ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་དགུན་དུས་ཡུལ་སྐོར་བྱ་བར་བརྟག་ཞིབ་གནང་སྐབས་ཁྲི་ཤོར་རྒྱལ་མོའི་མཚོ་དར་དུས་ཆེན་དང་མདོ་ལ་རིང་མོའི་གངས་འཁྱག་དུས་ཆེན་བྱེད་སྒོ་ཞིབ་ཚགས་ངང་ཡག་པོར་གཉེར་དགོས་པ་ནན་གྱིས་བསྟན།
发布时间:2025年12月09日
消息来源:
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས3ཉིན་ནས5ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རྫོང་བཞིར་དགུན་དུས་ཡུལ་སྐོར་བྱ་བར་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འཁྱག་རི་གངས་ཐང་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་ནན་ཏན་བྱས་ནས་ཁྲི་ཤོར་རྒྱལ་མོའི་མཚོ་དར་དུས་ཆེན་དང་མདོ་ལ་རིང་མོའི་གངས་འཁྱག་དུས་ཆེན་གྱི་བྱེད་སྒོ་ཞིབ་ཚགས་ངང་ཡག་པོར་གཉེར་དགོས་ཟེར།
མདའ་བཞི་རྫོང་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དང་ཁེ་ཐུ་གྲུ་ཁ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་རུ་དགུན་དུས་ཡུལ་སྐོར་གྱི་མགོ་རྩོམ་མཛད་སྒོའི་བྱེད་སྒོ་སོ་སོའི་གྲ་སྒྲིག་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། མདའ་བཞི་རྫོང་གིས་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དང་ཁེ་ཐུ་གྲུ་ཁའི་གསར་བརྗེའི་སློབ་གསོ་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ་གངས་འཁྱག་སྐྱེ་ཁམས་སློབ་གསོ་དང་ཉི་ཤར་ལ་ལྟ་བ། མཚོ་མཆོད། ཞིང་ཕྱུགས་རིག་གནས་གསར་གཏོད་ཐོན་རྫས་བྲིན་ཚོང་བཅས་ལ་དམིགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་སོགས་བྱེད་སྒོ་ཞིབ་ཚགས་ངང་ལེགས་སྒྲུབ་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་ཡག་པོར་བཤད་ནས་དམིགས་བསལ་གྱི་གསར་བརྗེའི་རིག་གནས་དང་གངས་འཁྱག་རིག་གནས། དམངས་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་བཅས་གསལ་སྟོན་གང་ལེགས་བྱེད་དགོས། ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་གློག་བརྙན་ཅུས་ཀྱིས་ཁུལ་རིམ་པའི་སྲིད་དོན་བྱེད་སྒོའི་བརྒྱུད་རིམ་དང་ཚོགས་ར་བཀོད་སྒྲིག་སོགས་འགག་རྩའི་ལྷུ་ཚིགས་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་སྟེ་སྨོན་ལམ་མཐོན་པོ་ནས་སྐོར་བྲོ་འཁྲབ་པ་དང་རྒྱ་ཁོག་འཐུང་བ། ཉི་ཤར་ལ་ལྟ་བ། གསར་བརྗེའི་གླུ་དབྱངས་ལེན་པ། ཐང་ཁ་འཚེམ་དྲུབ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་བྱེད་སྒོ་ཁྱད་ཆོས་ལྡན་པ་དང་ངོ་མཚར་ཆེ་བའི་སྒོ་ནས་གཉེར་དགོས་ཟེར།
