ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་སྣེ་ཁྲིད་དེ་ཀྲུང་བོད་གསོ་རིག་ཁམས་གསོའི་ཐོན་ལས་ལ་བརྟག་ཞིབ་གནང་པ་དང་བདེ་ཐང་གཙིགས་སུ་འཛིན་པའི་བརྗོད་དོན་ལག་ལེན་བྱེད་སྒོར་ཞུགས།
རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས18ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཁོངས་མིའི་སྣེ་ཁྲིད་དེ་ཀྲུང་བོད་གསོ་རིག་ཁམས་གསོ་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་པར་མ་ཟད། ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་གཞུང་ལས་ཁང་གིས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་འབྲེལ་སྒོས་གཉེར་བའི“སྟོན་དུས་བདེ་ཐང་འགུལ་སྐྱོད་སྤེལ། ཁམས་གསོས་གསོན་ཤུགས་གསར་བ་བསྐྱེད”ཅེས་པའི་བདེ་ཐང་གཙིགས་སུ་འཛིན་པའི་བརྗོད་དོན་ལག་ལེན་བྱེད་སྒོར་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་སི་ཅི་ཧྲིན། ཁུལ་དུ་སྡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ་ཞུགས།

བྱེད་སྒོ་སྤེལ་ཡུལ་དུ་ནད་ཡམས་སྔོན་འགོག་དང་བདེ་ཐང་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱས་པར་མ་ཟད། ཆེད་ལས་བདེ་ཐང་སྨན་བཅོས་ཞབས་ཞུ་ཡང་བྱས། ཁུལ་གྱི་མགོ་ཁྲིད་དང་ལས་བྱེད་ལས་བཟོ་བས་མཉམ་དུ་ཕྲན་གནོན་དབྱངས་མཛོད་སྙོམས་སྒྲིག་དང་ཀྲུང་བོད་གསོ་རིག་ཞབས་ཁྲུས་གསོ་སྐྱོང་། ཁམས་གསོ་ཡོ་ཆས་ཀྱི་སྦྱོང་བརྡར་སོགས་ཁྱད་ལྡན་ཁམས་གསོའི་རྣམ་གྲངས་ཉམས་ལེན་བྱས་ཏེ་ཀྲུང་བོད་གསོ་རིག་ཁམས་གསོའི་ཐོན་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་ཐད་ཀར་མྱོང་རོལ་བྱས་པ་རེད། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཀྲུང་བོད་གསོ་རིག་སྨན་རྫས་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ཀྱི་ནུས་ཆེའི་བེད་སྤྱོད་བྱེད་པར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། གཅིག་ནས《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱི་འབྲེལ་ཡོད་ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི་བཟོ་སྐྲུན་གལ་ཆེན་ལག་བསྟར་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི་བཟོ་སྐྲུན་གལ་ཆེན་ལག་བསྟར་ཇུས་གཞི〉གཙོ་གནད་ལས་འགན་ལས་བགོས་ཇུས་གཞི》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རང་ཁུལ་གྱི《ཀྲུང་བོད་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བཟོས་ནས་བཟོ་སྐྲུན་གལ་ཆེན་བདུན་ལག་བསྟར་ཡག་པོ་བྱས་ཏེ་ཀྲུང་བོད་གསོ་རིག་སྨན་རྫས་དར་རྒྱས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་སྨན་ལུམས་དང་ཚྭ་ལུམས་སོགས་ཁམས་གསོ་སྨན་བཅོས་རྣམ་གྲངས་སྤེལ་བའི་རྨང་གཞིའི་ཐོག་མདའ་བཞི་མངའ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ས་དྲོད་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཀྲུང་བོད་གསོ་རིག་སྨན་རྫས་ཟུང་འབྲེལ་བྱས་ཏེ་ཆུ་ཚན་སྨན་ལུམས་དང་ས་དྲོད་རླངས་ལུམས་སོགས་འཆར་འགོད་བྱས་ནས་ཁྱད་ལྡན་ཁམས་གསོའི་རྣམ་གྲངས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གསུམ་ནས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཀྲུང་བོད་གསོ་རིག་སྨན་རྫས་དང་ཁམས་གསོ་བདེ་སྲུང་སོགས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཀྲུང་བོད་གསོ་རིག་ཐོན་ལས་