ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་སྤྱོད་ཚུལ་བཟང་བོར་བརྟེན་ནས་གཙོ་གནད་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
发布时间:2025年08月22日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ8པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མགོ་ཁྲིད་ལས་བྱེད་པའི‘1+10’གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང"4+1+N"འགན་གཙང་ལེན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱེད་པར་དམིགས་ནས་རྐང་ཚ་རྫོང་དུ་བསྐྱོད་དེ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་དགོསཔའི་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་གཙོ་གནད་བྱ་བ་སོ་སོ་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་དགོས་ཟེར།

图片

འོམ་ཆུ་གྲོང་རྡལ་དུ་ཤ་བོ་སྐྱབས་དང་རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་བརྗེ་རེས་བཞུགས་མོལ་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་འདང་ས་དང་ཞན་ཆ་འཚོལ་བ། ལེགས་བཅོས་བྱེད་ཐབས་ཞིབ་འཇུག་བཅས་བྱས་ཏེ་སློབ་ཁྲིད་སློབ་ཚན་དང་རྨང་གཞིའི་སྒྲིག་བཀོད། དགེ་རྒན་གྱི་སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས། སྔར་ལས་གནས་སོན་ལྔའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་གསེབ་དར་སྤེལ་དང“མ་དངུལ་དང་རྒྱུ་ནོར། ཐོན་ཁུངས”དོ་དམ། རྒན་གསོའི་ཞབས་ཞུ་སོགས་ལ་དམིགས་ཏེ་མངོན་གསལ་དོད་པའི་གནད་དོན་ཡང་དག་བཙལ་ནས་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གཅིག་བསྡུས་བཅོས་སྒྲིག་བྱ་བར་སྐུལ་འདེད་གཏོང་དགོས། གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས“ལྟེ་བ་གཅིག་དང་རུ་ཁག་ལྔས་དར་སྤེལ་ལ་སྐུལ་འདེད་གཏོང་བ”དང“ཁང་གཉིས་ལས་སྟེགས་གཅིག”སོགས་གཞི་རྟེན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱེད་ཐབས་མང་པོ་མཉམ་སྤེལ་བྱས་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་གཡུལ་ས་ལེགས་པོར་བསྐྲུན་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཆོས་ལུགས་དགོན་པའི་དོ་དམ་ལ་ཤུགས་བསྣན་ནས་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཆུ་མཛོད་དང་མེ་འཁོར་ས་ཚིགས། གནམ་ཐང་འཛུགས་སྐྲུན། དེ་བཞིན་དམའ་དབྱིངས་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ནས་གཙོ་གནད་ལས་གཞིར་འཆར་འགོད་བྱས་ཏེ་སྔོན་ཐོན་གྱི་བསམ་གཞིགས་ལ་བརྟེན་ནས“ལྔ་བཅོ་ལྔའི”འཆར་འགོད་ཡག་པོ་བྱེད་དགོས། བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གདང་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བཅོས་སྒྱུར་གྱི་ཉམས་མྱོང་སྔར་ལས་མང་བ་མུ་མཐུད་འཚོལ་ཞིབ་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཛིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་བཙོག་ཆུ་ཐིགས་པ་གཅིག་ཀྱང་མཚོ་སྔོན་པོར་མི་བཞུར་པ་དང་གད་སྙིགས་དུམ་བུ་གཅིག་ཀྱང་མཚོ་སྔོན་པོར་མི་གཡེང་པར་བྱེད་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་བདེ་སྐྱིད་ཟ་ཁང་གི་ཚད་གཞི་ཇེ་མཐོར་བཏང་ནས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སློབ་གྲྭ་དང་འཕྲོད་བསྟེན་ཁང་ཡག་པོར་གཉེར་བ། སློབ་གསོ་དང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། མ་མཐའི་མཚམས་ཐིག་གི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་བཙུགས་ནས་ཆུ་ལོག་སྔོན་འགོག་བྱེད་ཐབས་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཟེར། 

