网站无障碍
ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཚན་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མདའ་བཞིའི་འགན་འཁུར་མངོན་དགོས་པ་ནན་གྱིས་བསྟན།
发布时间:2025年12月15日 消息来源:

རྩོམ་སྒྲིག ཚེ་གཟུངས།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ12པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་མདའ་བཞིའི་ཚན་ཆུང་གི་ཚན་ཆུང་ཁག་བགོས་ནང་ཞུགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མདའ་བཞིའི་འགན་ཁུར་མངོན་དགོས། ཚང་མའི་གཏམ་བཤད་ལ་ཉན་རྗེས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ད་ལོའི་ཚུན་ལ། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རང་འགུལ་ངང་བྱ་བ་སྒྲུབ་པ་དང་དམ་འཛིན་དོན་གཉེར་བྱེད་པ། སྐྱེ་ཁམས་རྨང་གཞི་སྔར་ལས་མཛེས་སྡུག་ལྡན་པ། ཐོན་ལས་སྟོབས་ཤུགས་སྔར་ལས་ཆེ་བ། རིག་གནས་ཡུལ་སྐོར་ཆས་རྟགས་སྔར་ལས་གྲགས་པ། དམངས་འཚོའི་དྲིས་ལན་སྔར་ལས་ལེགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་སོ་སོར་ཕན་འབྲས་གསར་པ་བླངས་ཡོད་པས་གྲུབ་འབྲས་འདི་དག་ནི་ཐོབ་སླ་མོ་ཞིག་ག་ལ་ཡིན་ཟེར།

