རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ལ་སྤྲིངས་པའི་བཀའ་དྲིན་ཞུ་ཡིག
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམ་པར།
འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་གདེང་འཇོག་ཚད་མེད་གནང་བཞིན་པའི་སྐབས་ཉེར་བཞི་པའི་རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར(རྐང་ཚའི་ས་མཚམས)དང2025ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བཅུ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་སོང་། “རྒྱལ་སྤྱི་རང་བཞིན”གྱི་འགྲན་བསྡུར་དེ་གཉིས་སྒྲིག་འཛུགས་ནན་མོ་དང་ཁོར་ཡུག་ལེགས་པོ། ཚད་གཞི་མཐོན་པོ་དང་ཁྱད་ཆོས་མོད་པོ། ཕན་འབྲས་བཟང་བ་དང་ཤུགས་རྐྱེན་ཟབ་པ་བཅས་མངོན་པས་ངོ་མཚར་ལྟད་མོ་གང་སར་ཁྱབ་པ་དང་བསྔགས་བརྗོད་གཏམ་སྙན་ཀུན་གྱིས་སྒྲོག་བཞིན་འདུག གྲུབ་འབྲས་འདི་དག་ནི་ཞིང་ཆེན་དང་ཁུལ་གྱི་རིམ་པོ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་དང་། གོང་རིམ་འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་བླ་མེད་བཅས་གནང་བ་མ་ཟད། རྫོང་ཡོངས་ཀྱི་དམངས་སེམས་གཅིག་མཐུན་གྱིས་འགན་འཁྲི་དང་དུ་བླངས་ནས་ལག་བསྟར་དང་། དངོས་སྒྲུབ་དོན་གཉེར་གྱིས་འབད་བརྩོན་ལྷུར་ལེན་བྱས་པ་ལ་དེ་བས་ཀྱང་འབྲལ་ཐབས་མེད། སྣ་མང་ཆེ་ཞིང་བརྗེད་མི་སྲིད་པའི་འགྲན་བསྡུར་གཟབ་རྒྱས་ཤིག་མངོན་པས་མི་ཚད། རྐང་ཚ་རྫོང་གི་མ་འོངས་པའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། མི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ཀྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་ལས་སྒྲུབ་ལས་གཏོད་ལ་སྤྲོ་སེམས་འཕེལ་བར་སྐུལ་སློང་བྱས་ཏེ། རྐང་ཚའི་བྱ་གཞག་ཐམས་ཅད་དབྱར་མཚོ་བཞིན་རྒྱས་པར་སྒུལ་ཤུགས་བླ་མེད་བསྩལ་ཡོད།

འགྲན་བསྡུར་དེ་གཉིས་ཁྲོད་ཀྱི་སྐད་ཅིག་མའི་ངོ་མཚར་གྱི་ལྟད་མོ་རེ་རེ་ང་ཚོས་ནམ་ཡང་བརྗེད་མི་སྲིད་དེ། ལས་རིགས་སོ་སོའི་ལས་སྒྲུབ་མི་སྣ་ཀུན་གྱིས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་མཛད་རྗེས་བཞག་ཡོད། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོའི་བརྩེ་འཛུམ་ལས་འཛམ་གླིང་ལ་དྲོད་ཁོལ་སྦྱིན་ཏེ“བདག་གཞི་མགྲོན་གཉིས་ཀའི”དུངས་སེམས་མངོན་ཡོད། རྒྱ་ཆེའི་ལས་བྱེད་དང་ལས་བཟོ་བ་རྣམས་ལ་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོས་འགན་འཁྲི་དང་དུ་བླངས་ཏེ“དྲང་བདེན་དྲང་གཞག་གི་རྒྱལ་ཁ་འབྲས་བུར་སྒོམ་པའི”རྐང་ཚའི་སྣང་ཚུལ་མངོན་ཡོད། རྒྱ་ཆེའི་སྤྱི་བདེ་ལས་བྱེད་དང་ཉེན་རྟོག