྐྱོར་བྱ་བར་གྲུབ་འབྲས་གསར་བ་ལེན་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་གི་འཕེལ་རྒྱས་ལ་སྟོབས་ཤུགས་དབུལ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཐད་ནས་སེམས་ཁུར་དང་། བྱ་བའི་ཐད་ནས་བློ་བདེ། འཚོ་བའི་ཐད་ནས་སྙིང་ཉེ་བ། དོ་དམ་ཐད་ནས་བརྩེ་བ་ཟབ་མོ་བཅས་རྒྱུན་འཁྱོངས་བྱས་ཏེ་མཚོ་སྐྱོར་ལས་བྱེད་པ་དང་འཇོན་མིས་སྔར་ལས་ཆེ་བའི་བྱས་རྗེས་ཆེན་པོ་འཇོག་པར་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།