图片
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མདའ་བཞིའི་ས་ཁམས་གནས་ཡུལ་དམིགས་བསལ་དང་མངའ་ཁུངས་ལེགས་ཆ་མངོན་གསལ་ཡིན་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། མཐོན་པོ་སྒང་ལ་བུད་དེ་མིག་གིས་རྒྱང་ལ་བལྟས་ནས་འབད་པ་སྔོན་བརྩོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་སྟོན་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པའི་ཐད་དཔེ་སྟོན་བྱེད་དགོས། ཙོང་ཆུ་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། ཙོང་ཆུའི་སྐྱེ་ཁམས་དང་རིག་གནས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་ཙོང་ཆུའི་འབབ་རྒྱུད་ས་ཁུལ་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ“ཙོང་ཆུའི་མགོ་ཁུངས”ཀྱི་རྩོམ་ཡིག་ལེགས་པར་འབྲི་དགོས། ཁེ་ཐུའུ་བྱེ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་སྔོན་གྱི“སའེ་ཧན་པེ”བསྐྲུན་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་ལས་རིག་གནས་ཀྱི(མཚོ་བྱང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ཡག་པོ་བསྐྲུན་དགོས། སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་དམར་འགག་སྐྱེ་ཁམས་བཟོ་ལས་དཔལ་འབྱོར་གཅིག་སྡུད་འཕེལ་རྒྱས་ཁུལ་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རྩིས་ནུས“ས་གྲོལ”འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། ནུས་རྒྱུ་གཙང་མའི་རྗེས་གྲབས་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་སྤུས་འབྲས་མཐོར་གཏོང་བྱེད་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་ཚད་འདེགས་རྒྱ་སྐྱེད་སྐུལ་འདེད་བཏང་སྟེ་བོད་ལུག་ཁྲི་བཅུའི་གསོ་སྤེལ་རྟེན་གཞི་ལེགས་པར་བསྐྲུན་ནས་བེད་སྤྱོད་ཡག་པོ་བྱས་ཏེ་གཞི་ཁྱོན་ཅན་དང་ཞིབ་ཚགས་ཅན་གྱི་གསོ་སྤེལ་ལ་སྐུལ་འདེད་གཏོང་དགོས། བོད་ལུག་དང་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས་ཀྱི“ཐོན་ལས་ཆེན་པོ་ལྔ”དར་རྒྱས་གོང་འཕེལ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ་སོན་བཟང་སྤུས་ལེགས་ཐོན་ཁུངས་སྲུང་སྐྱོབ་དང་རྒྱུད་བཟང་སྤུས་ལེགས་རྒྱུད་སྤེལ་ཇེ་མགྱོགས་སུ་གཏོང་དགོས། ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲི་མོའི་འོ་ཕྱེ་བཟོ་གྲྭ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ། ཚད་གཞི་མཐོ་བའི་ཅོན་ཧྲན་བཞོན་མ་གསོ་སྤེལ་ར་བ་འཛུགས་སྐྲུན་བྱས་ནས་ཕྱུགས་ལས་འཕེལ་རྒྱས་ཁུལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཤྭ་ལུང་ཆུ་མཛོད་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཐད་ཁྱད་ཆོས་མངོན་དགོས། མདའ་བཞིའི་མེ་འཁོར་ས་ཚུགས་ཀྱི་རིམ་སྤར་ལ་སྐུལ་འདེད་དང་། མདའ་བཞིའི་སྤྱི་སྤྱོད་གནམ་ཐང་དང་མཚོ་སྔོན་པོའི་མེ་འཁོར་ས་ཚུགས་ཀྱི་འཛུགས་སྐྲུན་བརྩོན་ལེན་བྱེད་དགོས། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས“མཚོ་མོ་སྐམ་ས་མཁའ་དབྱིངས”ཀྱི་ལངས་གཟུགས་ཅན་གྱི་ཡུལ་སྐོར་འགྲིམ་འགྲུལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་པོ་ཡུལ་ཚོའི་གནས་སྤོ་དང་མཐོན་པོ་སྡེ་བའི་ཁང་རྙིང་བསྒྱུར་བཀོད་རིམ་སྤོར་ལེགས་པར་བསྒྲུབ་དགོས། དགུན་དུས་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་མཚོ་སྔོན་པོའི་མཚོ་དར་ཆགས་པའི་གཏམ་རྒྱུད་ཡག་པོར་བཤད་ནས་དགུན་དུས་ཡུལ་སྐོར་གྱི་ཆས་རྟགས་གང་སར་སྒྲོག་དགོས། མཚོ་སྔོན་པོ་སྐོར་བའི་བྱང་ངོགས་དང་རྡུལ་ཕྲན་མཁར་སྐོར་བའི་སྐྱེ་ཁམས་ཡུལ་སྐོར་སོགས་མཛེས་ལྗོངས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁམས་གསོ་ལྟེ་གནས་དང་ཤྭ་ལུང་ཆུ་ཚན། མདའ་བཞིའི་ཆུ་ཚན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཆུ་ཚན་ཐོན་ཁུངས་དང་གཙོ་གནད་ལྗོངས་ཁུལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི“ཆུ་ཚན་གྲོང་ཁྱེར”ཧུར་ཐག་སྒོས་གཏོད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི“མདུན་སྐྱོད་བཅུ་གཅིག”བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། དམངས་འཚོའི་འགན་སྲུང་དང་ལེགས་བསྒྱུར་ཐད་ཚད་བརྒལ་མངོན་འགྱུར་ཡོང་དགོས། ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་གྱི་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཞིང་ཆེན་ལྟེ་བའི་གྲོང་ཁྱེར་གྱི་འཛད་སྤྱོད་དང་ཐོན་ལས་ཞོར་ཐོན་དང་ལེན་ཧུར་ཐག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་ལེན་རྗེས་གྲབས་ཁུལ་དང་ཟི་ལིང་གྲོང་ཁྱེར་ཚོམས་ཀྱི“ལྟག་རྒྱབ་ཀྱི་མེ་ཏོག་ལྡུམ་ར”བསྐྲུན་དགོས། མཁར་གྲོང་དང་གྲོང་རྡལ་གྱི་གཙོ་གནད་ས་ཁོངས་དང་རྒྱལ་ལམ315ཡི་ལམ་རྒྱུད་ལ་དམིགས་ནས་སྡོང་འཛུགས་ནགས་བསྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར། ཚད་གཞི་མཐོ་བའི་རླུང་འགོག་ནགས་ཁུལ་འཛུགས་སྐྲུན་བྱས་ཏེ་མཚོ་སྔོན་པོའི་དམག་སྒར་བཅུ་གཉིས་པའི་མཐའ་འཁོར་དུ་རྩྭ་འདེབས་ལྗང་བསྒྱུར་ཏན་ཏིག་བྱེད་དགོས། ཚོང་འགུག་མ་འདྲེན་ཐད་མུ་མཐུད་དུ་འབད་བརྩོན་བྱས་ནས་ཀྲུང་གོའི་ཧ་ཡང་སྡེ་ཚོགས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་བརྩོན་ལེན་བྱས་ཏེ་དངོས་ཚན་ཁེ་ལས་དེ་བས་མང་བ་ཆུ་དམར་འགག་བཟོ་ལས་གླིང་ཁུལ་དུ་སྡོད་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་གང་ལེགས་བྱེད་དགོས། དབྱར་རྩྭ་དགུན་འབུའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མཚོ་བྱང་གི་དབྱར་རྩྭ་དགུན་འབུའི་ཆས་རྟགས་གཏོད་དགོས། གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ “ངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན”ཞེས་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས། སྙིང་སྟོབས་ཀྱི་བཙན་སའི་གསར་བརྗེའི་ཆས་རྟགས་གཙང་འབྱིད་ཐོག་ཚད་གཞི་འཛུགས་དགོས། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་གྱི་དབྱི་མེང་སྙིང་སྟོབས་དར་སྤེལ་གཏོང་བའི་དཔེ་མཚོན་གྱི་བྱེད་སྟངས་ལ་སློབ་སྦྱོང་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་དགོས། དར་གོས་ལམ་བུའི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་སྔོག་འདོན་གང་ལེགས་བྱེད་པ་དང་། ནུབ་མཚོ་ཅུན་གྱི་གཏམ་རྒྱུད་ཡག་པོར་བཤད་ནས་གསར་བརྗེའི་ཡུལ་སྐོར་རྨ་ནུབ་ཁྱམས་རིང་དང་། ཀན་སུའུ་མཚོ་སྔོན་གྱི་ཡུལ་སྐོར་ལམ་ཐིག་ཏུ་འདྲེས་རྒྱུར་སྐུལ་འདེད་གཏོང་དགོས། དམག་སྒར་བཅུ་གཉིས་པའི་གསར་བརྗེའི་སློབ་གསོའི་ས་ཚིགས་བེད་སྤྱོད་ཡག་པོ་བྱས་ཏེ་མཁའ་དམག་ས་གནམ་འཕུར་མདེལ་ཚོགས་པ་བརྒྱད་པ་དང་དེ་བཞིན་རྫས་མདེལ་མཛོད་ཁང་གནའ་ཤུལ་དེ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་ཀྱི་མིག་དཔེ་སྐལ་བཟང་དང་ལེན་ཧྥུ་ཀྲང་གི་སྙིང་སྟོབས་ཀྱི་སྔོན་ཐོན་དཔེ་མཚོན་བྱས་རྗེས་སྔོག་འདོན་བྱས་ཏེ་རྗེས་ཤུལ་སྲུང་སྐྱོབ་དང་སྙིང་སྟོབས་སྔོག་འདོན། གསར་བརྗེའི་ཉམས་ཞིབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

