མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(རྒྱ་སྐྱེད)ཚོགས་འདུ་འཚོགས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་སྒྲིལ་བ་དང“ལྔ་བཅོ་ལྔའི”འཆར་འགོད་དེ་ཇུས་འགོད་བཀོད་སྒྲིག་བྱེད་སྐབས་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གནང་བའི་བྱ་བའི་སྙན་ཞུ་དང་གསུང་བཤད་ནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་མིག་སྔའི་གཙོ་གནད་བྱ་བ་དམ་འཛིན་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ཡིས“ལྔ་བཅུ་བཞིའི”དུས་སྐབས་སུ་མཚོ་སྔོན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད་པ་དང་། མ་འོངས་པའི་ལོ་ལྔའི་རིང་གི་རང་ཞིང་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་དང་འཐབ་ཇུས་ཀྱི་འགན་འཁྲིར་འཆར་འགོད་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་འབྲི་བར་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱེད་དགོས་ཤིང་། དགོངས་དོན་གྱི་ངོ་བོ་སྔར་ལས་ལྷག་པའི་སྒོ་ནས་ནང་བྱན་ཆུད་པ་དང་། ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ། དོན་འཁྱོལ་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མཚོ་བྱང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། “ལྔ་བཅོ་ལྔའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། གཙོ་གནད་ལས་འགན་བཅས་ནང་བྱན་ཆུད་པར་བྱས་ཏེ་མཚོ་བྱང་གི་ཐོན་ཁུངས་ཀྱི་ལྷན་ནུས་དང་འཕེལ་རྒྱས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས“243”འཕེལ་རྒྱས་ཀྱི་བཀོད་པ་བསྐྲུན་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་འགན་འཁྲིའི་ལས་འགན་ལ་དམིགས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས“སྤྱི་གླིང་གཉིས་དང་བཙན་ས་གཅིག”བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེགས་སྐྱེས་ཕུལ་ཏེ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། 《གྲོས་གཞིའི》ནང་གསལ་བོར་བསྟན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་མ་འཇོག་གི་ཁྲིད་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་རིགས་སྒྱུར་འཕེལ་རྒྱས། དམངས་འཚོ་ལེགས་སྒྱུར། བདེ་འཇགས་ནུས་པ་མཐོར་གཏོང་སོགས་གཙོ་གནད་གནད་ཁྱབ་ཁོངས་ལ་དམིགས་ནས་སྐུལ་ཁྲིད་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་ལས་གཞི་ཆེན་པོ་དང་ལས་གཞི་བཟང་བོ་ཁག་ཅིག་འཆར་འགོད་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་འཆར་འགོད་དང་ཁྱབ་ཁོངས་སོ་སོའི་ཆེད་དམིགས་འཆར་འགོད་སྒྲིག་བཟོ་བྱ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་སྔར་ལས་ལེགས་པའི་སྒོ་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྐུལ་འདེད་ཡག་པོ་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པ་དེ་མིག་སྔའི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་ཚད་འདེགས་རྒྱ་སྐྱེད་བྱེད་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི“123”གྱི་རྨང་གཞི་བརྟན་གཏོང་གི་ལས་གཞི། གྲོང་གསེབ་དར་སྤེལ་གྱི“བཅུ་ལྡན”བཟོ་སྐྲུན་བཅས་མངོན་གསལ་དོད་པོའི་སྒོ་ནས་དམ་འཛིན་བྱས་ཏེ། “ཆས་རྟགས་ཆེན་པོ་བཞིའི”འགྲན་སྡུར་ཐོན་ལས་ཅན་དུ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ལོ་འཁོར་མོའི་དཔལ་འབྱོར་དམིགས་ཚད་ལ་མཐའ་མའི་གདོང་མཆོང་དང་། ཀྲུང་དབྱང་གི་སྐོར་ཞིབ་ལྡོག་ལེན་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱེད་པ། ཞིང་པ་ལས་མིའི་གླ་ཕོགས་འདང་ངེས་སྤྲོད་རྒྱུ་འགན་ལེན། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་། དགུན་དུས་ཀྱི་དྲོད་འདོན་དྲོད་སྲུང་གི་དམངས་འཚོ་འགན་སྲུང་སོགས་གཙོ་གནད་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བྱ་བ་སོ་སོའི་སྤུས་འབྲས་ལེགས་གཉེར་ཡོང་བར་སྣེ་ཁྲིད་ནས“ལྔ་བཅུ་བཞི”ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་སྒྲིལ་བ་དང“ལྔ་བཅོ་ལྔའི”མགོ་ཡག་པོ་རྩོམ་རྒྱུར་འགན་ལེན་བྱེད་དགོས་ཟེར།
12月3日,州委书记夏吾杰主持召开州委常委会(扩大)会议,专题传达学习省委十四届十次全会精神,研究贯彻落实意见。
会议指出,省委十四届十次全会是在冲刺“十四五”规划收官和“十五五”规划谋篇布局之际,推进现代化新青海建设关键时期召开的一次重要会议。省委书记吴晓军所作的工作报告和讲话,全面总结了一年来省委常委会工作和全省经济社会发展取得的成绩,并就抓好全会精神的学习贯彻和当前重点工作提出了具体要求。全会审议通过的《中共青海省委关于制定国民经济和社会发展第十五个五年规划的建议》全面总结了“十四五”时期青海发展取得的重大成就,对未来五年我省发展的总体目标、战略任务作出谋划部署,对于全省上下奋力谱写中国式现代化青海实践具有十分重要的指导意义。
会议强调,要把学习贯彻省委十四届十次全会精神作为当前和今后一个时期的重大政治任务,与学习贯彻党的二十届四中全会精神、习近平总书记考察青海重要讲话精神结合起来,与全面落实省委、省政府工作要求结合起来,迅速掀起学习宣传贯彻全会精神热潮,进一步吃透精神实质,把握核心要义、谋深落实举措,切实把全会精神转化为推动海北发展的生动实践。要深刻把握“十五五”时期全省经济社会发展的指导思想、重大原则、主要目标和重点任务,立足海北资源禀赋、发展优势和区域特征,围绕构建“243”发展布局和“三个走在全省前列”使命任务,聚力打造“两园一地”、建设产业“四地”作出海北贡献,确保与全省、全国同步基本实现社会主义现代化取得决定性进展。
会议要求,要紧盯《建议》中明确的政策取向、投资导向,聚焦生态环境保护、产业转型发展、民生改善、安全能力提升等重点领域,谋划一批具有带动性、引领性的大项目好项目,统筹做好总体规划和各领域专项规划编制工作,更好引导和推动海北高质量发展和现代化建设。要坚持把学习宣传贯彻省委全会精神和抓好当前工作紧密结合起来,突出抓好生态农牧业“九个一”配套工程提标扩面、文旅产业“123”强基工程、乡村振兴“十有”工程,加快推动“四大品牌”赛事产业化发展,统筹推进年度经济指标冲刺、中央巡视反馈问题整改落实、农民工工资足额支付保障、安全生产隐患排查整治、冬季供热保暖民生保障等重点工作,以全会精神引领各项工作提质增效,确保“十四五”收好官“十五五”开好局。