རྐང་ཚ་རྫོང་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་ལོ་གསུམ་གྱི་ལས་འགུལ་གཟའ་འཁོར་རེར་སྤེལ་བ།
发布时间:2025年09月16日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཧུར་ཐག་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་ལོ་གསུམ་གྱི་ལས་འགུལ་བཀོད་སྒྲིག་གི་བླང་བྱ་དང་ལེན་བྱ་ཆེད།ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ནསགོ་བརྩམས་ཏེ།གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་དང་བྱ་བའི་གཙོ་གནད་ལ་དམ་པོར་དམིགས་པ།བྱ་བའི་འགན་འཁྲི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེཏན་ཏིག་སྒོས་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དོན་སྤེལ། 

图片

    རྫོང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་མུ་མཐུད་དུ་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལས་དོནསྤེལ་ཏེབརྡ་ཁྱབ་ཆུང་ངུ་དང་དངོས་རྫས་རྩག་རྩིག་གང་བྱུང་དུ་སྤུངས་་དང་གང་འདོད་ལྟརའཇོག་40བཅོས་སྐྱོང་བྱས་པ་དང་།སྤྱི་པའི་ས་ཁོངས་དང་བགྲོད་ལམ་གཙོ་གནད་ལ་དམིགས་ཏེ་རིགས་མི་འདྲ་བའི་གད་སྙིགས་དང་རྩྭ་ལྡུམ་ཤོཚུན58གཙང་སེལ་དང་ལྗང་ར་ཏུན8འབྲེག་བཅོས་བྱས།ཤར་སྲང་ཆེན་མོ་སོགས་ལམ་དུམ་གྱི་གློག་ཚད་འཇལ་ཆས་སྒམ་ཟྭ60གཙང་བཤེར་བྱས་པ་དང་འཕན་པོ་ལམ་སོགས་ལམ་དུམ་ཞིག་རལ་དུ་གྱུར་བའི་ལམ་ངོས་སྨི་གྲུ་བཞི་མ26ཙམ་ཉམས་གསོ་བྱས་ལ། གད་སྙིགས་ཁང1ཞིག་གསོ་བྱ།རྒྱུན་རྣམ་ཅན་གྱི་གད་སྙིགས་རིགས་དབྱེ་ཤེས་བྱ་དྲིལ་བསྒྲགས་བྱས་དང་ཁེ་ལས་དང་བྱ་གཞག་སྡེ་ཁག་གིས་གད་སྙིགས་རིགས་དབྱེ་ཚད་ལྡན་མིན་པར་འཇོག་པའི་བྱ་སྤྱོད2ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་།འཚོ་བའི་གད་སྙིགས་ཏུན111.06གཙང་འདྲེན་བྱས་པ་དང་ས་གནས་གཞན་དུ་འཚོ་བའི་གད་སྙིགས་ཏུན207.62བརྒྱུད་འདྲེན་ཐག་གཅོད་བྱས། 

图片

   འོམ་ཆུ་གྲོང་རྡལ་གྱིས་ལས་བཟོ་བ་རྩ་འཛུགས་བྱས་ནས་སྡེ་བ་སོ་སོར་བསྐྱོད་དེདངོས་སུ་རྟོག་ཞིབ་བྱ་པ་མ་ཟདལྗང་མདོག་སྐར་གསོགབརྗེ་རེས་ཁྱབ་གདལ་བྱེད་སྒོར་མཛུབ་ཁྲིད་བྱས། ཡུལ་དངོས་སུབཏུས་པའི་གད་སྙིགས་སྐར་གསོག་ལ་བརྗེ་པའི”ལག་ལེན་གྲུབ་འབྲས་ལ་ཞིབ་བཤེར་དཔྱད་དཔོག་བྱས་པ་དང་། ལས་བཟོ་བ་རྩ་འཛུགས་བྱས་ཏེ་གད་སྙིགས་ཏུན6.7གཙང་བཤེར་བྱས་ནས་སྐར་གསོག6700ལ་བརྗེ།གྲོང་རྡལ་ཁྲིམས་འཛིན་རུ་ཁག་ལ་མཉམ་འབྲེལ་སྒོས་སྒྲིག་སྲོལ་དང་འགལ་བའི་འཛུགས་སྐྲུན18བཤིག 

图片

    རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའི་ཁྲིམས་འཛིན་མི་སྣས“སྒོ་མདུན་གྱི་འགན་ལེན་གསུམ”བཙོག་ཟིང་ཞན་པ་དང་བགྲོད་ལམ་བཟུང་བའི་ལས་གཉེར་སོགས་ཀྱི་བྱ་སྤྱོད་སྤེལ་མཁན་གྱི་ཚོང་པ132ལེགས་བཅོས་བྱེད་པར་ལྟ་སྐུལ་བྱས་པ་དང་། སྐོར་སྐྱོད་བཤམས་ཚོང35འབྲལ་དགོས་པའི་སློབ་གསོ་བཏང་། རླངས་འཁོར་གང་བྱུང་གང་འདོད་ལྟར་བཞག་པ106བཅོས་སྒྲིག་བྱས་ཤིང་། ཁེ་ལས་དང་བྱ་གཞག་སྡེ་ཁག་གིས་ཁོར་ཡུག་འཕྲོད་བསྟེན24ལ་བཅོས་སྐྱོང་བྱེད་པར་སྐུལ་མ་བཏང་། སྒེར་གྱིས་གང་བྱུང་དུ་བསྐྲུན་པའི་གནས11བཤིག་པ་དང་། ཨར་ལས་འཛུགས་སྐྲུན་གྱི་ཁོར་ཡུག་འཕྲོད་བསྟེན16ཚད་ལྡན་དུ་གཏོང་བ་བཅས་ཀྱི་ལས་དོན་བསྒྲུབས། 

图片

    རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ལས་བཟོ་བ་རྩ་འཛུགས་བྱས་ནས་ཁོར་ཡུག་འཕྲོད་བསྟེནགཙང་སེལ་ཐེངས4སྤེལ་བ་དང་།བཙོག་རྙོག་ཁེགས་ཟུར10གཙང་སེལ་བྱས་པ་དང་གད་སྙིགས་ཏུན0.02གཙང་སེལ་བྱས།དེ་དང་ཆབས་ཅིག་རྨོ་བསྐྱུར་ནགས་འདེབས་སར་ཁྲིམས་འགལ་གྱིས་ཕྱུགས་རིགས་འཚོ་བའི་བྱ་སྤྱོད་ལ་ཁྲིམས་བསྟར་ལྟ་ཞིབ་བྱེད་པར་ཤུགས་བསྣན་ཏེ།རྫོང་རང་བྱུང་ཐོན་ཁུངས་དང་ནགས་ཚལ་རྩྭ་ཐང་ཅུདང་རྫོང་ཕྱོགས་བསྡུས་ཁྲིམས་བསྟར་ཅུ།རྫོང་སྤྱི་བདེ་ཅུ།  རྫོང་མཁར་སྲིད་སྒྲིག་བཀོད་འཁོར་སྐྱོད་ཞབས་ཞུ་ལྟེ་གནས་སོགས་སྡེ་ཚ་དང་མཉམ་འབྲེལ་བྱས་ནས་ཁྲིམས་འགལ་གྱིས་ཕྱུགས་རིགས་འཚོ་བའི་བྱ་སྤྱོད་ལ་ཞིབ་བཤེར་དང་ཆད་གཅོད་བྱས་ཏེ་ཁྲིམས་འགལ་གྱིས་ཕྱུགས་རིགས་འཚོ་བར་ནུས་ལྡན་བཀག་འགོག་བྱས།

