网站无障碍
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནོར་ཁྲལ་དངུལ་རྩའི་ལས་ཁུངས་སུ་བརྟག་ཞིབ་གནང་སྐབས་དངུལ་རྩའི“གསོན་ཤུགས”ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན།
发布时间:2026年01月04日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་སོ་སོར་ནོར་ཁྲལ་དངུལ་རྩའི་ལས་ཁུངས་ཁག་ཅིག་ལ་བསྐྱོད་དེ་བརྟག་ཞིབ་གནང་བར་མ་ཟད། ལོ་མཇུག་གི་ངེས་རྩིས་བྱ་བའི་འཐབ་ཕྱོགས་སུ་འབད་བརྩོན་བྱེད་པའི་ལས་བྱེད་ལས་བཟོ་བར་འཚམས་འདྲི་གནང་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁེ་ལས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། དངུལ་རྩའི“གསོན་ཤུགས”ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས་ཟེར།  


    ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་སོ་སོར་ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་དང་། ཁུལ་ཁྲལ་དོན་ཅུས། ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་། མདའ་བཞི་རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་མདའ་བཞི་ཡན་ལག་སྤྱི་གཉེར་ཁང་སོགས་ཁུལ་དུ་བཅའ་སྡོད་བྱས་པའི་ནོར་ཁྲལ་དང་དངུལ་རྩའི་ལས་ཁུངས་སུ་ཡོང་ནས་བཞུགས་མོལ་བརྗེ་རེས་གནང་ལ། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་། དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཏེ། ལོ་གསར་བའི་ནང་དུ་ཚང་མས་མུ་མཐུད་དུ་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བྱ་བ་དངོས་སྒྲུབ་ཀྱི་འགན་འཁུར་ནས་སྔར་ལས་མང་བའི་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་ལྕག་གནང་། ཞབས་ཞུའི་ཚོམས་ཆེན་དང་གཞུང་ལས་ས་ཁོངས་སོགས་གནས་ཡུལ་དུ་ལས་བྱེད་ལས་བཟོ་བ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་སྒྲིག་གཞི་སོ་སོའི་ལས་ཚིགས་དང་ལས་གཉེར་ཕན་འབྲས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས། ཉེན་ཁ་སྔོན་འགོག་དང་སེལ་བའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། ལོ་གཅིག་གི་རིང་། ཁུལ་ཡོངས་ཀྱི་ནོར་ཁྲལ་དངུལ་རྩའི་ཁོངས་གཏོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ནས་རང་ས་གནས་ལ་གཞི་ཚུགས་པ་དང་དངོས་ཚན་ལ་ཞབས་འདེགས་ཞུ་བར་བརྟེན་ནས་དངུལ་རྩའི“གསོན་ཤུགས”འཕེལ་བར་བྱས་ཡོད། 2025ལོར་ཁུལ་ཡོངས་ཀྱི་དངུལ་བུན་བུན་གཏོང་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར127.88ཡིན་ཞིང་། ན་ནིང་དང་དུས་མཚུངས་ལས་སྒོར་དུང་ཕྱུར1ཇེ་མང་དུ་ཕྱིན་ལ་འཕར་ཚད0.81%རེད།  དངུལ་བུན་དང་བཅོལ་དངུལ་བསྡུར་ཚད64.6%ཟིན་ཡོད། དེའི་ནང་། ཁེ་ལས་ཆུང་གྲས་འཕེལ་རྒྱས་ལ་གཙོ་གནད་ཐོག་ཞབས་འདེགས་ཞུས་པ་དང་དངུལ་བུན་བུན་གཏོང་ལྷག་གྲངས་སྒོར་དུང་ཕྱུར27.7ཟིན་ཡོད། གནད་འཁེལ་སྒོས་ཁྲོམ་རའི་བྱེད་པོར་སྐྱེ་སྟོབས་རྒྱས་པར་རོགས་རམ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཟེར།   

    ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་ནོར་ཁྲལ་དངུལ་རྩའི་བྱ་བས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ། རྒྱལ་ཡོངས་དངུལ་རྩའི་ཁོངས་གཏོགས་ཀྱི་བྱ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་རིགས་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི“བྱེད་ཐབས་ཉི་ཤུ”དོན་འཁྱོལ་ནན་མོ་བྱེད་དགོས་ལ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་དང་ཐོན་ལས་རིགས་སྒྱུར་རིམ་སྤོར།  དམངས་འཚོའི་བདེ་རྩ་ཇེ་ལེགས་སུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས།  “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་ལས་འགན་ལ་གཞི་ཚུགས་ནས། “མཚོ་བྱང་ལྔ”འཛུགས་སྐྲུན་གྱི་དམིགས་འབེན་དམ་པོར་འཛིན་པ་དང་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། ནོར་ཁྲལ་དངུལ་རྩར་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བར་ཤུགས་སྣོན་པ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བར་དམ་འཛིན་ཏན་ཏིག་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་འདེགས་སྐྱོར་བརྟན་པོ་འཛུགས་དགོས།  མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་རྟེན་གཞི་འཛུགས་སྐྲུན། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི“123”རྨང་གཞི་བརྟན་གཏོང་གི་ལས་གཞི་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་སོགས་མ་དངུལ་བསྡུ་རྒྱུག་གི་དགོས་མཁོར་གནད་འཁེལ་སྒོས་འབྲེལ་མཐུད་བྱེད་པ་དང་། འཇུ་ལག་རྫོང་དེང་རབས་ཐོན་ལས་གླིང་དང་མདའ་བཞིའི་ཆུ་དམར་འགག་སོགས་ཐོན་ལས་གླིང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་མཚོ་བྱང་གི་དཔལ་འབྱོར་བརྟན་ལྷིང་ཁྲོད་ཇེ་ལེགས་སུ་འགྲོ་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།   

    བརྟག་ཞིབ་ཁྲོད། ནོར་ཁྲལ་དང་དེ་བཞིན་ཁུལ་དུ་བཅའ་སྡོད་བྱས་པའི་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་བས་བཤད་རྒྱུར། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཐོག་མཐའ་བར་གསུམ་དུ་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། རྒྱུན་མཐུད་སྒོས་དངུལ་རྩའི་ཞབས་ཞུ་བྱེད་ནུས་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ་དངུལ་རྩའི་ཐོན་རྫས་གསར་གཏོད་བྱ་རྒྱུ་ཡིན་ལ། དངུལ་རྩས་དཔལ་འབྱོར་ལ་གསོན་ཤུགས་སྩོལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་གཉེར་ཁེ་ལས་ཆུང་གྲས་དང“ཞིང་གསུམ”ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་བྱེད་པོ་སོ་སོའི་མ་དངུལ་བསྡུ་རྒྱུག་གི་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱས་ཏེ། “དངུལ་རྩའི་གསོན་ཤུགས”ཀྱིས་རྒྱུན་མཐུད་སྒོས་ས་གནས་འཕེལ་རྒྱས་དང་གསོ་སྐྱོང་བྱས་ཏེ་ཁུལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་སྤུས་འབྲས་ལེགས་གཉེར་ལ་སྔར་ལས་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

   ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་། ཚོ་ཅི་ཆང་། ཧན་ཧྲི། ལུང་ཡུང་ཧྲིན། དབྱང་ཏེ་བཅས་ཞུགས།