网站无障碍
ཁུལ་ཨུའི་དཔལ་འབྱོར་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།
发布时间:2025年12月30日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ཟླ12པའི་ཚེས26ཉིན། ཁུལ་ཨུའི་དཔལ་འབྱོར་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ"'ལྔ་བཅོ་ལྔ'བརྩོན་པས་བསྐྱེད། མགོ་ཡག་རྩོམ་རྒྱུ་འགན་ལེན་བྱེད"ཅེས་པ་བརྗོད་དོན་དུ་བཟུང་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་། བློ་བསྡུས་དགེ་འཚོལ་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ནས"ལྔ་བཅོ་ལྔའི"དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་བསམ་བློའི་རྨང་གཞི་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་། ཁུལ་ཨུའུ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་གོ་ཆིན་ཚོགས་འདུར་ཞུགས།

图片

 ཚོགས་འདུའི་ཐོག ཀྲའོ་ཧའེ་ཕིང་དང་ཧོ་པིན། ཀང་ཧྥུའུ། མ་རུའུ་ཞང་། ཧྭ་ཝུན་ཞུག ཧན་ཧྲི། རྐང་ཚ་རྫོང་དང་མདའ་བཞི་རྫོང་། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་འཕྲིན་ཅུས། ཁུལ་ནོར་སྲིད་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་གཞི་གྲངས་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་དང་། ཁུལ་ཐད་གཏོགས་ལས་ཁུངས་ཁག་ཅིག་གིས་ཡིག་ཐོག་ནས་བརྗེ་རེས་བྱས། ཚང་མས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པར་དམིགས་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཏན་འཁེལ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བསམ་ཕྱོགས་གསལ་བོ་བཟོ་བ་དང་བྱེད་ཐབས་འདོན་པ། འཕེལ་རྒྱས་དོན་གཉེར་བཅས་བྱས་པས། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གསལ་སྟོན། ཡིད་ཆེས་ཆེར་སྐྱེད་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད་ཟེར།

图片

 ཤ་བོ་སྐྱབས་ཀྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུས"ལྔ་བཅོ་ལྔའི"རྒྱང་སྐྱོད་ལམ་བུ་གསར་པ་མགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 2026ལོ་ནི་ང་ཚོས་གོ་སྐབས་དམ་འཛིན་དང་གནས་བབ་གཏན་འཁེལ། གོམ་སྟབས་བརྟན་པོ་སྤོ་བ་བཅས་ཀྱི་འགག་རྩའི་ལོ་ཞིག་ཡིན་པས་ངེས་པར་དུ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་སྟོན་བྱེད་པ། དངོས་སྒྲུབ་ཀྱིས་གྲུབ་འབྲས་དངོས་གསར་གཏོད། འབད་འཐབ་ལ་བརྟེན་ནས་མ་འོངས་པ་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

图片

 ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན"རྒྱལ་དོན་གྱི་ཆེ་ཕྱོགས"ཡིད་ལ་བཅངས་པ་དང"ཞིང་ཆེན་གྱི་གལ་ཆེན"ལ་དམིགས་པ།"ཁུལ་གྱི་དོན་ཆེན"དམ་འཛིན་ཏན་ཏིག་བྱས་ཏེ་འཕེལ་རྒྱས་ཀྱི་གནས་ཚད་ཁོང་དུ་ཡང་དག་ཆུད་པར་བཅས་བྱས་ཏེ་སྤྱིའི་གནས་བབས་གསལ་རྟོགས་དང་ཁུལ་གྱི་གནས་ཚུལ་གནད་ལ་འཁེལ་བར་ཤེས་རྟོགས་བྱེད་པའི་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བར་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁུལ་ཡོངས་ཀྱི་ཐོན་ཁུངས་ཀྱི་ལྷན་ནུས་དང་ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ། གོ་སྐབས་གལ་ཆེན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་ཏན་ཏིག་བསྒྱུར་དགོས། ལས་གཞི་དམ་འཛིན་དང་ཐོན་ལས་སྟོབས་ཆེར་གཏོང་བ། དམངས་འཚོ་འགན་ལེན་བྱེད་པ། མ་མཐའི་མཚམས་ཐིག་སྲུང་བ་བཅས་མཉམ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་གི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས"123"གྱི་རྨང་གཞིའི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ། ལྗང་མདོག་གློག་རྩིས་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་འོག་ཚ་ནུས་ཐོན་ཁུངས་སྤྱད་དེ"ཆུ་ཚན་གྲོང་ཁྱེར"གཏོད་པ་དང"ཟས་སྨན་ཁུངས་གཅིག"གཅིག་གི་བདེ་ཐང་ཐོན་རྫས་གསར་སྤེལ་བྱས་ནས"མཚོ་སྔོན་གྱི་སྨན་གྱི་གྲོང་ཁྱེར"གྱི་ཐོན་ལས་ཀྱི་མིང་བྱང་བཏོད་དེ་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། "1+10"ཡི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང"མཚོ་བྱང་གི་དངོས་སྒྲུབ"བྱེད་སྟངས་ལག་བསྟར་བྱས་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ལས་འགན་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། སང་ལོར་མགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

图片

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་། ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་བྱ་བ་བཀོད་སྒྲིག་ནང་བྱན་ཆུད་པར་བྱེད་པ་དང་གོང་རིམ་གྱི་སྲིད་ཇུས་གོ་བ་གཏིང་ཟབ་བླངས་ནས། ཁུལ་དང་རྫོང་གི་གནས་ཚུལ་དངོས་དང་མཐུན་པའི་བྱ་ཐབས་ཆ་ཚང་ཞིབ་འཇུག་དང་སྒྲིག་བཟོ་བྱས་ཏེ། དོན་འཁྱོལ་དང་ལེན་བྱེད་སྐབས་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་དོན་གཉེར་བྱེད་དགོས། ཁུལ་ཁོངས་ཀྱི་ད་ཡོད་རྨང་གཞི་དང་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་དམིགས་ནས། ཞན་ཆ་གསབ་པ་དང་ལེགས་ཆ་འདོན་སྤེལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། དངོས་དོན་གཉེར་ཞིང་སྤྱོད་གོ་ཆོད་པའི་ལམ་ལུགས་དང་ལམ་སྲོལ་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་དང་སྔོན་ཐོན་བརྩོན་ལེན་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཔལ་འབྱོར་དམ་འཛིན་དང་། མ་དངུལ་འཇོག་པར་སྐུལ་འདེད། འཕར་སྣོན་བརྟན་པོ་ཡོང་བ་བཅས་ཀྱི་བྱ་བའི་ལམ་སྲོལ་རབ་དང་རིམ་པ་གཙོ་གནད་དུ་བཟུང་ནས་བེད་སྤྱོད་ཡག་པོ་བྱེད་པ་དང་། གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལྟར། དངོས་དོན་གཉེར་ཞིང་འགན་འཁུར་ཕོད་པ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས"ལྔ་བཅོ་ལྔའི"མགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱུང་དགོས།

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས།