ལས་རོགས་ཉེན་རྟོག་པ་སྐལ་བཟང་ཉི་མ་ཀྲུང་གོའི་མི་བཟང་དཔེ་སྟོན་མིང་ཐོ་རུ་ཚུད།
发布时间:2025年09月05日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ8པའིཚེས27ཉིན 2025ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཁྱབ་བསྒྲགས་མཛད་སྒོ་ཐེངས་གཉིས་པ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་དང་ཡུལ་དངོས་སུཁ་བརྡ་བརྗེ་སྤེལ་གྱི་བྱེད་སྒོ་དེ་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་་རྫོང་སྤྱི་བདེ་ཅུབདེ་སྲུང་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་སྐལ་བཟང་ཉི་མ་ལ2025ལོའི“ཀྲུང་གོའི་མི་བཟང་དཔེ་སྟོན་མིང་ཐོ”ཐེངས་གཉིས་པའི་བདེན་དྲང་དཔའ་འཛངས་ཅན་གྱི་མིང་ཐོའི་ནང་གཟི་བརྗིད་ལྡན་པའི་ངང་ཚུད་ཡོད། 


   གངས་འཁྱགས་ཀྱིགྲང་རླུང་ཤུར་ཤུར་ལྡང་པའི་མཚན་མོའི་འགྲུལ་ལམ་ཁྲོད་ཁོངརང་གཅིག་པུས་མི་གསུམ་བསྐྱབས་པ།  

     2024ལོའི་ཟླ2པའི་ཚེས8ཉིན། སྐལ་བཟང་ཉི་མས་རླངས་འཁོར་དུ་ཕ་མ་བུ་ཕྲུག་དང་བཟའ་ཟླ། གཅེནཔོ་བཅས་བཟུང་སྟེ་རྒྱལ་ལམ109བརྒྱུད་ནས་ཨ་ཆེན་གངས་རྒྱབ་ལམ་ཐིག་གི་སྐྱོག་མཚམས་སུ་འགུགསྐབས། རླངས་འཁོར་ཞིག་འགྲིལ་ཏེ་འགག་རོང་ཞབས་ཀྱི་ཆུ་ནང་དུ་ལྷུང་པ་དང་འཕྲད། སྐལ་བཟང་ཉི་མ་གང་མྱུར་གྱིས་རླངས་འཁོར་ལསསར་བབས་ཏེ་འཁྱགས་རོམ་ཆགས་པའི་རི་གཟར་ལས་གོག་མ་ནུར་གྱིས་མར་འདྲེད། ཆུ་ནང་དུ་བྱིང་བའི་རླངས་འཁོར་ལ་ཆག་སྐྱོན་ངེས་ཅན་ཤོར་ཡོད་པ་མ་ཟད་དུ་བ་དཀར་པོ་ཞིག་དལ་གྱིས་འཕྱུར་བྱུང་། ཁ་ལོ་བའི་གདོང་ཡོངས་ཁྲག་གིས་བརྫིསཤིང་། གྲལ་རྒྱབ་ཀྱི་མི་གཉིས་དབང་མེད་དུ་རྒྱལ་འདུག སྐལ་བཟང་ཉི་མས་ནུས་ཤུགས་གང་ཡོད་ཀྱིས་ཆག་སྐྱོན་ཤོར་བའི་རླངས་འཁོར་གྱི་སྒོ་ཕྱེ་སྐབས་གས་ཧྲུག་ཏུ་གྱུར་བའི་ཤེལ་ཆག་གིས་ལག་པ་རྨས་བྱུང་།   “ང་ལ་དམ་པོར་འཇུ་རོགས།” ཁོས་རྨས་སྐྱོན་ཤོར་བའི་རླངས་འཁོར་ཁ་ལོ་པ་སྒོར་འཐེན་རྗེས། ཁོས་ཁོའི་ཨ་ཕ་དང་གཅེན་པོ་གཉིས་དང་མཉམ་དུ་སྐ་རགས་སྐེད་པར་དཀྲིས་ཏེ་གངས་རྫབ་ཁྲོད་ཟུག་པའི་རྨས་མ་གཞན་གཉིས་ཤེད་ཤུགས་གང་ཡོད་ཀྱིས་ཡར་འཐེན་ཏེ་བསྐྱབས། 

