མཚོ་སྔོན་རྐང་ཚས་སྲིད་དོན་ཞབས་ཞུའི་རྣམ་པ“གསར་པ”དང་དེ་བས་ཀྱང“བློ་ཡིད་ཚིམ་པ”སྒྲུབ་པར་སྐུལ་འདེད་བཏང་།
发布时间:2025年08月01日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


ང་མང་ཚོགས་དང་འགྲོགས་ནས་ལས་རིམ་དུ་སྒྲུབ

    སྲིད་དོན་ཞབས་ཞུ་སྔར་བས་ཇེ་ལེགས་དང“ལས་ཆོད་མཐོ་བའི་སྒོ་ནས་ལས་དོན་སྒྲུབ་ཐུབ་པར”སྐུལ་འདེད་གཏོང་ཆེད།ཉེ་ཆར་རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས“མངས་དང་འགྲོགས་ནས་ལས་རིམ་སྒྲུབ་པདངསྲིད་དོན་ཞབས་ཞུ་ཉམས་ལེན་མཁནཞེས་པའི་བྱ་འགུལ་སྤེལ་བ་དང་། ཐབས་ལམ་གསུམ་བརྒྱུད་དེ་རང་འགུལ་སྒོས་ཁེ་ལས་མང་ཚོགས་ཀྱི་དགོས་མཁོརྒྱུས་ལོན་དང་། གཏིང་ཟབ་སྒོས་ལས་སྒྲུབ་ལས་རིམ་ཁྲོད་ཀྱི་དཀའ་གནད་འཚོལ་ཞིབ་བྱས་ཏེ་ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་བཏང་ཡོད། 

   “ལས་གནས་བརྗེ་ནས་ཉམས་ལེན”བྱས་ཏེ་སྲིད་དོན་དཀའ་གནད་ཐག་གཅོད་བྱ་པ། རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཐེངས་འདིའི་ཉམས་ལེན་དེ་ཁེ་ལས་ཐོ་འགོད་ལས་སྒོ་ལ་དམིགས་ཤིང་།ཁེ་ལས་ཐོ་འགོད་དང་བསྒྱུར་བཅོས་ཐོ་འགོད། ཐོ་ཁོངས་སུབ་པ་བཅས་ཀྱི་དྲ་ཐོག་རེ་ཞུ་སྒྲུབ་པའི་ལས་རིམ་དང་དྲ་ཕྱིའི་སྟེགས་བུར་ལས་སྒྲུབ་བྱེད་པའི་ལས་རིམ་ཚུད་ཡོད།  ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོས“དམངས་ལ་ལས་དོན་སྒྲུབ་པའིཞབས་ཞུ་མཁན་བཞིན་དྲ་ཐོག་ནས་རེ་ཞུ་བྱས་པའི་ཁེ་ལས་ཐོ་འགོད་དང་བསྒྱུར་བཅོས། ཐོ་སུབ་བཅས་ཀྱི་གོ་རིམ་ཡོངས་སུ་ཞུགས་པ་མ་ཟད། “ལས་སྒྲུབ་མི་སྣ”ལྟར་ཞིབ་ཕྲའི་ལག་ལེན་ལས་སྒོར་ཞིབ་དཔྱད་བྱས་ཏེ། དྲ་ཐོག་ལས་སྒྲུབ་ཉམས་ལེན་ཁྲོད་སྲིད་དོན་ཞབས་ཞུའི་ལས་སྟེགས་སུ་ཐོ་འགོད་ནས་ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་སྐོང་འབྲི། དཔྱད་གཞི་དྲ་ཐོག་ཏུ་བརྒྱུད་སྤྲོད་དང་ཞིབ་བཤེར་བྱ་བའི་ལས་རིམ་རེ་རེ་བཞིན་ལས་སྒྲུབ་བྱས། དྲ་ཕྱིའི་ལས་སྒྲུབ་སྟེགས་བུར་ཉམས་ལེན་བྱེད་སྐབས།ལས་སྒྲུབ་མང་ཚོགས་དང་མཉམ་དུ་རྒྱུ་ཆ་སྤྲོད་པ་དང་། གནས་ཚུལ་ཞིབ་བཤེར། མཇུག་འབྲས་ལེན་པ་སོགས་ཀྱི་ལས་རིམ་ལེགས་པར་བསྒྲུབས་པ་དང་ཆབས་ཅིག་ཏུ ལས་སྒྲུབ་སྟེགས་བུའི་ལས་དོན་མི་སྣའི་ཞབས་ཞུའི་རྣམ་འགྱུར་དང་། ལས་སྒོའི་བྱང་ཚད དེ་བཞིན་ལས་སྒྲུབ་ལས་ཕྱོད་བཅས་་ལྟ་ཞིབ་བྱས་ཏེ། ལུས་སེམས་ཟབ་ཞུགས་རྣམ་པའི”ཉམས་ལེན་བརྒྱུད་དེ་ཁེ་ལས་ཀྱི་ཐོ་འགོད་ལས་སྒོ་དྲ་ཐོག་དང་དྲ་ཕྱི་ནས་སྒྲུབ་པའི་དངོས་ཡོད་གནས་ཚུལ་ཁྱོན་ཡོངས་ནས་རྒྱུས་མངའ་ཡོད་པར་བྱས། 

