རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱིས་པའི་དབྱར་གནང་གུང་གསེང་སྐབས་ཀྱི་བདེ་འཇགས་ལ་གཅེས་སྐྱོང་གི་ཞབས་ཞུའི་བྱེད་སྒོ་སྤེལ།
发布时间:2025年08月07日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཉེ་ལམ། བྱར་གནང་སྐབས་སུ་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་གི་བྱ་བ་ལེགས་པོ་སྒྲུབ་ཆེད།རྒྱ་ཆེའི་ན་ཆུང་བྱིས་པ་རྣམས་ཀྱི་བསམ་བློར་སྣེ་ཁྲིད་ཡོད་པ་དང་། ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་ལྡན་པ བདེ་འཇགས་ལ་སྲུང་སྐྱོང་ཡོད་པ། དཀའ་ངལ་ལ་རོགས་འདེགས་བྱེད་པ་བཅས་ཀྱི་སྤྲོ་སྐྱིད་ལྡན་པའི་དབྱང་གནང་གི་གུང་གསེང་ཞིག་རོལ་པར། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འོམ་ཆུ་གྲོང་རྡལ་མཁར་བྱང་གཞིས་ཁུལ་དང་མཉམ་འབྲེལ་སྒོ “ན་ཆུང་བྱིས་པའི་བསམ་བློ་ཏང་ལ་ཕྱོགས་ཏེ ལག་གདང་སྦྲེལ་ནས་འཚར་ལོངས་འབྱུང་བར་གྲོགས་དན་བྱེདཅེས་པའི་དབྱར་གནང་གུང་གསེང་སྐབས་སུ་བྱིས་པར་གཅེས་སྐྱོང་གི་ཞབས་ཞུའི་བྱེད་སྒོ་སྤེལ་ནས “ཁོ་མོའི་སྟོབས་ཤུགས”སྤྱད་དེ་བྱིས་པ་ཚོའི་དབྱར་གནང་གུང་གསེང་སྐབས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་གཅེས་སེམས་བསྟན།   

图片

   བྱེད་སྒོའི་ཁྲོད རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒྲུབ་མི་སྣས་དང་གསོན་ཉམས་དོད་ལ་སྤྲོ་བ་ལྡན་པའི་བྱ་ཐབས་སྤྱད་དེ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། ཡུལ་དངོས་ཀྱིབྱིས་པ་ཚོར་ཆུར་བྱིང་སྔོན་འགོག་དང་ཁྱིམ་སྡོད་བདེ་འཇགས། གློག་སྤྱོད་བདེ་འཇགས། འགྲོ་འོང་འགྲིམ་འགྲུལ་བདེ་འཇགས། བྱིས་པ་བསླུ་འཚོང་འགོག་པ་དང་བརྙས་དམོད་སྔོན་འགོག་སོགས་ཀྱི་ནང་དོན་ཁྱབ་གདལ་གཏོང་ཆེད རང་སྲུང་བདེ་འཇགས་ཀྱི་སློབ་གསོ་གཅིག་སྡུད་ཐོག་སྤེལ་བ་དང་བྱིས་པ་རང་འགུལ་ངང་ཉེན་ཁ་དང་གཡོལ་བར་མཛུབ་ཁྲིད་གནང་བ།རང་སྐྱོབ་བྱེད་ཤེས་པ་སོགས་ཀྱི་བདེ་འཇགས་ཤེས་བྱ་སྤེལ།བྱིས་པ་ཚོས་ལག་པ་བཀྱག་ཏེ་དྲི་བར་དྲིས་ལན་འདེབས་པའི་རྣམ་པ་ཡིས་འབྲེལ་ཡོད་ཤེས་བྱ་བློ་ཡིད་དུ་ཆུམ་པར་བྱས། བུད་མེད་དང་བླངས་པ་དག་བདེ་འཇགས་ཤེས་བྱའི་འགྲེལ་བཤད་པ་བྱས་ཏེ་བྱིས་པར་བདེ་འཇགས་ཤེས་བྱའི་སྐོར་གྱི་ལེགས་སྐྱེས་ཕུལ་བ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》《ཆུའི་ནང་བྱིང་པར་སྔོན་འགོག་གི་བདེ་འཇགས་ལག་དེབསོགས་དྲིལ་བསྒྲགས་ལག་དེབ30ལྷག་ཙམ་སྤྲད་པ་རེད། བྱེད་སྒོའི་མཇུག་ཏུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་དངོས་ཀྱི་བྱིས་པར་ཡིག་ཆས་ཆ་ཚང་སོགས་འཚམས་འདྲི་ལེགས་སྐྱེས10ལྷག་བསྐྱལ་ནས ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་དང་ བྱིས་པའི་བསམ་ཕྱོགས་ཀྱི་སྐད་ཆ་ཉན་ཞིང་ བྱིས་པ་ཚོས་དབྱར་གནང་གུང་གསེང་སྐབས་སུ་ངེས་པར་བདེ་འཇགས་ལ་དོ་སྣང་དང་། ཉེན་ཁ་ཡོད་པའི་ཆུ་ཁོངས་དང་ཡུལ་གནས་སུ་མི་འགྲོ་བར། སྤྲོ་སྐྱིད་དང་བདེ་འཇགས།  དོན་སྙིང་ལྡན་པའི་གུང་གསེང་ཞིག་རོལ་པར་ནན་སྐུལ་བྱས།    

图片

   ད་ཐེངས་ཀྱི་བྱེད་སྒོ་ནི་བྱིས་པར་གཅེས་སྐྱོང་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་བྱིས་པ་བདེ་འཇགས་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་པའི་དངོས་ཡོདཀྱི་ལག་ལེན་ཞིག་ཡིན་ལ། ཤེས་བྱ་བརྒྱུད་སྤྲོད་ཀྱི་རྣམ་པ་ཡིས་བྱིས་པ་ཆུའི་ཉེན་ཁ་དང་གཡོལ་བའི་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”ཇེ་དམ་དུ་བཏང་བ་མ་ཟད།ཁོ་ཚོའི་བསམ་པའི་རིག་གནས་ཀྱི་འཚོ་བའང་ཕུན་སུམ་ཚོགས་སུ་བཏང་སྟེ། བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ཡོད།  རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་ཐོན་ཁུངས་སྡེབ་སྒྲིལ་བྱས་ཏེ་བྱིས་པའི་ལུས་སེམས་འཕེལ་རྒྱས་ལ་ཕན་པའི་བྱེད་སྒོ་སྔར་ལས་མང་པོ་སྤེལ་ནསམཉམ་དུ་གཞོན་ནུ་ལོ་ཆུང་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