རྐང་ཚ་རྫོང་ལྷ་ཆབ་ཁུག(རྟ་ཕྱུག)སྐྱེ་ཁམས་ཉམས་ལེན་ཁུལ་དུ་དགུན་དུས་ཡུལ་སྐོར་བྱེད་སྒོ་སྒྲིག་འཛུགས་དང་དྲིལ་སྒྲོག་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། རིག་གནས་ཡུལ་སྐོར་ཐོན་ལས་དེ་གཙོ་རྟེན་ཐོན་ལས་སུ་བརྩི་རྒྱུ་རྒྱུན་འཁྱོངས་དང་། མཚོ་སྔོན་པོར་མཚོ་དར་ཆགས་པ་དང་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཚིགས་ལ་དམིགས་ནས་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་མངོན་གསལ་དུ་བཏང་སྟེ། མཚོ་སྔོན་པོའི་མཚོ་མཆོད་དང་། རྟ་ཐོག་སྤོ་ལོ། རྟ་ཐོག་མདའ་འཕེན་འཁྲབ་སྟོན། ཞིང་ཕྱུགས་རིག་གནས་གསར་གཏོད་ཐོན་རྫས་བྲིན་ཚོང་སོགས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་ནས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་འབྲོག་ལས་རིག་གནས(མཚོ་བྱང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་སྐྲུན་དགོས། ཕྱོགས་ཡོངས་ནས་དགུན་དུས་ཡུལ་སྐོར་ལ་གསོན་ཤུགས་བསྣན་ནས་གདན་ཞུ་ཡི་གེ་བསྐུར་བ་དང་། དམངས་ཁྲོད་སྒྱུ་རྩལ་པས་འཁྲབ་སྟོན་བྱེད་པ། ལྗོངས་ཁུལ་རིན་མེད་སྒོས་སྒོ་འབྱེད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱུན་མཐུད་སྒོས་དྲིལ་སྒྲོག་གི་ཚ་རླབས་མཐོ་རུ་བཏང་ནས་མཐའ་འཁོར་མང་ཚོགས་དང་ཡུལ་སྐོར་བ་རང་འགུལ་ངང་ཞུགས་པ་དང་དགའ་མོས་བྱེད་པའི་ཡིད་དབང་འགུག་དགོས་ཟེར།

མདོ་ལ་རྫོང་མཁར་དམར་གྲོང་རྡལ་དུ་སེ་འབྲུའི་གློག་ཤུགས་སྦྲ་གུར་ས་ཚིགས་སུ་བསྐྱོད་དེ། ས་ཚིགས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་ལ་གཟིགས་ཞིབ་ཞིབ་ཕྲ་གནང་རྗེས་ནན་གྱིས་བསྟན་དོན། "སེ་འབྲུའི"གློག་ཤུགས་སྐོར་སྐྱོད་ས་ཚིགས་ཁྱབ་གདལ་ཧུར་ཐག་བཏང་ནས། ཡུལ་སྐོར་བ་དང་མང་ཚོགས་ལ་སྟབས་བདེའི་ཞབས་འདེགས་ཏན་ཏིག་ཞུས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་དགོས་ཟེར། གཞུང་ལམ་དགུ་བའི་སྒར་ཆེན་དུ་དམངས་སྲོལ་རིག་གནས་འགྲེམས་སྟོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་ནན་གྱིས་བསྟན་དོན། བརྗོད་དོན་སྔར་ལས་དར་སྤེལ་གཏོང་བ་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། འགྲེམས་སྟོན་གྱི་བཀོད་པ་ཇེ་ལེགས་སུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་ལོ་སར་གྱི་དམངས་ཁྲོད་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཡག་པོ་བྱེད་དགོས་ཟེར། ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི་རུ་དགུན་དུས་ཡུལ་སྐོར་གྱི་གྲ་སྒྲིག་བྱ་བ་སོ་སོར་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་ནན་གྱིས་བསྟན་དོན། ནགས་ཚལ་ཁམས་གསོར་གཞིགས་ཏེ"མདོ་ལའི་ཁྱིམ་ཚང་གསོལ་སྟོན"དང་། ཨ་རིག་གླུ་ཤགས་འཁྲབ་སྟོན། སྐོར་བྲོ། དགུན་ཤའི་ཟས་མཆོག་བྲིན་ཚོང་བཅས་ལ་དམིགས་ནས་མདོ་ལ་རིང་མོའི་གངས་འཁྱག་དུས་ཚིགས་ཀྱི་སྨྱན་སྦྱོར་བྱེད་སྒོ་ཏན་ཏིག་ངང་ཡག་པོར་སྤེལ་ཏེ། དགུན་དུས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར། མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་རྗེས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་བབ་ཀྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང"ལྔ་བཅོ་ལྔའི"འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཡག་པོ་བྱེད་པ་དང་མིག་སྔའི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་བསྒྲུབ་སྟེ། རྒྱལ་ཕམ་ཐག་གཅོད་ཀྱི་རྣམ་པའི་ཐོག་ནས་མཐའ་མའི་གདོང་མཆོང་འགག་སྒྲོལ་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཟེར།