图片
མཚོ་སྔོན་གྱི་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་སུ་ཤ་བོ་སྐྱབས་པའེ་དབྱིན་སྒོ་རྩིས་ཚོང་ཁང་དང་བློ་གྲོས་ཕྱུགས་ལས་གཞི་གྲངས་ཆེན་མོའི་ལྟེ་གནས། ཁྱད་ལྡན་ཐོན་ལས་རིག་གནས་འགྲེམས་སྟོན་ཁང་བཅས་སུ་བསྐྱོད་དེ་ཚོང་རའི་གཉེར་སྐྱོང་དང་གཞི་གྲངས་ཆེན་མོའི་ལས་སྟེགས་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་གྲོང་གསེབ་ཐོན་ལས་དར་སྤེལ་ཡོང་བར་སྒུལ་ཤུགས་ཆེན་པོ་འདོན་དགོས། བློ་གྲོས་ཕྱུགས་ལས་གཞི་གྲངས་ཆེན་མོའི་ལས་སྟེགས་ཀྱི་བྱེད་ནུས་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་ནོར་ལུག་ཕྱིར་གཏོང་དང་རྩྭ་ཕྱུགས་དོ་མཉམ། གསོ་སྤེལ་ཁུངས་འདེད་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། “རྐང་ཚའི་མཚོ་སྔོན་པོའི་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོའི་བོད་ལུག”གི་ཆས་རྟགས་རྒྱུན་མཐུད་ངང་གཏོད་དགོས། ཁྱད་ལྡན་ཐོན་ལས་རིག་གནས་འགྲེམས་ཁང་གི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་ཐོན་ཁུངས་ཀྱི་ལེགས་ཆ་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ་རྐང་ཚའི་ལོ་རྒྱུས་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་པའི་རྟེན་མཛོད་ཁང་ཞིག་བསྐྲུན་དགོས་ཟེར།
图片

མཚོ་སྔོན་པོ་རྒྱས་ནས་ཆུས་བསྣུབས་པའི་རོང་འབྲོག་པའི་སྡོད་ཁང་གནས་སྤོ་ལེགས་བཅོས་བཟོ་སྐྲུན་ལས་གཞི་དང་འོམ་ཆུ་གྲོང་རྡལ་བྲག་དམར་སྡེ་བའི་ཡུལ་སྲོལ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་གཞི་ཨར་ལས་བྱ་ཡུལ་དུ་ཤ་བོ་སྐྱབས་ཀྱིས་སྙན་ཞུར་ཉན་པ་དང་ཡུལ་དངོས་ལ་ལྟ་བ།   འཕེལ་རིམ་འདྲི་བ། ལས་གཞི་འཆར་འགོད། ལས་ཡུན་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། གནས་སྤོ་བྱེད་པའི་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ནས་ཨར་ལས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། གནས་སྤོ་བཀོད་སྒྲིག་བྱ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བློ་བདེ་བཟོ་སྐྲུན་ལེགས་པོ་བསྐྲུན་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་རྒྱུན་མཐུད་སྒོས་ལས་གཞི་བྱ་ཡུལ་འདེམས་པར་ཤུགས་སྣོན་པ་དང་།   ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ཁྱབ་ཚུལ་འཆར་འགོད། ཐབས་བརྒྱ་ཇུས་སྟོང་གིས་བྲག་དམར་སྡེ་བའི་ཡུལ་སྲོལ་རིག་གནས་ཡུལ་སྐོར་གྱི་ལས་གཞི་བེད་སྤྱོད་ཡག་པོ་བྱས་ནས་ལས་གཞིས་ཕན་འབྲས་འདོན་སྤེལ་བྱེད་པར་འགན་ལེན་བྱེད་དགོས་ཟེར།   

图片

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲིན་དང་། ལུང་དབྱང་ཧྲིན། རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་བྱས།