རྐང་ཚ་རྫོང་གིས་རྣམ་གྲངས་སྐུལ་འདེད་ཚོགས་འདུ་འཚོགས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྫོང་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད་དང་། གཙོ་གནད་རྣམ་གྲངས་སོ་སོ་འཆར་གཞི་ལྟར་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་པར། ཟླ8པའི་ཚེས6ཉིན་གྱི་སྔ་དྲོར།རྐང་ཚ་རྫོང་གིས་རྣམ་གྲངས་སྐུལ་འདེད་ཚོགས་འདུ་འཚོགས། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲང་ཆི་ཧྥེང་ཚོགས་འདུར་ཞུགས་ནས་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། རྫོང་སྲིད་གཞུང་གི་ཚན་ཁག་ཁོངས་མི་རིན་ཆེན་དང་ཉི་ཚེ་རིང་། ཚེ་དབང་བཅས་དང་།ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་སོ་སོ་དང་རྫོང་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་རྣམ་གྲངས་ལས་སྒྲུབ་པ་ཚོགས་འདུར་ཞུགས་ཡོད།
གྲོས་ཚོགས་སུ་རྫོང་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་།རྫོང་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་བབས་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ།གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དཀའ་གནད་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས།ཐེངས་རྗེས་མའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་འགྲུབ་པར་ཁག་ཐེག་བྱེད་རྒྱུ།
གྲོས་ཚོགས་སུ་མིག་སྔར་རྫོང་ཡོངས་ཀྱི་སྡེ་ཁག་སོ་སོས་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དུ།སྐུལ་འདེད་ཀྱི་ལས་ཆོད་མི་ཆེ་བ་དང་རང་རྟོགས་ཀྱིས་བྱ་བར་མི་བརྩོན་པ།མཐུན་སྦྱོར་གཞོགས་འདེགས་ཡག་པོ་མི་བྱེད་པ་སོགས་ཅུང་མངོན་གསལ་དོད་པོའི་གནད་དོན་གནས་ཡོད་པས། རྣམ་གྲངས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱ་རྒྱུ་སྔར་བཞིན་འདང་གི་མེད། རྣམ་གྲངས་བརྩོན་ལེན་དང་ཇུས་འགོད་བྱེད་པའི་ཐད“སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཡོངས་ཁྱབ་ཏུ་གནས་པ་དང་རྣམ་གྲངས་བརྩོན་ལེན་ནུས་ཤུགས་མི་འདང་བ།རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཞིབ་འཇུག་གཏིང་ཟབ་བྱས་མེད་པ་བཅས་སོ།།དུས་ཚིགས་གསུམ་ནི་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་འབེན་ལེགས་འགྲུབ་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་ལ། ཚོང་འགུགས་མ་འདྲེན་གྱི་འཁྲུག་ཆ་དོད་པོའི་དུས་སྐབས་ཀྱང་ཡིན་པས།རྫོང་ཡོངས་ཀྱི་གོང་འོག་ཚང་མས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཐད་སེམས་ཤུགས་ཡོད་རྒུ་འདོན་པ་དང་གཙོ་གནད་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་གལ་ཆེན་དུ་བརྩིས་ཏེ།རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་ནས།ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་གྱི་ལས་དོན་ལེགས་པོར་བསྒྲུབ་སྟེ།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པར་ཁག་ཐེག་བྱེད་དགོས་པ་བསྟན་ཡོད།
གྲོས་ཚོགས་སུ་ད་དུང་རྫོང་ཡོངས་ཀྱི་ཞིང་སྡེ་ཐུན་མོང་གི“མ་དངུལ་གསུམ”དོ་དམ་དང་གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་གྱི་གནད་དོན་འབུར་ཐོན་ཆེད་དམིགས་ལེགས་བཅོས་ལས་དོན་ཕྱོགས་དང་།ཚོགས་འདུར་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་།འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་བྱ་བའི་ལས་འགན་སླར་ཡང་དོན་ཐོག་ཏུ་འཁྱོལ་བ།ཏན་ཏིག་གིས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་སྟེ།གཅིག་སྡུད་ལེགས་བཅོས་དེ་གཙོ་བོར་བཟུང་ནས་ལས་དོན་གྱི་བྱེད་ཐབས་ལ་ཤུགས་བསྣན་ཏེ།གཅིག་བསྡུས་ཀྱིས་ལེགས་བཅོས་བྱ་རྒྱུར་དམ་འཛིན་ལེགས་པོ་བྱས་ནས།ཆེད་དམིགས་ལེགས་བཅོས་ལས་དོན་ཐད་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།