མཚོ་བྱང་ཁུལ་གྱི་ལྗོངས་ཁུལ4ལ་རྒྱལ་ཁབ་ཀྱིAརིམ་པའི་ཁས་ལེན་ཐོབ་སྟེ་མཐོ་སྒང་རིག་གནས་ཡུལ་སྐོར་ལ་སླར་ཡང་མིང་བྱང་གསར་པ་བསྩལ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་དངོས་སུ་ཁྱབ་བསྒྲགས་བྱས་ཏེ་ལྗོངས་ཁུལ12རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱས། དེའི་ནང་མཚོ་བྱང་ཁུལ་གྱི་ལྗོངས་ཁུལ4སྤུས་ལེགས་ཐོན་ཁུངས་དང་ཞབས་ཞུའི་དངོས་ཡོད་སྟོབས་ཤུགས་ལ་བརྟེན་ནས་འདམ་ཐོན་བྱུང་སྟེ་སླར་ཡང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་ལེའུ་གསར་པ་བྲིས། རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ནི། མདོ་ལ་རི་བོ་མེ་ལྷ་གངས་དཀར་ལྗོངས་ཁུལ། བོན་གྱའི་ཕྱུགས་སའི་ལྗོངས་ཁུལ། རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ནི། ནུབ་མཚོའི་ཆུ་ཚན་ལྗོངས་ཁུལ། མདོ་ལ་རིང་མོའི་ལྷ་མཚོའི་ལྗོངས་ཁུལ། ཐེངས་འདིའི་མཚན་སྙན་ཁྱད་པར་ཅན་འདི་ནི་མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་སྤུས་ཚད་ལ་དབང་ཐང་ལྡན་པའི་ཁས་ལེན་བྱས་པ་ཡིན་ལ། ཁུལ་ཡོངས་ཀྱིས“རིག་གནས་ཡུལ་སྐོར་མཉམ་འདྲེས”འཕེལ་རྒྱས་གཏིང་ཟབ་སྤེལ་བའི་གྲུབ་འབྲས་བརྟན་པོ་ཞིག་ཀྱང་ཡིན། གངས་རིའི་ཕྱུགས་ས་ནས་ཆུ་ཚན་ལྷ་ཆབ་བར་མཚོ་བྱང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྣལ་མའི་མཐོ་སྒང་གི་རྣམ་པ་དང་ཆེས་སེམས་རྩ་དྲོ་བའི་ཡུལ་སྐོར་ཞབས་ཞུའི་ཐོག་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་མ་བྱེད་བཞིན་འདུག མ་འོངས་པར། མཚོ་བྱང་ཁུལ་གྱིས་ཐེངས་འདིའི་རིམ་འདེམ་གོ་སྐབས་སུ་བརྩིས་ནས་ལྗོངས་ཁུལ་གྱི་སྒྲིག་བཀོད་མུ་མཐུད་ཇེ་ལེགས་དང་རིག་གནས་ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཡུལ་སྐོར་བས“སྙན་ངག་དང་རྒྱང་རིང”ཁྲོད་མཐོ་སྒང་གི་མཛེས་པ་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན། དེ་བས་ལྷན་རྒྱས་མཚོ་བྱང་ལ་ཕེབས་དང་། རི་ཆུའི་མཛེས་པ་དང་མི་ཆོས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་འདྲེས་པའི་མཛེས་སྡུག་གི་ཁ་ཆད་ཅིག་གི་ཆེད་དུ་སླེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ།
རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



