མཚོ་སྔོན་པོའི་འགྲམ་རྒྱུད་དུ་རྒྱལ་ཁབ་ཕྱི་ནང་གི་རྩེ་གྲའི་མདའ་རྩལ་འགྲན་བསྡུར་སྤེལ་ཏེ།མདའ་རྩལ་ལ་བརྟེན་ནས་གྲོགས་སྒྲིག་པ་དང་མདའ་རྩལ་རིག་གནས་སྤེལ་རེས་བྱས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ7པའི་ཚེས19ཉིན།2025ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་རྩེ་གྲའི་མདའ་རྩལ་འགྲན་བསྡུར་སྐབས་བཅུ་བ་དེ་མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་དབུ་ཚུགས་མཛད་སྒོ་སྤེལ་ཞིང་། མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུ། ཕ་ཀི་སི་ཐན། སེ་ནེ་ཀལ། ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ10ནས་ཡོང་བའི་འགྲན་ཞུགས་རུ་ཁག133མདའ་རྩལ་འགྲན་བསྡུར་དུ་ཞུགས་ཡོད། འགྲན་བསྡུར་ལ་དེང་རབས་སྲོལ་རྒྱུན་གཞུ་དང་གཞུ་འཁོར་ལོ་མ། རྣོ་གཞུ།རྭ་གཞུ་བཅས་གཞུ་རིགས་བཞི་ཡི་གཤིབ་འགྲན་རྣམ་གྲངས་ལྔ་སྒྲིག་བཀོད་བྱས་ཡོད། རྒྱལ་ཁབ་སོ་སོའི་འགྲན་ཞུགས་པས་འགྲན་བསྡུར་ཁྲོད་མདའ་རྩལ་ལ་བརྟེན་ནས་གྲོགས་སྒྲིག་པ་དང་མདའ་རྩལ་རིག་གནས་སྤེལ་རེས་བྱས་སོ།།

ཕ་ཀི་སི་ཐན་འཐུས་ཚབ་རུ་ཁག་ཚོགས་རར་ཞུགས་བཞིན་པ།

དབུ་ཚུགས་མཛད་སྒོའི་ཡུལ་དངོས།

གཞུ་འཁོར་ལོ་མ་འགྲན་པའི་ཡུལ་དངོས།

སྲོལ་རྒྱུན་གཞུ་འགྲན་བཞིན་པ།

མོང་གོལ་རྒྱལ་ཁབ་ཀྱི་འགྲན་མི་དང་རྐང་ཚའི་མང་ཚོགས་ཀྱིས་མདའ་འཕེན་ལག་རྩལ་སྤེལ་རེས་བྱེད་པ།

འགྲན་ཞུགས་པས་ཕན་ཚུན་སྤེལ་རེས་བྱེད་པ།