网站无障碍
མཚོ་བྱང་ཁུལ་ཨུས“ལྔ་བཅོ་ལྔའི”འཆར་འགོད《གྲོས་གཞིའི》བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
发布时间:2025年12月05日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ12པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི“ལྔ་བཅོ་ལྔའི”འཆར་འགོད《གྲོས་གཞིའི》བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཨུའི“ལྔ་བཅོ་ལྔའི”འཆར་འགོད《གྲོས་གཞིའི》སྒྲིག་བཟོ་བྱ་བའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་སི་ཅི་ཧྲིན་བཅས་ཚོགས་འདུར་ཞུགས།       
图片
ཚོགས་འདུའི་ཐོག ཁུལ་ཨུའི“ལྔ་བཅོ་ལྔའི”འཆར་འགོད《གྲོས་གཞིའི》འཆར་ཟིན་ཚན་ཆུང་གིས《གྲོས་གཞིའི》འཆར་ཟིན་གྱི་བརྒྱུད་རིམ་དང་བསམ་གཞིགས་གཙོ་བོ། གཞི་རྩའི་སྒྲོམ་གཞིའི་སྐོར་གྱི་སྙན་ཞུ་ཕུལ། ཚོགས་ཞུགས་བློ་མཐུན་གྱིས“ལྔ་བཅོ་ལྔའི”འཆར་འགོད《གྲོས་གཞི》ལ་དམིགས་ནས་གྲོས་བསྡུར་བྱས་ཤིང་། མཚོ་བྱང་ཁུལ་གྱི“ལྔ་བཅོ་ལྔའི”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་གཙོ་གནད་ལས་འགན། བྱེད་ཐབས་གལ་ཆེན་བཅས་ཀྱི་ཐད་ཧུར་ཐག་སྒོས་ཐབས་འདོན་ཇུས་འབུལ་བྱས། གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཚོགས་ཞུགས་བློ་མཐུན་གྱིས་བཏོན་པའི་བསམ་འཆར་ལ་དགེ་མཚན་ལྡན་པའི་རང་བཞིན་དང་དམིགས་སའི་རང་བཞིན་ཅུང་ཆེན་པོ་ལྡན་པས།   འཆར་འགོད《གྲོས་གཞིའི》འཆར་ཟིན་ཚོགས་པས་ནན་ཏན་གྱིས་གསེད་བཀྲོལ་བྱས་ཏེ་ཁུལ་ཨུའི“ལྔ་བཅོ་ལྔའི”འཆར་འགོད《གྲོས་གཞིའི》ནང་བསྡུ་ལེན་གང་ལེགས་བྱེད་དགོས་ཟེར།           
图片
ཚོགས་འདུའི་ཐོག་བསྟན་དོན། "ལྔ་བཅོ་ལྔའི"རིང་ནི་མཚོ་བྱང་ཁུལ་གྱིས་བབ་བསྟུན་ཡར་རྒྱས་དང་འབད་འབུངས་ཡར་བརྩོན་བྱེད་དགོས་པའི་འགག་རྩའི་དུས་མཚམས་ཤིག་ཡིན་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཁུལ་ཨུའི"ལྔ་བཅོ་ལྔའི"འཆར་འགོད<<གྲོས་གཞིའི>>སྒྲིག་བཟོ་བྱེད་པར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད་པས་ཞིབ་འཇུག་གཏིང་ཟབ་དང་ནང་བྱན་ཆུད་པར་བྱེད་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་བཀོད་པ་དང་སྦྲེལ་མཐུད་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་ཁུལ་ཨུའི་བྱ་བའི་བླང་བྱ་དང་མཐུན་པ། མཚོ་བྱང་གི་དགེ་མཚན་དང་ཁྱད་ཆོས་ལྡན་པ། མི་དམངས་ཀྱི་རེ་སྒུག་ལ་ལན་སློག་པའི་སྤུས་ཚད་མཐོ་བའི་འཆར་འགོད<<གྲོས་གཞི>>ཞིག་སྒྲིག་བཟོ་ཧུར་ཐག་བྱས་ཏེ། མཚོ་བྱང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྔར་ལས་ལེགས་པར་བསྐྱོད་པར་སྣེ་ཁྲིད་བྱེད་དགོས་ཟེར།
图片
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ངེས་གནས་གཏན་འཁེལ་ཡང་དག་འཚོལ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དང་ས་ཁོངས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དམ་འཛིན་ཡང་དག་བྱས་ཏེ། རང་རྟོགས་ངང་མཚོ་བྱང་འཕེལ་རྒྱས་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་ཁྲོད་དུ་འཇོག་དགོས་པ་དང་། ནུས་པའི་ངེས་གནས་གཏན་འཁེལ་དང་འཕེལ་རྒྱས་ཀྱི་ཐབས་ལམ་གནད་ལ་འཁེལ་བ་བྱས་ཏེ་མགོ་ཚུགས་ས་དང་ཤུགས་སྣོན་ས་ཡང་དག་བཙལ་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་ཟབ་ཞུགས་བྱེད་པའི་ཁྲོད་མཚོ་བྱང་གི་འགན་འཁྲི་ལྷུར་ལེན་བྱེད་པའི་རྣམ་པ་མངོན་པ་དང་མཚོ་བྱང་གི་ལེགས་ཆ་གཏོད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་མཚོ་བྱང་གི་སྐྱེ་ཁམས་གནས་བབ་ཀྱི་ལེགས་ཆར་གཞི་བཙུགས་ཏེ་སྐྱེ་ཁམས་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་རིན་ཐང་། དམངས་འཚོ་ཡི་བདེ་སྐྱིད་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་འཆམ་མཐུན་དང་ལྗང་མདོག་ཐཱན་དམའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་སྒོས་གཏོད་དགོས། ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱད་ཆོས་འབུར་ཐོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་དེ་སྣེ་ཁྲིད་དུ་བཟུང་ནས། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་དང་མཐོར་འདེགས་སུ་གཏོང་བ་དང་། གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རྨང་གཞི་བཏིང་བ་དང་ཡུན་རིང་ཕན་པ། དམངས་འཚོར་ཕན་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ལས་གཞི་གལ་ཆེན་ཁག་གཅིག་འཆར་འགོད་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ། མཚོ་བྱང་གི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་ཀྱི་རྒྱུད་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། དམངས་འཚོ་གཙོ་བོར་འཛིན་པ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་ལ་དམིགས་ནས་སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་གྱི་དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཐབས་ལམ་མང་པོའི་ཐོག་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་བརྟན་ཇེ་བཟང་དུ་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།
图片
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་རང་ངོས་ཀྱི་བྱ་བའི་དོན་དངོས་ལ་གཞི་ཚུགས་ཏེ་སྔོན་དཔག་བསམ་གཞིག་ལ་ཤུགས་བསྣན་ནས་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་འདོན་དགོས། <<གྲོས་གཞིའི>>འཆར་ཟིན་ཚན་ཆུང་གིས་སྒོ་འབྱེད་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱེད་པའི་ཐབས་ལམ་དང་བྱེད་ཐབས་སྔར་ལས་ཐོགས་མེད་ཡོང་བ། སྤྱི་ཚོགས་ལས་རིགས་སོ་སོའི་བློ་གྲོས་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་བསྡུ་ལེན་ཧུར་ཐག་བྱེད་པ། མང་པོས་བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ། <<གྲོས་གཞིའི>>ཚན་རིག་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་བསྟར་རང་བཞིན། བྱེད་འཐུས་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། ཐུན་མོང་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་ཁུལ་ཡོངས་ཀྱི"ལྔ་བཅོ་ལྔའི"འཕེལ་རྒྱས་འཆར་འགོད་ཡག་པོ་བཟོ་དགོས།