图片

    རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ལས་བཟོ་བ་རྩ་འཛུགས་བྱས་ནས་སྨན་བཅོས་སྙིགས་རོ་ཏུན0.44ཐག་གཅོད་བྱས་པ་དང་།ཐ་མག་འཐེན་མི་ཆོག་པའི་དྲིལ་སྒྲོག་བརྡ་སྦྱོར24སྦྱར།ཐ་མག་འཐེན་ཁུལ6གསར་དུ་བཙུགས་པ་དང་ཐ་མག་འཐེན་པའི་བྱ་སྤྱོད་མི་ཐེངས32ལ་ཁ་ཏ་བྱས།ཐ་མག་ཚོད་འཛིན་ཤེས་བྱའི་འཆད་ཁྲིད་དང་བདེ་ཐང་དྲིལ་སྒྲོག་སློབ་གསོ་ཐེངས3སྤེལ་བ་དང་།ཁེགས་ཟུར་དང་གང་འདོད་དུ་སྤུངས་པ་དང་འཇོག་པའི་གནས16གཙང་བཤེར་བྱས་ལ། འཛུགས་སྐྲུན་གྱི་གད་སྙིགས་ཏུན0.123གཙང་འདྲེན་བྱས།

图片

    རྫོང་སྤྱི་བདེ་ཅུས་ལས་བཟོ་བ་རྩ་འཛུགས་བྱས་ནས་འགྲིམ་འགྲུལ་སྣེ་ཁྲིད་ཐེངས24སྤེལ་བ་དང་།ཁྱོན་བསྡོམས་ཁྲིམས་འགལ་སྒྲིག་འགལ་ངང་རླངས་འཁོར་བཞག་པ174ལ་པར་བླངས་པ་དང་།ལམ་ཐིག་བརྒལ་ནས་སྒུག་པའི་འཕྲུལ་འཁོར་ཁ་ལོ་བ270ལ་ངག་ཐོག་ནས་བདེ་འཇགས་སློབ་གསོ་བཏང་།ཡུལ་དངོས་སུ་སྟབས་བདེའི་ཡིག་ཆ10དང་ཁྲིམས་འགལ་བརྡ་ཐོ7སྤྲད་པ་དང་།ཆབས་ཅིག་ཏུ་སྤྱི་སྤྱོད་ས་ཁོངས་གློག་རྡུལ་བརྙན་ལམ20ལྷག་ཙམ་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་ངེས་སུ་བཅུག

图片

    རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ལས་བཟོ་བ་རྩ་འཛུགས་བྱས་ནས་གཞུང་སྒྲུབ་ཁུལ་དང་ཁོར་ཡུག་འགན་འཁྲི་ཁུལ་གྱི་གད་སྙིགས་ཏུན0.4གཙང་བཤེར་བྱས་པ་དང་།བཞུར་ཆུ་སྤྱི་ལེ110ལྷག་ཙམ་ལ་སྐོར་ཞིབ་དང་།གཙང་བོ་དང་མཚོ་འགྲམ་གྱི་འཚོ་བའི་གད་སྙིགས་ཏུན5.2གཙང་བཤེར་བྱས། གནོད་མེད་ཅན་གྱི་བསྡུ་རུབ་བྱ་ཡུལ་གྱི་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་དང་དུག་སེལ་བྱས་པ་དང་།རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ལྔའི་ནད་ཀྱིས་ཤི་བའི་ཕྱུགས་རིགས་བེམ་རོ362བསྡུ་རུབ་བྱས་པ་མ་ཟད་གཅིག་གྱུར་སྒོས་མདའ་བཞི་རྫོང་གནོད་མེད་ཅན་གྱི་ཐག་གཅོད་ལྟེ་གནས་སུ་བརྒྱུད་འདྲེན་བྱས་ནས་གཅིག་བསྡུས་ཐག་གཅོད་བྱས། 