  “སྐོར་ཞིབ་དང་བརྟག་དྲི”ཡིས་གནད་དོན་གྱི་ཞན་ཆར་དམིགས་། ཉམས་ལེན་བྱས་པ་བརྒྱུད་མིག་སྔར་རྐང་ཚ་རྫོང་གི་ཁེ་ལས་ཐོ་འགོད་ལས་སྒྲུབ་ཀྱི་གནད་འགག་གཙོ་བོ་དྲ་ཐོག་རེ་ཞུའི་ལས་སྒྲུབ་ཏུ་གྱུར་ཡོད་པ་དང་། ས་གནས་འབྲོག་པ་མང་ཚོགས་ཅུང་མང་བས། མང་ཚོགས་ཡི་གེ་ཤེས་མཁན་མང་པོ་མེད་པ་དང་རིག་ནུས་སྒྲིག་ཆས་བཀོལ་སྤྱོད་བྱེད་ཚུལ་ལ་བྱང་ཆ་མེད་པའི་གནས་ཚུལ་ཡོད། དྲ་ཐོག་སྟེགས་བུའི་ལས་སྒྲུབ་ལས་རིམ་ལ་རྒྱུས་མངའ་མེད་པས རྒྱུན་དུ་གནས་ཚུལ་སྐོང་བ་དང་ཚད་ལྡན་མིན་པ གོ་རིམ་ཆད་ལུས་སོགས་ཀྱི་གནད་དོན་ཡོད། དེ་དང་ཆབས་ཅིག་སྐད་བརྡ་མ་འཕྲོད་པའི་རྐྱེན་གྱིས་གནད་དོན་མངོན་གསལ་ཡིན་པ་དང་མང་ཚོགས་འགའ་ཤས་ཀྱི་རྒྱ་ཡིག་ཆུ་ཚད་དམའས་སྲིད་ཇུས་དང་ལས་སྒོའི་ཁྲིད་སྟོན་སོགས་ལ་གོ་བ་གསལ་པོ་མེད་པ་དང་ཐོ་འགོད་ཀྱི་རིགས་འདེམས་པ ལས་གཉེར་ཁྱབ་ཁོངས་ཁ་སྐོང་བྱེད་པ་སོགས་གནད་འགག་གི་ལས་རིམ་ལ་སོམ་ཉི་འབྱུང་སླ་བས། དྲ་ཐོག་གི་རེ་ཞུ་ཡང་དང་བསྐྱར་དུ་ཕྱིར་ལྡོག་བྱས་པས་ལས་ཆོད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། 

  “ཆེད་དོན་འཛིན་གྲྭའི་རྗེས་སྙེག”ནས་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣན་། གོང་གསལ་གྱི་དྲ་ཐོག་རེ་ཞུ་བཀོལ་སྤྱོད་དང་སྐད་བརྡའི་དཀའ་ངལ་གྱི་སྟབས་ཀྱིས་འབྲེལ་གཏུག་བྱེད་པར་གེ་རྐྱེན་འབྱུང་བ་སོགས་ཀྱི་གནད་དོན་ལ་གཞིགས་པ་དང་ རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས“ཞབས་ཞུའི‘མས་མཐའི་སྤྱི་ལེ་གཅིག”ལ་དམིགས་ཏེ་ཧུར་ཐག་གིས་ཞབས་ཞུའི་རྣམ་པ་གསར་གཏོད་འཚོལ་ཞིབ་བྱས་པ་དང་། སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བོད་རྒྱ་སྐད་གཉིས་ཀྱི་ཞབས་ཞུའི་ལས་སྟེགས་བཙུགས། ལས་སྟེགས་ཀྱི་ལས་སྒྲུབ་མི་སྣ་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་ལས་སྒོ་རྒྱུས་མངའ་ཡོད་པས་མི་ཚད བོད་རྒྱ་སྐད་གཉིས་ཀྱི་འབྲེལ་འདྲིས་བྱང་ཆུབ་པ་བྱེད་ཐུབ། དྲ་ཐོག་གི་ལས་སྒྲུབ་ལ་དཀའ་ངལ་ཡོད་པའི་མང་ཚོགས་རྣམས“གཅིག་གཏད་གཅིག”གི་ལས་རོགས་ཚབ་སྒྲུབ་ཞབས་ཞུ་མཁོ་འདོན། གནས་ཚུལ་ཐོ་འགོད་དང་རྒྱུ་ཆ་དྲ་ཐོག་བརྒྱུད་སྤྲོད་ནས་ཞིབ་བཤེར་བྱེད་པའི་གོ་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་ལ སྲིད་ཇུས་གསལ་འགྲེལ་གནད་དུ་འཁེལ་བ་དང་ལས་སྒོའི་བརྒྱུད་རིམ་ལ་མཛུབ་ཁྲིད་ཡང་དགཀྱང་བྱས་པས།གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ལས་སྒྲུབ་སྐབས་ཀྱི་སྐད་ཡིག་གི་བཀག་རྒྱ་དང་བཀོལ་སྤྱོད་ཀྱི་དཀའ་གནད་སེལ་ཡོདའབྲོག་པ་མང་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་གང་རུང་ནས་ལས་སྒྲུབ་ཐུབ་པས་ཀུན་ལ་སྟབས་བདེ་དང་ཕན་ནུས་མཐོ་བའི་ཞབས་ཞུ་ལོངས་སུ་སྤྱད་དེ སྲིད་དོན་ཞབས་ཞུ་དང་མང་ཚོགས་བར་གྱི“གེགས་རྐྱེནཡོངས་སུ་སེལ་ཡོད། 

    རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས“ཆེད་དོན་འཛིན་གྲྭའི་རྗེས་སྙེགཔ་དམ་དུ་བཟུང་སྟེ། མུ་མཐུད་དུ་སྲིད་དོན་ཞབས་ཞུའི་ཉམས་ལེན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པ་དང་།ཁྲོམ་རའི་གཙོ་གནད་འཁོར་ཡུན་གྱི་ཁེ་ལས་ཐོ་འགོད་དང་ཆོག་འཐུས་ཞིབ་བཤེར་ཆོག་མཆན་འགོད་པ་ནས་རྗེས་ཀྱི་ལས་གཉེར་ཞབས་ཞུའི་བར་གྱི་གོ་རིམ་ཡོངས་སུ་དོ་སྣང་བྱས་ཏེ།“གཅིག་གཏད་གཅིག”གི་དོ་དམ་རྣམ་པའི་ཞབས་ཞུ་ལག་བསྟར་བྱས་ནས་དུས་ཐོག་ཏུ་ཁེ་ལས་ཀྱི་དགོས་མཁོར་འབྲེལ་མཐུད་བྱས་ཡོད།ཆབས་ཅིག་ཏུ་རྒྱུན་རྣམ་ཅན་གྱིས“འགོ་ཁྲིད་དང་པོ་ལས་རིམ་བརྒྱུད་པར”སྐུལ་འདེད་བཏང་ནས་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དམངས་ལ་ལས་དོན་སྒྲུབ་པའི་ཞིབ་བཤེར་ཉམས་ལེན་གྱི་གོ་རིམ་ཡོངས་སུ་ཞུགས་པ་དང་། ཡུལ་དངོས་ནས་ལས་རིམ་ལྷག་མ་དང་རྒྱུ་ཆ་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་ཏེ།གོ་རིམ་སྟབས་བདེ་དང་དུས་ཡུན་ཇེ་ཐུང་དུ་བསྒྱུར་བཅོས་བཏང་སྟེ། ཁེ་ལས་ལ་ལས་སྒྲུབ་ཉུང་ཞིང་དོན་དག་ལེགས་པོ་སྒྲུབ་སླ་བ་བགྱིས་ཏེ། སྲིད་དོན་ཞབས་ཞུ་སྟབས་བདེ་དང་བློ་ཡིད་ཚིམ་པའི་ཚད་མུ་མཐུད་མཐོར་འདེགས་བྱུང་ཡོད། སྲིད་དོན་ཞབས་ཞུ་རྣམ་པ“གསར་པ”དང་དེ་བས་ཀྱང“བློ་ཡིད་ཚིམ་པ”སྒྲུབ་རྒྱུ་མངོན་འགྱུར་བྱུང་སྟེ། ཁེ་ལས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་བློ་ཡིད་ཤིན་ཏུ་ཚིམ་ཡོད།