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱས་ནས་ཁུལ་ཀྲུང་བོད་གསོ་རིག་སྨན་རྫས་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་དང་བེད་སྤྱོད་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བཞི་ནས་མཚོ་བྱང་དུ“མཚོ་སྔོན་གྱི་སྨན་གྱི་གྲོང་ཁྱེར”སྐྲུན་པའི་དམིགས་འབེན་ལ་གཞིགས་ནས།《མཚོ་བྱང་ཁུལ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་གསར་སྤེལ་བེད་སྤྱོད་ཁུལ་དབྱེ》《མཚོ་བྱང་བོད་ལུགས་གསོ་རིག་སྨན་རྫས》སོགས་འཐུས་ཚང་དུ་གཏོང་བ་དང་། མཚོ་བྱང་གི་ཀྲུང་བོད་སྨན་རྫས་ཐོན་ཁུངས་སྣ་ཁ800ལྷག་ཙམ་ཁུལ་དང་རྫོང་གི་བོད་སྨན་ཁང་སྨན་སྦྱོར་ལྟེ་གནས། ཞལ་དཀར་བོད་སྨན་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ལས་སྟེགས་ལ་བརྟེན་ནས། “བདུད་རྩི་ལྔ་ལུམས” “ཟུག་འཇོམས་སྨན་སྦྱོར”སོགས་ཀྲུང་བོད་གསོ་རིག་སྨན་རྫས་བདེ་ཐང་ཁམས་གསོའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོའི་ཁོངས་གཏོགས་སྨན་ཁང་གི་ལུས་ཕུང་བརྟག་བཤེར་ལྟེ་གནས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧྲན་ཏུང་གི་མཚོ་སྐྱོར་སྨན་བཅོས་ཆེད་མཁས་པའི་སྟོབས་ཤུགས་ལ་བརྟེན་ནས་སྨན་བཅོས་སྒྲིག་གཞིའི་ཐོན་ཁུངས་བསྡུ་སྒྲིལ་དང་སྨན་དོན་མི་སྣའི་ཆེད་ལས་གསོ་སྦྱོང་ལ་ཤུགས་བསྣན་ནས་ལུས་ཕུང་བརྟག་བཤེར་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། དྲུག་ནས་དབང་ལག་དང་། དང་མ་སེར་པོ། མིས་བཟོས་གི་ཝང་། ཤྭ་བ། གླ་བ་སོགས་ཀྲུང་བོད་སྨན་རྫས་རྒྱུ་ཆ་ཚད་ལྡན་ཅན་འདེབས་འཛུགས་དང་གསོ་སྤེལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོ་མ་དང་ཧོ་ཡན་ཧྲིན། སྲོ་ལོ་དམར་པོ་སོགས་ལུས་ཁམས་བདེ་སྲུང་གི་བཏུང་བྱ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བདུན་ནས་མཚོ་བྱང་གི་གསར་བརྗེ་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་ལ་གཞི་ཚུགས་ནས་མང་ཚོགས་ཚོགས་པའི་གསོ་སྦྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། བཟའ་བཏུང་དང་ཞག་སྡོད་སོགས་ཞབས་ཞུའི་སྤུས་ཚད་འགན་ལེན་ཡག་པོ་བྱས་ནས་གསོ་སྦྱོང་ཉམས་ཞིབ་སྣ་ཚོགས་མུ་མཐུད་དུ་ཡག་པོ་གཉེར་ཏེ་ཉམས་ཞིབ་དང་རིག་གནས་ཡུལ་སྐོར། ཁམས་གསོ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

བྱེད་སྒོའི་རིང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན། ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཁོངས་མི་བཅས་ད་དུང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བསྐྱོད་ནས《221རྟེན་གཞི་ནས་ཐོན་པའི“མདེལ་གཉིས་སྐར་གཅིག”གི་མཛད་རྗེས་ལྡན་པའི་ཚན་རིག་པའི》ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་ནན་གྱིས་བསྟན་དོན། “མདེལ་གཉིས་སྐར་གཅིག”གི་མཛད་ཅན་ཚན་རིག་པའི་གཞུང་སྒྲུབ་སྡོད་གནས་སླར་གསོ་དང་འགྲེམས་སྟོན་ལེགས་པོ་བྱས་ཏེ་ཚན་རིག་པ་རྣམས་ཀྱིས་དཀའ་ངལ་འགག་སྒྲོལ་དང་ཁྱད་བསད་བྱས་པའི་བྱ་བ་དང་འཚོ་བའི་ཁོར་ཡུག་སླར་གསོ་དང་བསྐྱར་དུ་མངོན་པར་བྱེད་དགོས། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ221རྟེན་གཞི་ནས་ཐོན་པའི་དམག་དཔོན་གྱི་མི་ཚེའི་མཛད་རྗེས་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ། གསོན་ཉམས་ལྡན་པའི་དཔེ་མཚོན་ལ་བརྟེན་ནས་གསར་བརྗེའི་རྒྱུན་འཛིན་ཡག་པོ་བྱེད་དགོས་ཟེར།