图片

    རྫོང་དམངས་སྲིད་ཅུས་ལས་བཟོ་བ་རྩ་འཛུགས་བྱས་ནས་སྒོ་རྟགས1192བརྗེས་པ་དང་། སྲང་ལམ་དང་ཁྲོམ་སྲང་སོགས་ས་ཁོངས་ཀྱི་སྤྱི་པའི་མཚོན་རྟགས38གཅིག་བསྡུས་བཅོས་སྐྱོང་བྱས།ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་བདེ་སྐྱིད་ཟ་ཁང་སོགས་གནས་ཡུལ་གྱི་འཕྲོད་བསྟེན་བདེ་འཇགས་ལ་གཅིག་བསྡུས་ཞིབ་བཤེར་བྱས་པ་དང་ཟས་རིགས་ཉོ་སྒྲུབ་རྩིས་ཐོ་དང་གསོག་འཇོག་ཆ་རྐྱེན།ལས་སྣོན་བརྒྱུད་རིམ་སོགས་ལ་ཞིབ་བཤེར་བྱས། 

图片

    གཡི་དཀར་འོམ་ལུང་ཡུལ་ཚོས་ལས་བཟོ་བ་རྩ་འཛུགས་བྱས་ནས་རྒྱལ་ལམ315དང་དེ་བཞིན་ཁེ་རམ་ཐང་སོགས་ལྗོངས་ཁུལ་ས་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་བྱས་པ་དང་། ཁྱོན་བསྡོམས་རིགས་མི་འདྲ་བའི་གད་སྙིགས་ཏུན2གཙང་སེལ་བྱས། 

图片

     རྫོང་སློབ་གསོ་ཅུས་དགེ་རྒན་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་སློབ་གྲྭའི་ནང་དང་ཉེ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་བྱས་ཏེཁྱོན་བསྡོམས་གད་སྙིགས་ཏུན0.3གཙང་བཤེར་བྱས།

图片

    དཔལ་དགེ་གྲོང་རྡལ་གྱིས་མཉམ་འབྲེལ་བཅོས་སྐྱོང་དཔུང་ཁག་བཙུགས་ཏེ“སྡེ་བ་གསུམ་དང་ལམ་ཐིག་གཅིག”མཐའ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་གཙོ་གནད་དུ་བཅོས་སྐྱོང་བྱས་པ་དང་།གཞུང་ལམ་འགྲམ་རྒྱུད་དང་ཡུར་ཆུ།རྣང་ཞིང་གི་བར་སོགས་ཀྱི་འཚོ་བའི་གད་སྙིགས་དང་འགྱིག་རྗས་བཙོག་དངོས་གཙང་སེལ་བྱས་པ་དང་།ཁྱོན་བསྡོམས་རིགས་མི་འདྲ་བའི་གད་སྙིགས་ཁུག་མ35གཙང་འདྲེན་བྱས། 

图片

    མཚོ་འཁྱིལ་ཡུལ་ཚོས་ལས་བཟོ་བ་རྩ་འཛུགས་བྱས་ནས་རྒྱལ་ལམ315ཡི་ཕྱོགས་གཉིས་དང་མཚོ་སྐོར་ནུབ་ལམ།སྟོན་དུས་ཀྱི་འབྲོག་པའི་རུ་ལམ་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ་རིགས་མི་འདྲ་བའི་གད་སྙིགས་ཏུན2གཙང་སེལ་བྱས། 

图片

    སྐྱིད་སྨོན་ཡུལཚོས་ལས་བཟོ་བ་རྩ་འཛུགས་བྱས་ཏེ་དུས་མགོའི་ཞིབ་བཤེར་གཏན་འཁེལ་གྱི་ཁང་རྙིང་དང་ཉེན་ཡོད་ཁང་པ་བཤིག་ནས།ཡུལ་ཚོའི་མངའ་ཁོངས་ཀྱི་བགྲོད་ལམ་དང་ཆུ་ངོགས། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་སོགས་ས་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱས།