2025ལོའི་མཚོ་བྱང་ཁུལ་གྱི་ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་ལས“མི་རིགས་མཐུན་སྒྲིལ་རྟགས་མའི”སྐོར་བྲོ་འགྲམེས་འཁྲབ་ཀྱི་མཐོང་ཐོས་རེག་ཟིག
发布时间:2025年08月06日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ8པའི་ཚེས4ཉིན་གྱི་དགོང་མོར། ནུབ་མཚོ་ལུས་རྩལ་ཐང་དུ2025ལོའི་མཚོ་བྱང་ཁུལ་གྱི་ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་ལས"མི་རིགས་མཐུན་སྒྲིལ་རྟགས་མའི"སྐོར་བྲོ་འཁྲབ་སྟོན་བྱེད་བཞིན་འདུག རྫོང་བཞིའི་འཐུས་ཚབ་རུ་ཁག་དང་ཁུལ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རུ་ཁག ཁུལ་སློབ་གསོ་དང་འཕྲོད་བསྟེན་ཁོངས་གཏོགས་ཀྱི་རུ་ཁག ད་དུང་མགོ་ལོག་ཁུལ་གྱི་འཐུས་ཚབ་རུ་ཁག་བཅས་རུ་ཁག་བདུན་གྱིས་ལུས་ཀྱི་རྩལ་དྲུག་གར་དུ་བསྒྱུར་ནས་ལུས་རྩལ་ར་བ་རུ་དགའ་སྤྲོའི་སྟངས་སྟབས་གཡོ་བར་བྱས།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། དེ་བཞིན་ཁུལ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད། གདན་ཞུས་ལྟར་ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་མགོ་ཁྲིད་སྐུ་མགྲོན་ཁག་གཅིག་གིས་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་བལྟས།

དགོང་མོའི་ཆུ་ཚོད6དང་སྐར་མ30སྟེང། ཁུལ་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་སྐྱ་དམག་ཉེན་རྟོག་རུ་འབྲིང་ནས་ཡོང་བའི་སྐྱ་དམག་ཉེན་རྟོག་པས་ལག་ཏུ་རྒྱལ་དར་རླུང་གིས་བསྐྱོད་པ་དང་བསྟུན་ནས་བང་རྩལ་འགྲན་ཏེ་དཔའ་ཉམས་དོད་ལ་རྔམ་བརྗིད་ལྡན་པའི་ཉམས་འགྱུར་མངོན་པ་དང་། རྟ་རྩལ་འཁྲབ་སྟོན་རུ་ཁག་གིས་སྐྱ་རྩལ་འཁྲབ་སྟོན་བྱས། 


འཇུ་རེས་རུ་ཁག་དང་ལྕགས་རྟ་རུ་ཁག རྔ་བཞོན་རུ་ཁག བོད་ལུག་དང་ནོར་དཀར་སོགས་འགྲེམས་སྟོན་རུ་ཁག་རེ་རེས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཕྱོགས་ཡོངས་ནས་གཏོད་པའི་འཕེལ་རིམ་ནང་ཤུགས་ཀྱིས་ཞུགས་པ་དང་འབད་བརྩོན་ཆེན་པོས་མདུན་བསྐྱོད་དང་མི་རྣམས་ལ་སྐུལ་མ་ཐེབས་འོས་པའི་གྲུབ་འབྲས་གང་ལེགས་ཀྱིས་མངོན།



དེའི་རྗེས་སྐོར་བྲོ་འགྲན་སྡུར་དངོས་སུ་མགོ་བརྩམས། འཁྲབ་སྟོན་པ་སྟོང་ཕྲག་མང་པོས་ལག་ཏུ་དྲི་མེད་ཁ་བཏགས་དཀར་པོ་བཟུང་ནས་ཞབས་བྲོ་འཁྲབ་པ་དང་མཛེས་སྡུག་ལྡན་པའི་ཞབས་བྲོའི་སྟངས་སྟབས་ཀྱིས་མི་རྣམས་ལ་མིག་རྒྱ་བསྐྱེད་དུ་བཅུག ལུས་རྩལ་ཐང་གི་ཞབས་བྲོ་འཁྲབ་མཁན་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ལྟད་མོ་བས་དགའ་བསུ་བར་མེད་བྱས་ནས་དེར་ཡོད་ཀྱི་མི་ཚང་མའི་གདོང་ལ་དགའ་སྤྲོ་དང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པས་ཁེངས།

ཛ་དྲག་གི་འཁྲབ་སྟོན་འགྲན་སྡུར་བྱས་པ་བརྒྱུད། རྐང་ཚ་རྫོང་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མདའ་བཞི་རྫོང་དང་མདོ་ལ་རྫོང་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ་ལ། འཇུ་ལག་རྫོང་དང་ཁུལ་སྲིད་ཁྲིམས་ཁོངས་གཏོགས། ཁུལ་སློབ་གསོ་དང་འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་གསུམ་པ་ཐོབ།