མཚོ་སྔོན་མཚོ་བྱང་། སྟོན་བསྡུའི་ལས་ལ་བྲེལ་བའི་དུས་སྐབས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ9པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ར་དོང་ཐང་སྡེ་བའི་ཞིང་ནང་དུ་ལོག་དཀར་གྱི་འབྲས་བུ་ཁུར་དུ་ལྕི་བ་དང་། ཞིང་ལས་འཕྲུལ་ཆས་མང་པོ་སྟོན་བསྡུའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། མིག་སྔའི་བར་མཚོ་བྱང་ཁུལ་གྱིས་ཁྱོན་ཞིང་ལས་སྐྱེ་དངོས་སྣ་ཚོགས་སྤྱི་ཆིང4188.67བསྡུས་པ་དང་། ས་གནས་སོ་སོ་སྔ་རྗེས་སུ་ཡོང་འབབ་བསྡུ་བའི་དུས་སུ་སླེབས་ཡོད།

ཞིང་ལས་ཐོན་སྐྱེད་ཀྱི་ལོ་ལེགས་ལ་རྒྱལ་ཁ་ལེན་ཆེད་ད་ལོ་མཚོ་བྱང་ཁུལ་གྱིས"འབྲུ་རིགས་ས་ཞིང་དང་ལག་རྩལ་ལ་བརྟེན་པའི"འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཁུལ་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང57573.33དོན་འཁྱོལ་བྱས་ལ། ནས་དང་ལོག་དཀར་གྱི་སོན་བཟང་ལྟེ་བའི་གསོ་སྤེལ་རྟེན་གཞི་སྤྱི་ཆིང333333བརྟན་པོའི་ངང་འཛུགས་སྐྲུན་བྱས། སྐྱེ་འཕེལ་བཟང་བའི་རྟེན་གཞི་49འཛུགས་སྐྲུན་བྱས་པ། ས་བོན་ཐོན་སྐྱེད་ཁེ་ལས20ཡན་ལ་རོགས་སྐྱོར་བྱས་པ། འབྲུ་སྣུམ་གྱི་སྣ་ཁ་གསར་བ་དང་ལག་རྩལ་གསར་བ་སྤྱི་ཆིང38666.67ཁྱབ་གདལ་ཧུར་ཐག་བཏང་བ། འབྲུ་སྣུམ་ས་བོན་གྱི"ཉིང་ལྷེབ"མཐོ་རུ་བཏང་ནས་འབྲུ་སྣུམ་ཐོན་འཕར་དང་ཕན་འབྲས་ཆེ་རུ་གཏོང་བར་རོགས་རམ་བྱས། འདྲུད་འཐེན་འཕྲུལ་འཁོར་སྣ་ཚོགས་དང་དེ་བཞིན་མཉམ་འབྲེལ་སྟོན་བསྡུའི་འཕྲུལ་འཁོར་ཁྱོན18975བཏང་བ་དང་བརྒྱུད་རིམ་ཧྲིལ་བོར་འཕྲུལ་ཆས་ཅན་གྱི་པེ་ཏའོ་ཕྱོགས་སྟོན་ཆ་ཚང30སྟོན་བསྡུའི་བྱ་བ་སྤེལ་བས་ཞིང་ལས་སྐྱེ་དངོས་ཀྱི་འཕྲུལ་འཁོར་བསྡུ་ཚད98%ཡན་ཟིན་ཡོད།