འཇུ་ལག་རྫོང་མདོ་ལ་རི་བོ་མེ་ལྷ་གངས་དཀར་ལྗོངས་ཁུལ་དུ་ལྗོངས་ཁུལ་དང་འཇུ་ལག་རྟའི་རིག་གནས་ཐོན་ལས་གླིང་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། དགུན་དུས་ཡུལ་སྐོར་མགོ་རྩོམ་མཛད་སྒོར་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ཡག་པོ་བྱས་ཏེ་རྟའི་ཐོན་ལས་རིག་གནས་དང་གངས་རིའི་སྣེ་ཁྲིད་པ། ཞིང་ཕྱུགས་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་འཚོང་། གངས་འཁྱག་བརྗོད་དོན་སྐོར་སྐྱོད་འཁྲབ་སྟོན། ཧུའེ་རིགས་ཀྱི་གསོལ་སྟོན་རོལ་དབྱངས་དང་དེ་བཞིན་དཔའ་རིས་གཉེན་སྟོན་གོམས་སྲོལ་འགྲེམས་སྟོན་སོགས་བརྒྱུད་དེ་མདོ་ལ་རི་བོའི་གངས་འཁྱག་དུས་ཚིགས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ“མི་ཚེ་གངས་རི་དང་པོའི”རིག་གནས་ཡུལ་སྐོར་ཆས་རྟགས་རྒྱུན་མཐུད་ངང་གཏོད་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཀྲུང་ཀྲི་ཅུན་དང་། ཀྲང་ཨའེ་ཧུང་། སི་ཅི་ཧྲིན། ཀྲང་ཐའོ། ཧོ་པིན། ཚོ་ཅི་ཆང་། ཝང་ཞིང་ཧོས། ཀང་ཧྥུ། མ་རུའུ་ཞང་བཅས་ཀྱིས་སོ་སོར་ཕེབས་རོགས་བྱས།
夏吾杰张胜源在调研冬季旅游工作时强调 精心办好青海湖封湖季祁连山冰雪季活动12月3日至5日,州委书记夏吾杰,州委副书记、州长张胜源在四县调研冬季旅游工作时强调,要深入学习贯彻省委十四届十次全会精神,认真践行“冰天雪地也是金山银山”的理念,精心办好青海湖封湖季祁连山冰雪季活动。在海晏县十二营旧址、克土码头、青海湖同宝山户外基地,实地察看冬季旅游启动仪式各项活动筹备情况。强调,海晏县要充分发挥十二营旧址、克土码头红色教育资源,围绕冰凌生态教育、观日落、祭湖、农畜文创产品促销,精心做好非遗展演等活动,讲好红色故事,充分彰显独特的红色文化、冰雪文化与民俗魅力。州文体旅游广电局要全面做好州级政务活动流程、场地布置等关键环节,扎实开展好同宝山跳锅庄、品火锅、观日出、唱红歌以及唐卡刺绣展示等活动,全力以赴将活动办出特色、办得精彩。在刚察县圣泉湾(断崖)生态体验区,详细了解冬季旅游活动组织、宣传预热等工作。强调,要坚持把文旅产业作为支柱产业,聚焦青海湖封湖季开湖季,突出地域文化特色,扎实开展好青海湖祭湖、马球及马上射箭表演、农畜文创产品促销等活动,全力打造环青海湖游牧文化(海北)生态保护实验区。要全面激活冬季旅游活力,通过发送邀请函,民间艺人打卡、景区免费开放等措施,持续提升宣传热度,吸引周边群众和游客主动参与、汇聚人气。在祁连县峨堡镇,走进石榴籽电力帐篷驿站,详细察看驿站设施设备后强调,要积极推广“石榴籽”电力流动驿站,切实为游客和群众提供便利服务,助力文旅产业发展和乡村振兴。来到九号大帐,详细了解民俗文化展陈等情况后强调,要进一步弘扬主旋律,突出地域文化特色,优化展陈布局,全力配合好全省藏历新年民间晚会各项筹备工作。在阿咪东索林海露营基地,详细了解冬季旅游各项筹备工作后强调,要聚焦森林康养,围绕“祁连家宴”、阿柔逗曲展演、锅庄互动、冬肉美食促销,扎实开展好祁连山冰雪季媒体行活动,全力推动冬季旅游发展。在听取祁连县委、县政府有关工作汇报后强调,要深入学习贯彻省委十四届十次全会精神,准确把握形势变化,科学谋划好“十五五”规划,扎实做好当前各项工作,以决战决胜姿态冲刺攻坚,努力完成全年目标任务。在门源县祁连山·岗什卡景区,实地察看景区及浩门马文化产业园建设情况。强调,要全力筹备好冬季旅游启动仪式,通过体验马产业文化、雪山向导、农畜文创产品展销、冰雪主题巡演、回族宴席曲及华热婚俗展演等,扎实开展好祁连山冰雪季活动,持续打响“人生第一座雪山”文旅品牌。州领导钟志军、张爱红、司吉昇、张涛、何斌、曹际强、王兴辉、钢夫、马如祥分别陪同。