ཀྲུང་གུང་རྐང་ཚ་རྫོང་ཨུ་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས22ཉིན།ཀྲུང་གོ་གུང་ཁྲན་ཏང་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་རྫོང་གྲོས་ཚོགས་ལྟེ་གནས་སུ་འཚོགས།ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་དང་།ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས།རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན་གྱིས་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གནང་བའི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་བསྡུར་བྱས་ཏེ།《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐེངས་བཅོ་ལྔ་བའི་ལོ་ལྔའི་འཆར་གཞི་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་གི་གྲོས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྔར་ལས་ཡིད་ཆེས་བརྟན་པོ་དང་།དངོས་སྒྲུབ་སྔོན་བརྩོན་བྱས་ཏེ།རྐང་ཚས་ཁུལ་ཡོངས་དང་ཞིང་ཆེན་ཡོངས།རྒྱལ་ཡོངས་བཅས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་།རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན་གྱིས《གྲོས་གཞི(གྲོས་བསྡུར་མ་ཟིན)》ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བར་མ་ཟད།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་།མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གསུང་བཤད་གནང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཆི་ཧྥེང་དང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཚའོ་ལི་ཧའེ།སྟག་འབུམ།མེང་ཡུང་ཁྲའོ།སྐལ་བཟང་།རྫོང་ཨུའི་རྒྱུན་ཨུ་ཧོན་མིན།ཀྲིན་ཝུན་ཅ།ལིན་ཞན་པའོ།ཁུང་ཧྥན་ཅེ།སྐལ་བཟང་སྒྲོལ་མ།ཧོང་མིན་མེན།ཀའོ་ཆི་ཧྥུ།དེ་བཞིན་རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་བཅས་ཚོགས་འདུར་ཞུགས།


ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྟོབས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་མཆིས། ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐེངས་བཅོ་ལྔ་བའི་ལོ་ལྔའི་འཆར་གཞི་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ནས་ང་ཚོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མདུན་སྐྱོད་བྱེད་པར་ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་རྩ་བའི་བརྩི་བྱ་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པར“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁག་སོ་སོ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་དང་། མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་སློང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་གནད་འགག་གི་གཙོ་གནད་གསལ་བོར་བསྟན། ང་ཚོས་ཐུན་མོང་ཕྱུག་འགྱུར་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་མཛུབ་སྟོན་ལག་ལེན་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ཀུན་སྤྱོད་ཞིང་ཆེན་དང་ཁུལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་བྱས་ཏེ། སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་ལས་དོན་མུ་མཐུད་དམ་འཛིན་གཏིང་ཟབ་བྱས་ཏེ། དངོས་བསྒྲུབ་གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དམིགས་ཚད་ལེགས་འགྲུབ་བྱུང་སྟེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པ”དབུ་ཚུགས་པ་དང་ལེགས་པོ་མངོན་འགྱུར་བྱ་ཆེད་བྱས་རྗེས་འབུལ་དགོས།





ཚང་འཛོམས་གྲོས་ཚོགས་ཀྱིས2025ལོའི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད།རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།ཏང་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་།སྐོར་ཞིབ་ཚུར་ལན་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བར་དམ་འཛིན་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་ལ་མུ་མཐུད་ཤུགས་བསྣན་ནས་ཚད་མཐོའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་ཡོད།དམངས་ཚིས་འགན་སྲུང་ཇེ་ལེགས་སུ་བཏང་སྟེ།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་བྱུང་ཡོད་པ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ཚད་མཐོའི་འཕེལ་རྒྱས་ཀྱི་འགྲུལ་བཞུད་གསར་པ་མགོ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ཡོད།



རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་།རྫོང་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཨུ་ཡོན།ལྟ་ཞིབ་ཨུ་ཡོན།ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་སྒྲིག་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།རྫོང་ཨུའི་སྡེ་ཁག་སོ་སོ་དང་།རྫོང་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོའི་ཏང་ཨུ(ཏང་ཙུའུ)།མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ།རྫོང་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས།རྫོང་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་དང་ཁུལ་གྱི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ།སྡེ་བ(སྡེ་ཁུལ)སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཞིང་ཆེན་དང་ཁུལ།རྫོང་བཅས་ཏང་གི་འཐུས་མི་ཁ་ཤས་ཚོགས་འདུར་ཟུར་ཞུགས་བྱས།