网站无障碍
ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་ཞིང་ཆེན་གྱི་འབྲེལ་ཡོད་ཐིན་དང་ཅུས། ཁེ་ལས་སུ་བསྐྱོད་དེ་བྱ་བར་འབྲེལ་མཐུད་བྱས།
发布时间:2025年12月19日 消息来源:

རྩོམསྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ12པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། ཀྲུང་གོ་ཧྭ་ནེང་སྡེ་ཚོགས་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་། མཚོ་སྔོན་ཞིང་ཆེན་མ་འཇོག་སྡེ་ཚོགས་བཅས་སུ་བསྐྱོད་དེ་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་བརྗེ་རེས་གནང་ཞིང་། འབྲེལ་མཐུད་གཏིང་ཟབ་བྱས་ནས་རྒྱབ་སྐྱོར་བརྩོན་ལེན་བྱས། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་ཧན་ཧྲི་གཉིས་ཀྱིས་སོ་སོར་ཕེབས་རོགས་བྱས།  

图片

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་ཐིན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཏུང་ཡུས་དབྱི་དང་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོ་བྱེད་པའི་མ་དངུལ་བརྩོན་ལེན་དང་། རྒྱུ་རྐྱེན་གཙོ་བོའི་ཞབས་ཞུ་འགན་སྲུང་། ལྟ་ཞིབ་ཚད་ལེན་གྱི་ཁྲིམས་བསྟར་ནུས་པ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་བསྟར། རིགས་སོ་སོའི་ལྟ་ཞིབ་ལྡོག་ལེན་གྱི་གནད་དོན་བཅོས་སྒྲིག་དང་སྐྱེ་ཁམས་ལས་བྱེད་སློབ་གླིང་འཛུགས་པ་སོགས་ཀྱི་ཐད་ངོས་འཛིན་གཅིག་མཐུན་བྱུང་། ཞིང་ཆེན་ནོར་སྲིད་ཐིན་དུ་ཐིན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཐིན་ཀྲང་ཧྥིན་ཀྲི་ཀང་དང་ནོར་ཤུགས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་དང་། ས་གནས་ཀྱི་སྤྱིར་བཏང་བུ་ལོན། ནོར་སྲིད་ཀྱི་གྲུབ་འབྲས་དོ་དམ་སོགས་ཐད་འབྲེལ་གཏུག་དང་འབྲེལ་སྦྱོར་བྱས། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་སུ་ཅུས་ཀྲང་ཀྲང་ཀྲུང་ལེང་དང་མཉམ་དུ་ས་གནས་ཀྱི་དངུལ་རྩའི་ཏང་འཛུགས་སྐྱོང་བྱ་བ་དང་། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར། ས་གནས་ཀྱི་དངུལ་རྩའི་ཉེན་ཁ་སེལ་བ་སོགས་ཀྱི་བྱེད་ཐབས་ལ་ཞིབ་འཇུག་བྱས། ཧྭ་ནེང་སྡེ་ཚོགས་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་དུ་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཏིན་ཁུན་དང་སྤྱི་གཉེར་བ་ལི་ཨར་ཀྲུང་དང་ལྗང་མདོག་ནུས་རྒྱུ་གླིང་ཕྲན་གྱི་ལས་གཞིར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་བྱས། ཞིང་ཆེན་མ་འཇོག་སྡེ་ཚོགས་སུ་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ཝང་ཀྲིན་ལིན་དང་གློག་འབྱེད་ཧ་ཡང་ཐོན་སྐྱེད་ལམ་གྱི་ལྗང་མདོག་གློག་ཤུགས་ཐད་འདོན་དང་། ནུས་རྒྱུ་གཙང་མ་གསར་སྤེལ། ཐང་ཧུའུ་གློག་ཁང་གི་འཕྲུལ་འཁོར་ཚན་པར་སྒྱུར་བཅོས། ས་ཁོངས་ཀྱི་ནུས་རྒྱུ་འགན་ལེན་སོགས་ཀྱི་ཐད་ངོས་འཛིན་གཅིག་མཐུན་བྱུང་།               

图片

བཞུགས་མོལ་གནང་སྐབས། ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་གྱི་ཐིན་དང་ཁེ་ལས་སོ་སོས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ད་ལོའི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོས་བསྟན་དོན། མིག་སྔར་མཚོ་བྱང་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་གྱི་འཐབ་ཇུས་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་ཡོད་པ་དང་། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་གྱི་ངེས་གནས་དང་ལྗང་མདོག་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་རིན་ཐང་མངོན་འགྱུར། ལས་གཞི་གལ་ཆེན་གྱི་མ་དངུལ་འགན་སྲུང་དང་ལྗང་མདོག་དངུལ་རྩའི་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། ནུས་རྒྱུ་གཙང་མའི་ཐོན་ལས་ལ་མ་དངུལ་འཇོག་པ་སོགས་ཀྱི་ཐད་སྲིད་ཇུས་ཀྱི་འདེགས་སྐྱོར་དང་ཐོན་ཁུངས་བཀོད་སྒྲིག་སྔར་ལས་མང་བ་བྱེད་དགོས་ཤིང་། ཞིང་ཆེན་གྱི་ཐིན་དང་ཁེ་ལས་ཀྱིས་སྔར་རྒྱུན་བཞིན་མཚོ་བྱང་ལ་ཐུགས་ཁུར་རྒྱབ་སྐྱོར་དང་མཚོ་བྱང་ལ་མ་འཇོག་བྱས་ཏེ། མ་དངུལ་གྱི་རྒྱབ་སྐྱོར་དང་། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཞིང་ཆེན་ཐད་གཏོགས་ཀྱི་ཐིན་དང་ཅུས། ཁེ་ལས་ཀྱི་ཤུགས་ཆེའི་རོགས་རམ་འོག་ཁྱད་ལྡན་བྱེད་ཐབས་དང་བཀྲག་མདངས་འཚེར་བའི་ཉམས་མྱོང་སྔར་ལས་མང་བ་བཏོད་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་དབུལ་བར་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཟེར།

图片

ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་སོ་སོའི་འགན་འཁུར་བས་མཚོ་བྱང་ཁུལ་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྣམ་པ་བཟང་བོར་ཁས་ལེན་གང་ལེགས་གནང་ལ། མཚོ་བྱང་ཁུལ་གྱིས་རེ་ཞུ་བྱས་པའི་དོན་ཚན་ལ་རེ་རེ་བཞིན་ལན་བཏབ་པར་མ་ཟད། མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་བསམ་འཆར་དང་གྲོས་མགོ་བཏོན། ཁོ་ཚོས་བཤད་རྒྱུར། མཚོ་བྱང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་གནས་བབ་གལ་ཆེན་དང་ནུས་པ་འབུར་མངོན་གསལ་ཐོན་ཡོད་པས་རང་སོ་སོའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་སྲིད་ཇུས་དང་རྒྱུ་རྐྱེན་གཙོ་བོ། ལས་གཞི། མ་དངུལ། མ་འཇོག་སོགས་ཀྱི་ཐད་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐུལ་བྱ་རྒྱུ་ཡིན་ཟེར།

图片

ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ནོར་སྲིད་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོ་སོར་ཞུགས།  


张胜源带队赴省相关厅局和企业衔接工作

12月17日,州委副书记、州长张胜源赴省生态环境厅、省财政厅、省地方金融监督管理局以及中国华能集团青海分公司、青海省投资集团,与主要负责同志进行座谈交流,深化对接,争取支持。副州长尕玛才仁、韩石分别陪同。

在省生态环境厅,与厅党组书记董玉毅就生态修复治理项目资金争取、重点要素服务保障、监测执法能力建设、生态环境综合执法、各类督察反馈问题整改以及生态干部学院组建等取得共识。在省财政厅,与厅党组书记、厅长冯志刚就财力性转移支付、地方一般债务、财政绩效管理等进行沟通衔接。在省地方金融监督管理局,与局长张忠良就地方金融党建工作、金融服务实体经济、地方金融风险化解等研究了举措。在华能集团青海分公司,与公司党委书记丁坤、总经理李二中就绿色能源岛项目推进等进行沟通。在省投资集团,与集团党委副书记、总经理王振林就电解铝生产线绿电直连、清洁能源开发、唐湖电厂机组改造、区域能源保障等方面达成共识。

座谈中,张胜源对各省厅和企业长期以来给予海北经济社会发展的支持帮助表示感谢,并介绍了今年海北经济社会发展有关情况。他指出,当前海北正全面融入全省产业“四地”建设战略,立足生态安全屏障定位和绿色发展需求,在生态保护与价值实现、重大项目资金保障、绿色金融服务实体经济、清洁能源产业投资等方面迫切需要更多的政策支撑和资源配置。希望省厅和企业一如既往关心支持海北、投资海北,在资金支持、要素保障、项目建设以及新能源投资等方面给予更多支持。海北州在省委、省政府坚强领导和省直厅局及企业的大力帮助下,力争创造更多特色做法和亮点经验,为全省发展大局作出更大贡献。

各省直相关部门和企业负责人充分肯定了海北发展成绩、良好态势,就海北州恳请事项逐一作出回应,并提出了指导性、操作性意见和建议。他们表示,海北在全省发展大局中地位重要、作用突出,将积极发挥各自优势,在政策、要素、项目、资金、投资等方面努力支持,助推海北高质量发展。

州发改委、州财政局、州生态环境局相关负责同志分别参加