ད་དུང་བདེ་སྲུང་མི་སྣར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོས་ལྷག་བསམ་རྣམ་དག་གིས་བདེ་འཇགས་སྲུང་སྐྱོང་བྱས་ཏེ“དོན་རྐྱེན་དང་འགལ་རྐྱེན་མེད་པའི”ཁོར་ཡུག་ལེགས་པོ་བསྐྲུན་ཡོད། རྒྱ་ཆེའི་ཁོར་སྲུང་པ་དང་ནགས་ཚལ(རྩྭ་ཐང)དོ་དམ་པར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོའི་གོམ་སྟབས་རེ་རེའི་འགན་འཁྲི་དང་དུ་བླངས་པས“ལྟ་ན་སྡུག་པའི་ཡུལ་ལྗོངས་དང་གོམས་གཤིས་ལེགས་པོའི་མི་ཆོས་རིག་གནས”ཀྱིས་གྲོང་གསེབ་ཀྱི་མཛེས་སྡུག་ལ་བཀྲག་མདངས་བྱུགས་ཡོད། རྒྱ་ཆེའི་དང་བླངས་པར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཅག་གིས་འགྲན་བསྡུར་ལ་ཞབས་འདེགས་ཞུ་བར“གཅེས་སེམས་དང་འགན་འཁུར་ཕོད་པའི”ལང་ཚོའི་མཛད་རྗེས་ཀྱི་དམ་བཅའ་བྲིས་ཡོད། རིག་རྩལ་ལས་སྒྲུབ་པར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོའི་སྙན་མོ་ངག་གི་དབྱངས་རྟ་དང་བདེ་མོའི་གར་གྱི་སྟངས་སྟབས་ཀྱིས“གཞོན་པའི་ལང་ཚོའི་ཟིལ་རྔམ་གྱི་ཤུགས་ལས་མངོན་པའི”སྒྱུ་རྩལ་ལ་མཚར་སྡུག་བསྐྲུན་ཡོད། གསར་འགྱུར་སྨྱན་སྦྱོར་གྲོགས་པོ་རྣམས་ལ་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོའི་བརྙན་མིག་གི་ངོ་མཚར་བའི་ཟིན་ཐོ་ལས“མི་སེམས་གཅིག་སྒྲིལ་དང་བྱ་གཞག་དར་རྒྱས་ཡོང་བའི”དུས་རབས་ཀྱི་སྐད་གདེངས་མཐོན་པོ་མངོན་ཡོད། རྒྱ་ཆེའི་སྨན་དོན་ལས་སྒྲུབ་པར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོའི་བྱམས་སེམས་དྲོད་མོ་ལས“ཚེ་སྲོག་གཅེས་སྐྱོང་དང་བདེ་ཐང་སྲུང་བའི”འགོག་སྲུང་སྲ་བརྟན་གྱི་གཞི་རྐང་ཚུགས་ཡོད། རྒྱ་ཆེའི་སྒེར་གཉེར་བཟོ་ཚོང་བར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོའི་ཡིད་རྟོན་ཟབ་མོས་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཏེ“ཁྱོན་ཡོངས་ལ་མཐོང་ཆེན་དང་ལས་གཉེར་ལ་མཁས་པའི”ཁེ་ལས་ཀྱི་འགན་འཁྲི་མངོན་པར་དོད་ཡོད། འགྲན་བསྡུར་གཉིས་ལ་ཉམས་མྱོང་མངའ་བ་དང་ལེགས་རྗེས་ཕུལ་མཁན་ཚང་མར་བཀའ་དྲིན་ཞུ་རྒྱུར། ཁྱེད་ཚོས་རྐང་ཚར་སྔར་ལས་མཛེས་སྡུག་བསྐྲུན་པ་ལ་ཐུགས་རྗེ་ཆེ་ཞུ། དེ་བས་འགྲན་བསྡུར་རྩ་འཛུགས་ཚོ་ཆུང་གིས་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན།

བློ་སེམས་གཅིག་སྒྲིལ་གྱིས་ཕུགས་འདུན་བསྐྲུན་ནས་མ་འོངས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་བཀའ་དྲིན་ཞུས་པ་དང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། “རྒྱལ་སྤྱིའི”འགྲན་བསྡུར་གཉིས་ལ་གྲུབ་འབྲས་མངོན་པར་འགན་འཁུར་བ་གོ་སྐབས་སུ་བརྩིས་ཏེ། འགོ་ཚུགས་ས་གསར་པར་རྐང་བཙུགས་ནས་ལེའུ་གསར་པ་འབྲི་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། “ཨང་དང་པོར་བརྩོན་ལེན་བྱེད་པའི”འབད་འཐབ་སྙིང་སྟོབས་དར་སྤེལ་དང་། “ སྔོན་ཐོན་བརྩོན་ལེན་བྱེད་པའི”མདུན་སྐྱོད་ཀྱི་རྣམ་པ་རྒྱུན་འཁྱོངས་དང་། རིམ་པ་མཐོ་བའི“འགྲན་བསྡུར་དང་མཉམ་དུ་གནས་སྐོར་བྱེད་པའི”རྣམ་པ་གསར་པ་འཚོལ་ཞིབ་དང་། ནུས་ཤུགས་ཡོད་རྒུས་རྐང་ཚའི་བྱ་གཞག་ཐམས་ཅད་ཡར་རྒྱས་གོང་འཕེལ་དང་། ཉ་དང་བྱ་ཡི་ཞིང་ཁམས་སུ་དཔལ་ཡོན་གྱི་མེ་ཏོག་བཞད་དེ་བོད་མཁར་རྐང་ཚ་རུ་གཡུར་དུ་ཟ་བའི་འབྲས་བུ་གང་སར་སྨིན་དུ་འཇུག་རྒྱུ།
མཇུག་མཐར་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བདེ་སྐྱིད་ལྡན་པ་དང་རྐང་ཚ་རྫོང་གི་བྱ་གཞག་ཐམས་ཅད་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུའོ།།