ཤ་བོ་སྐྱབས་ཀྱིས་ཞུ་ཉན་གཤམ་བསྐྱོད་ཀྱི་བྱ་བ་སྤེལ་སྐབས་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་འོས་འཚམ་བྱེད་དགོས་པ་ནན་གྱིས་བསྟན།
发布时间:2025年08月14日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ8པའི་ཚེས་8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཞུ་ཉན་གཤམ་བསྐྱོད་ཀྱི་བྱ་བ་སྤེལ་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་འོས་འཚམ་བྱས་ཏེ་ཡིག་བསྐུར་ངོ་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་སྒྱུར་ནས་ཡིག་སྐུར་ངོ་བཅར་གྱི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།   

图片

ཁུལ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་སྣེ་ལེན་ཁང་དུ་ཤ་བོ་སྐྱབས་ཀྱིས་ཡིག་བསྐུར་ངོ་བཅར་བྱེད་མཁན་གྱིས་བཏོན་པའི་གནད་དོན་དང་རེ་ཞུར་ནན་ཏན་ངང་ཉན་པ་དང་། གནད་དོན་གྱི་སྔ་རྐྱེན་ཕྱི་འབྱུང་དང་། ཐག་གཅོད་ཀྱི་འཕེལ་རིམ་དང་དཀའ་གནད་འགག་གནད་བཅས་འདྲི་རྩད་ཞིབ་ཕྲ་བྱས་ཏེ། ངོ་བཅར་ཡོང་མཁན་གྱི་མང་ཚོགས་དང་འབྲེལ་ཡོད་སྡེ་ཁག་དང་ཁོངས་གཏོགས་ས་ཆའི་འགན་འཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་ཐག་གཅོད་བྱ་ཐབས་ཞིབ་འཇུག་བྱས་ནས་སྒྲུབ་གཉེར་བསམ་འཆར་བཏོན་པ་དང་བྱ་བའི་འགན་འཁྲི་ཁ་གསལ་བཟོས་པར་མ་ཟད། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་ཅིང་།   ཁོངས་གཏོགས་ས་ཆའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་ཞིབ་འཇུག་ནན་ཏན་བྱེད་དགོས་པ་དང་མགྱོགས་མྱུར་སྒྲུབ་གཉེར། སྐུལ་འདེད་ཤུགས་སྣོན། དུས་ཐོག་ཚུར་ལན་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པ་དང་། ཆབས་ཅིག་ཟུར་བསྟན་རིལ་མཐོང་རྒྱུན་འཁྱོངས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་འཚོའི་བྱ་བ་དངོས་ཡག་པོར་བསྒྲུབ་རྒྱུར་ཤུགས་སྣོན་དགོས་པའི་བླང་བྱ་བཏོན།

图片

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཡིག་བསྐུར་ངོ་བཅར་བྱ་བ་ནི་སྒོ་རྩར་སྐྱེལ་བའི་མང་ཚོགས་ཀྱི་བྱ་བ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ<<ཡིག་བསྐུར་ངོ་བཅར་བྱ་བའི་སྲོལ་ཡིག>>ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཡིག་བསྐུར་ངོ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ། ཕན་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། དུས་རབས་གསར་བའི"ཧྥེང་ཆའོ་ཉམས་མྱོང"རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། རྩ་བ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། "སྒོ་རྩར་སྐྱེལ་བའི་མང་ཚོགས་ཀྱི་བྱ་བ"ཏན་ཏིག་དང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། ཡིག་བསྐུར་ངོ་བཅར་བྱ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས"གཞི་རིམ་དུ་བསྐྱོད་པ་བཞི"ཡི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། "ཆུང་བ་དྲུག"གི་བྱ་བའི་བྱེད་ཐབས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ། ཞུ་ཉན་གཤམ་བསྐྱོད་ཀྱི་བྱ་བ་རྒྱུན་ལྡན་ཅན་དུ་སྤེལ་ཏེ། ཡིག་བསྐུར་ངོ་བཅར་གྱི་ཐབས་ལམ་སྔར་ལས་ཤར་གཏོང་བྱེད་པ་དང་། འགལ་བ་དང་རྩོད་གཞི་གཅིག་སྡུད་ཆེ་ཤོས་ཀྱི་ས་གནས་སུ་སོང་ནས་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་འགལ་བ་འདུམ་ཐབས་བྱས་ཏེ། དམངས་འཚོའི་རེ་འདུན་དང་དོན་དངོས། ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབུར་ཐོན་དག་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་པ་དང། འགལ་བ་གཞི་རིམ་ནས་ཐག་གཅོད་དང་མགོ་མ་ནས་སེལ་བར་ཧུར་བརྩོན་བྱེད་དགོས་ཟེར། 

图片

དེའི་རྗེས། ཤ་བོ་སྐྱབས་ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ་སྣེ་ལེན་ཚོམས་ཆེན་གྱི་ལས་སྒྲུབ་མི་སྣ་དང་བརྗེ་རེས་གཏིང་ཟབ་གནང་བ་དང་། མང་ཚོགས་ཀྱི་རེ་ཞུ་བདག་སྤྲོད་བརྒྱུད་རིམ་དང་གྱོད་གཞི་སྒྲུབ་པའི་ལས་ཕྱོད་དང་དེ་བཞིན་བློ་ཡིད་ཚིམ་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། "གཅིག་འཐུས་རྣམ་པའི་བདག་སྤྲོད་དང་སྡེབ་གཅིག་ཏུ་ལེགས་སྒྲིག་ཐག་གཅོད། སྦྲེལ་ཐག་ཧྲིལ་པོ་ཐག་གཅོད"བཅས་ལ་དམིགས་ནས་འཁོར་སྐྱོད་ལམ་སྲོལ་དང་འཁོར་སྐྱོད་གོ་རིམ་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང་། ཞབས་ཞུའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། བྱ་བར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ། བྱ་བ་བཟང་པོ་ལེགས་པར་སྒྲུབ་པ་དང་བྱ་བ་དངོས་ཏན་ཏིག་སྒྲུབ་པ། སྒྲུབ་དཀའ་བའི་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་ཞབས་ཞུའི་ལྟེ་གནས་དེ་ཐོན་ཁུངས་བཀོད་གཏོང་བྱེད་པའི་ལས་སྟེགས་གཙོ་བོ་དང་ཉེན་ཁ་བཀག་སྡོམ་བྱེད་པའི་གཡུལ་ས་གཙོ་བོ།   མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒེའུ་ཁུང་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་ཞུགས།