སྨོན་ལམ་མཐོན་པོའི་ཉི་ཤར་གྱི་མཛེས་ལྗོངས་ཀྱིས་འགྲུལ་བའི་དང་བ་འདྲེན་པ།
རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས།ཚེ་བརྟན་བཀྲ་ཤིས།
རི་བོའི་ཟོམ་ལ་འཛེགས་ནས་འཆར་ཀའི་སྤྲིན་གྱི་རྒྱ་མཚོ་ལ་རོལ། དགུན་དུས་ཀྱི་མཚོ་སྔོན་པོའི་བྱང་འགྲམ་གྱི་སྨོན་ལམ་མཐོན་པོ་ནི་ཡུལ་སྐོར་གྱི་གནས་ཚ་ཤོས་ཤིག་ཏུ་གྱུར་ཡོད་པས། ཡུལ་སྐོར་བ་མི་ཉུང་བ་ཞིག་དེ་གའི་ཉི་ཤར་གྱི་གཟི་ཉམས་ལ་གཟས་ནས་ལྟ་རུ་འོང་།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཁོངས་ཀྱི་སྨོན་ལམ་མཐོན་པོར་མཚོ་འཕགས་སྨི4024ཡོད་ཅིང་། མཚོ་སྔོན་པོའི་བྱང་ངོགས་ནས་མཚོ་ཁུལ་གྱི་བཀོད་པ་ཇི་བཞིན་གཟིགས་ཐུབ་པའི་རི་བོ་མཐོ་ཤོས་ཡིན་པ་དང་། འདིར“སྐྱ་མདའ་དང་པོ་ཕོག་པའི་གནས”ཞེས་གསོལ། རི་རྩེར་འགྱིང་བ་ན། སྨུག་པ་རིམ་བརྩེགས་ཀྱི་མཚོ་སྔོན་པོ་དང་། གསེར་དངུལ་ཐང་ལ་བརྡལ་བ་ལྟ་བུའི་བྱེ་གླིང་། ཁོད་ཡངས་ཤིང་མུ་མཐའ་བྲལ་བའི་གསེར་དངུལ་ཐང་། ད་དུང་ལོ་རྒྱུས་ཀྱི་དཔང་བོར་གྱུར་པའི་ནུབ་མཚོ་གྲོང་རྡལ་བཅས་མིག་གི་མཐོངས་འོག་ཏུ་ཡོད་པས། རང་བྱུང་དང་མི་ཆོས་ཀྱི་གཟི་དཔལ་འབར་བའི་རི་མོ་ཞིག་གཅལ་དུ་བཀྲམ་པ་དང་འདྲ།
ཉི་ཤར་གྱི་རྩེ་མོར། མཁའ་མཐའ་ནས་ལི་ཁྲི་དམར་སྐྱའི་ཟེར་མ་འགྱེད་ཅིང་། འཆར་ཀའི་འོད་ཟེར་གསེར་གྱི་བཙོ་མ་ལྟར་སྤྲིན་གྱི་རྒྱ་མཚོར་ཁྱབ། ལྗོངས་རྒྱུ་བ་རྣམས་གྲང་ངར་ལ་འཇིགས་པ་མེད་པར། པར་ཆས་སུ་ནམ་མཁའི་མཐོངས་སྔོ་སང་ངེར་འགྱུར་བའི་སྐད་ཅིག་རེ་རེ་པར་དུ་བཏབ།
ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། སྨོན་ལམ་མཐོན་པོའི་རི་འདབས་ཀྱི་སྒར་འདེབས་རྟེན་གཞི་སོགས་ས་གནས་དེ་གའི་ལས་རྣམ་གསར་བ་རིམ་བཞིན་འཕེལ་རྒྱས་བྱུང་སྟེ། ཡུལ་སྐོར་བ་ཚོར་མཐོ་སྒང་གི་རོལ་རྩེད་བྱེད་སྟངས་སྣ་ཚོགས་བསྐྲུན།

རི་བོའི་ཟོམ་ནས་ཉི་མ་འཆར་བ།

ལྗོངས་རྒྱུ་བས་ཉི་ཤར་ལ་སྒུག་པ།

རི་བོའི་ཟོམ་ནས་ཉི་མ་འཆར་བ།

ལྗོངས་རྒྱུ་བས་ཉི་ཤར་ལ་སྒུག་པ།

ཉི་འོད་དལ་གྱིས་འཆར་བ།

ཉི་ཤར་གྱི་མཛེས་ལྗོངས།