图片



夏吾杰在参加州委十三届十二次全会分组讨论时强调 在服务全州发展大局中彰显海晏担当

12月11日,州委书记夏吾杰参加州委十三届十二次全会海晏组分组讨论。强调,要学习贯彻党的二十届四中全会、省委十四届十次全会精神,按照州委全会部署,感恩奋进,实干争先,在服务全省全州发展大局中彰显海晏担当。在听取大家发言后,夏吾杰指出,今年以来,海晏县委、县政府团结带领广大干部群众主动作为、真抓实干,生态底色更靓、产业后劲更足、文旅品牌更响、民生答卷更好,经济社会发展各项事业取得新成效,成绩来之不易。

夏吾杰强调,海晏地理位置独特,区位优势明显,发展潜力巨大,要登高望远、奋楫争先,着力在推动高质量发展上走前列、作表率。要在筑牢生态安全屏障上作出示范。加强湟水河、青海湖流域生态保护和综合治理,守牢生态安全底线。深入挖掘湟水河生态、文化价值,加强与湟水河流域地区交流合作,做好“湟水之源”文章。加大克土沙区综合治理力度,打造青海“塞罕坝”建好环青海湖游牧文化(海北)生态保护实验区。坚持生态优先理念推动产业绿色发展,推动红河湾生态工业经济集中发展区提档升级,大力发展清洁能源,探索发展算力“飞地”,建设清洁能源后备基地。要在建强绿色有机农畜产品输出地上提质增效。推进生态农牧业九个一”配套工程提标扩面,建好用好十万只藏羊养殖基地,推动规模化集约化养殖。实施藏羊、牦牛、青稞、油菜、饲草“五大产业”振兴计划,加快优良种质资源保护、良种繁育。加大招商引资力度,加快建设牦牛奶粉厂,高标准建设娟姗奶牛养殖场,推动形成畜牧业发展带。稳步推进包忽图水库工程建设,提升水资源配置能力。要在打造国际生态旅游目的地上彰显特色。推动海晏火车站提档升级,争取建设海晏通用机场、青海湖火车站点。加快发展低空经济,不断完善“海陆空”立体化旅游交通网络。稳步做好青海湖乡搬迁及同宝村老旧房屋改造升级。抢抓冬季旅游发展机遇,讲好青海湖封湖故事,打响冬季旅游品牌。推进环青海湖北岸、环原子城生态旅游等风景道基础设施建设。加快推进康复中心、包忽图、达玉温泉产业发展,推动温泉资源与重点景区深度融合,着力打造青海“温泉之都”。扎实推进民族团结进步创建“十一进”活动,持续铸牢中华民族共同体意识。要在保障和改善民生上实现突破。加快推进西海镇、三角城镇一体化融合发展。积极承接省会城市消费与产业溢出,打造全省产业承接后备区与西宁都市圈“后花园”。瞄准城镇重点区域及315国道沿线,大力开展植树造林、国土绿化,高标准建设防风林带,扎实做好青海湖十二营周边种草复绿。持续在招商引资方面下功夫,争取中铝集团加大对口支援力度促进更多实体企业落户红河湾工业园区,充分带动群众就业。发展冬虫夏草特色产业,打造海北冬虫夏草品牌。深入推进乡村振兴,促进群众增收致富,持续开展“我为群众算笔幸福账”活动。要在擦亮精神高地红色品牌上树立标杆学习山东省临沂市弘扬沂蒙精神的典型做法,大力传承弘扬好“两弹一星”精神。充分挖掘丝路精神、青藏铁路精神,讲好西海郡故事,推动红色旅游融入河西走廊、青甘环线。用好十二营红色教育点,加大空军地空导弹八团团部及弹药库旧址的保护利用力度,挖掘时代楷模尕布龙廉福章精神先进典型事迹,推动遗址保护、精神挖掘与红色研学融合发展。