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་རྫོང་ཏང་ཨུ་སོ་སོ། ཁུལ་ཐད་གཏོགས་ཀྱི་སྡེ་ཁག་དང་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།    


海北州委召开“十五五”规划《建议》征求意见座谈会

12月3日,州委书记夏吾杰主持召开州委“十五五”规划《建议》征求意见座谈会,深入学习贯彻党的二十届四中全会和省委十四届十次全会精神,就州委“十五五”规划《建议》编制工作听取意见建议。州委副书记、州长张胜源,州政协主席钟志军,州委副书记、政法委书记张爱红,州委副书记、组织部部长司吉昇出席。
会上,州委“十五五”规划《建议》起草组汇报了《建议》起草过程、主要考虑和基本框架。与会同志围绕“十五五”规划《建议》展开讨论,就海北州“十五五”时期发展思路、重点任务和重大举措,积极建言献策。在认真听取发言后,夏吾杰指出,与会同志提出的意见建议具有较强的建设性和针对性,规划《建议》起草组要认真梳理,充分吸纳到州委“十五五”规划《建议》中。
会议指出,“十五五”时期是海北州乘势而上、奋发追赶的关键阶段,科学编制州委“十五五”规划《建议》意义重大、影响深远,要深入研究、准确把握、主动对接国家战略和全省布局,努力编制出一份贯彻中央省委部署、符合州委工作要求、体现海北优势特色、回应人民期待的高质量规划《建议》,更好引领海北走好高水平保护与高质量发展之路。
会议强调,坚持服务大局、找准定位,准确把握国家重大战略机遇和区域发展新趋势,自觉将海北发展置于全国全省“一盘棋”中,精准锚定功能定位和发展路径,找准切入点和着力点,在融入新发展格局中彰显海北担当、塑造海北优势。坚持生态优先、绿色发展,立足海北生态地位优势,推动生态资源持续转化为发展优势、经济价值和民生福祉,努力走出一条生态友好、绿色低碳的高质量发展路子。坚持产业夯基、突出特色,以产业“四地”建设为牵引,优化提升传统产业,培育壮大新兴产业和未来产业,加快培育新质生产力,谋划论证一批打基础、利长远、惠民生的标志性重大工程项目,加快构建具有海北特色和优势的现代化产业体系。坚持民生为要、共同富裕,聚焦群众急难愁盼,加大普惠性、基础性、兜底性民生投入,多渠道促进群众增收,不断增进民生福祉、促进全体人民共同富裕。
会议要求,各地各部门单位要立足自身工作实际,加强前瞻思考,提出高质量的意见建议。《建议》起草组要坚持开门搞规划,进一步畅通征求意见的渠道方式,广泛吸纳社会各界智慧,积极听取征求各方面意见建议,集思广益、群策群力,增强规划《建议》的科学性、指导性和可行性,共同科学谋划好全州“十五五”发展蓝图。
在家的各州级领导及各县委、州直各部门单位主要负责同志参加