   གངས་འཁྱགས་ཁྲོདདུ་ཚེ་སྲོག་ལ་དབུགས་རྔ་སྩོལ་པའི་ཁུརཕྲག་ཏུ་བླངས་པ།

   “ཉེ་ཤོས་ཀྱི་སྨན་ཁང་ནི་ན་གོར་མོ་གྲོང་ཁྱེར་དུ་ཡོད་ཅིང་ཡུལ་དེ་ལས་སྤྱི་ལེ500ལྷག་ཙམ་གྱི་སར་ཡོད མ་གཞི་རྨས་་མི3ཡོད་ཅིང་རང་ཉིད་ཀྱི་རླངས་འཁོར་དུ་ནང་མིས་ཁེངས་ཡོད་པར། སྐལ་བཟང་ཉི་མས་ཆུང་མའི་པང་དུ་འཁུམ་ཉལ་བྱས་པའི་ལོ་གཉིས་ཅན་གྱི་བྱིས་པར་བལྟ་ཙམ་བྱས་རྗེས་ཆུང་མ་དང་བྱིས་པ་མཚོ་འཕགས་སྨི4700ཡོད་པའི་ཐང་སྟོང་དུ་བསྐྱུར་ཏེ། རང་ཉིད་ཀྱིས་རྨས་མ་གསུམ་པོ་ཐག་ཉེ་ཤོས་ཀྱི་སྨན་ཁང་དུ་སྐྱེལ་རྒྱུའི་སེམས་ཐག་བཅད ཆུང་མས་ཆུ་དྲོད་འཇམ་དུ་གྱུར་པའི་ཚ་དེམ་ཁོའི་ལག་ཏུ་གཏད་ཞོར། བྱིས་པ་ངེད་གཉིས་ཀྱིས་འདིར་ཁྱོད་བསྒུག་འོང་།  ཁྱོད་ཀྱི་ལམ་བར་དུ་སེམས་ཆུང་བྱོས་ཞེས་ཚིག་རྔ་མ་མ་འཕྲོས་སྔོན། སྐལ་བཟང་ཉི་མའི་རླངས་འཁོར་གངས་རླུང་ཁྲོད་མགྱོགས་མྱུར་གྱིས་བརྒྱུགས་སོང་།   

   རྨས་མ་ཚ་དྲོད་མི་ཉམས་པར་སྔོན་འགོག་བྱ་ཆེད། སྐལ་བཟང་ཉི་མས་ཉེན་རྟོག་པའི་ལྭ་རིང་ཕུད་དེ་རྨས་མར་བཀབ ཁོས་མདུན་ཐད་དུ་དམིགས་པ་རྩེ་གཅིག་ཏུ་གཏད་ཆེད། ཆུ་འཁྱགས་ཀྱིས་ངོ་གདོང་ལ་བསིལ་བསིལ་བྱས། 

    ལག་ཁྱེར་ཁ་པར་བརྡ་རྟགས་ཡོད་པའི་ས་ཆར་སླེབས་སྐབས སྐལ་བཟང་ཉི་མས་ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ཁ་པར་བཏང་སྟེ། “རྨས་སྐྱོན་ཕོག་པའི་མི་གསུམ་ཡོད། ཁྱེད་ཚོས་མྱུར་དུ་གྲ་སྒྲིག་ལེགས་པོ་བྱེད་རོགས།ཞེས་བཤད་བྱུང་། སྐལ་བཟང་ཉི་མར་རོགས་འདེགས་སུ་སླེབས་པའི་མྱུར་སྐྱོབ་རླངས་འཁོར་དང་འཕྲད་སྐབས། ཁོའི་རླངས་འཁོར་གྱི་དཔྱད་ཆས་སུ་ཆུ་ཚོད9ཡི་རིང་སྤྱི་ལེ538ལ་ངལ་མ་གསོས་པར་རླངས་འཁོར་བསྐོར་ཡོད་པ་མངོན་འདུག 

   བུ་འཛངས་ཁོང་འགྲོ་ཁར་རང་མིང་ཙམ་ཡང་གླེང་མེད་ཚུལ།

   རྨས་སྐྱོན་སངས་དྲག་ཏུ་ཕྱིན་པའི་ཁྱིམ་ཚང་གིས་མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་མཁོ་འདོན་བྱས་པའི་རླངས་འཁོར་ཨང་རྟགས་ཆ་འཕྲིན་དང་ལམ་འགྲམ་ལྟ་སྐུལ་ཚོད་འཛིན་བརྙན་མིག་བརྒྱུད། མཐར2024ལོའི་ཟླ10པའི་ཚེས21ཉིན་བཀའ་དྲིན་ཅན་སྐལ་བཟང་ཉི་མ་དང་དངོས་སུ་འཕྲད་བྱུང་།   

   ཁོ་ཚོས་ལག་ཏུ“མིང་མེད་དཔའ་བོ་འཚོལ་”ཞེས་བྲིས་པའི་དཔའ་དར་འཕྱར་ཏེརྐང་ཚ་རྫོངསྤྱི་བདེ་ཅུ་རུསླེབས་དུས སྐལ་བཟང་ཉི་མས་རྩྭ་སའི་གྱོད་དོན་ཞིག་ལ་འདུམ་འགྲིག་བྱེད་པའི་སྐབས་དང་ཁེལ།  

   ཁོ་ཚོས་སེམས་འགུལ་ཆེན་པོས་ངང་རླངས་འཁོར་དོན་རྐྱེན་བྱུང་དུས་ཀྱི་རླངས་འཁོར་ཟིན་ཐོ་འགོད་ཆས་ཀྱི་བརྙན་ལ་བལྟ་ཞོར། དེར་ཡོད་ཀྱི་མིར་སྐལ་བཟང་ཉི་མས་ཁོ་ཚོ་མྱུར་སྐྱོབ་བྱེད་པའི་སྐབས་ཀྱི་སྣང་ཚུལ་བཤད་དེ། དབང་མེད་དུ་མིག་ཆུ་བཞུར་བྱུང་། སྐལ་བཟང་ཉི་མ་ཡིསསྐབས་དེ་འདྲའི་གནས་ཚུལ་འོག ང་ཚོའི་མཐོ་སྒང་གི་མིས་ཤི་གསོན་གྱི་སྔུན་དུ་ཚེ་སྲོག་ལ་ཡང་བསྐྱར་འོད་སྣང་བསྩལ་པར་རེ་ཆེ་ཞིང་དེ་འདྲར་མི་སུ་ཡིན་ཡང་བསྐྱབ་ངེས་རེད”ཅེས་བཤད་བྱུང་།