རྐང་ཚ་རྫོང་གི་ཁའོ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་འགན་འཁུར་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་དངོས་སུ་འགོ་ཚུགས།
发布时间:2025年08月25日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

     ཟླ8པའི་ཚེས19ཉིན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།ཕྱོགས་ཡོངས་ནས་གསར་དུ་འགན་བཞེས་པའི་ཁའོ་རིམ་པའི་གོ་ཁྲིད་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་འགན་འཁྲིའི་ནུས་པ་ཇེ་མཐོར་གཏོང་ཆེད།རྐང་ཚ་རྫོང་གི་ཁའོ་རིམ་པའི་གོ་ཁྲིད་ལས་བྱེད་པའི་འགན་འཁུར་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་དངོས་སུ་འགོ་ཚུགས།རྫོང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་གོ་ཚུགས་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་བ་དང་།རྫོང་ཡོངས་ཀྱི་གསར་བསྐོསའགན་རིམ་ཚུད་པཁའོ་རིམ་པའི་མགོ་ཁྲིད་ལས་བྱེད་པ30གསོ་སྦྱོང་དུ་ཞུགས་ཡོད།

图片

    གྲོས་ཚོགས་སྟེང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད། གསར་དུ་འགན་བཞེས་པའི་ཁའོ་རིམ་པའི་གོ་ཁྲིད་ལས་བྱེད་པས་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཐེངས་འདིར་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་ནི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གསོ་སྦྱོང་དུ་ཞུགས་པའི་སློབ་མས་སློབ་སྦྱོང་བྱེད་ཐབས་ལ་དོ་སྣང་བྱས་ཏེ“བུམ་པ་གང་བྱོདངའཇོན་ཞན་འཇིགས་སྣང”“སྒྲིག་ཁྲིམས་ཀྱི་མཐའ་མཚམསབཅས་འཁྱེར་ནས་གསོ་སྦྱོང་དུ་ཞུགས་ཏེ། དངོས་ཡོད་ཀྱི་ཕན་འབྲས་ཐོ་པཁག་ཐེག་བྱེད་དགོས་ཞེས་བསྟན།

图片

   ཐེངས་འདིའི་གསོ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིགཀློག་འགྲེལཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོནསོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ། “དྲ་ཐོག་དང་དྲ་ཕྱིཡི་སློབ་ཁྲིད་བྱེད་སྟངས་སྤྱད་ནས།ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་སློབ་ཁྲིད།གྲོས་བསྡུར་སྤེལ་རེས་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ་གསོ་སྦྱོང་བྱས་པ་དང་སློབ་མས་རིགས་གཞུང་གི་ཤེས་བྱ་འགན་འཁྲི་སྒྲུབ་པའི་ནུས་པ་རུ་བསྒྱུར་བར་ཁྲིད་སྟོན་བྱ་རྒྱུ

     སློབ་མ་ཚོས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཐུབ་པ་ནི་གཟི་བརྗིད་ལྡན་པ་དང་ཆབས་ཅིག་ཏུ་འགན་འཁྲི་གལ་ཆེན་གྱི་ཡང་སྙིང་རྟོགས་ཡོད།གཟའ་འཁོར་གཉིས་ཀྱི་དུས་ཚོད་ནང་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ་སྤྲོ་སེམས་ཆེན་པོ་དང་གཟབ་ནན་སྒོས་སེམས་ཤུགས་ཡོད་ཚད་སློབ་སྦྱོང་ལ་འབད་པ་དང་། གསོ་སྦྱོང་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱས་ཏེ། སླབ་ཚན་ཡོངས་ལ་ནན་ཏན་གྱིས་ཉནཔ།  ཧུར་ཐག་གིས་བསླབ་ཚན་མཉམ་སྦྱོང་དང་གྲོས་བསྡུར་སྤེལ་རེས་སུ་ཞུགས་ཏེ བསླབ་ལ་བསམ་གཞིགས་མངའ་བ་དང་ཤེས་རྟོགས་འཕེལ་ གྲུབ་འབྲས་ཐོབ་པ་བཅས་ཡོང་བར་འབད་བརྩོན་བྱེད་དགོས། ཕྱིར་ལས་གནས་སུ་ལོག་རྗེས། སྦྱངས་པའི་ཤེས་བྱ་དོན་དངོས་ཀྱི་ཁྲོད་དུ་བེད་སྤྱོད་གང་ལེགས་བྱས་ཏེ། རང་གི་ལས་གནས་ལ་གཞི་ཚུགས་ནས རྐང་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་དང་སྤྱི་ཚོགས་བརྟན་འཇགས་སོགས་བྱ་གཞག་སྣ་ཚོགས་་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་དབུལ་དགོས