ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། མཚོ་བྱང་ཁུལ་གྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ལོའི་དཔལ་འབྱོར་བྱ་བར་ཞིབ་འཇུག་དང་འཆར་འགོད་ནན་ཏན་བྱེད་དགོས་ཤིང་། གོང་ལ་འབྲེལ་གཏུག་འབྲེལ་མཐུད་དང་འོག་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། བསམ་ཕྱོགས་དང་ཐབས་ཤེས་བཙལ་ནས་ཞན་ཆ་ཁ་གསབ་དང་ལེགས་ཆ་དར་སྤེལ་བྱས་ཏེ། “ལྔ་བཅོ་ལྔའི”མགོ་ཡག་པོར་རྩོམ་པ་དང་གོམ་སྟབས་ལེགས་པོར་བསྐྱོད་རྒྱུར་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱིས་སྲིད་འཛིན་ཁྲིམས་བསྟར་ལ་གཅིག་གྱུར་འཆར་འགོད་དང་ཚད་ལྡན། ལྟ་སྐུལ་དང་མཐུན་སྦྱོར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཁྲིམས་ལྟར་ལུགས་མཐུན་གྱིས་བྱ་བ་ནན་མོར་བསྒྲུབ་སྟེ། མཚོ་བྱང་ཁུལ་གྱི་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གསར་གཏོད་ཀྱི་རྣམ་པ་གསར་བ་གཏོད་དགོས། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། རྒྱུན་མཐུད་སྒོས་སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་འཚོ་བའི་བཙོག་ཆུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་འཇོན་མི་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་པར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་ཏན་ཏིག་སྒོས་མཐོ་རུ་བཏང་སྟེ་དཔེ་སྡུར་ཚད་འཛིན་ནན་ཏན་བྱས་ཏེ། ཀྲུང་དབྱང་གི་སྐོར་ཞིབ་ལྡོག་ལན་གནད་དོན་བཅོས་སྒྲིག་གི་ཇུས་གཞི་དམ་འཛིན་གྱིས་གཏན་འབེབས་བྱས་ཏེ། ཀྲུང་དབྱང་གི་སྐོར་ཞིབ་ལྡོག་ལན་དང་དེ་བཞིན་ལྟ་སྐུལ་ཞིབ་བཤེར་སྣ་ཚོགས་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཟུང་འབྲེལ་གང་ལེགས་བྱས་ནས་གནད་དོན་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། རྒྱལ་ཁོངས་ལྗང་སྒྱུར་དང་བྱེ་འགོག་བཅོས་སྐྱོང་། སྐྱེ་ཁམས་ཉམས་གསོ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་འགུལ་སྐྱོད་ལ“ཕྱི་མིག་ལྟ་བར”སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སོ་སོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག རང་བྱུང་གནོད་འཚེ་འགོག་སྲུང་སོགས་འགག་རྩའི་གཙོ་གནད་ལ་དམིགས་ནས། ནུས་ལྡན་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་མོ་དང་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “དུས་ཆེན་གཉིས”རིང་སྒྲིག་འགལ་ཟ་འཐུང་དང་སྒྲིག་འགལ་ངང་ལག་སྐྱེས་དང་སྒོར་མོ་བསྡུ་སྐྱེལ། དེ་བཞིན་མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་བཅོས་སྐྱོང་བཅས་ཀྱི་ཆེད་དོན་བཅོས་སྐྱོང་དམ་འཛིན་བྱས་ནས་ཕྱོགས་སོ་སོའི་འགན་འཁྲིའི་འབྲེལ་ཐག་དམ་ཟབ་བྱས་ཏེ་ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱི་སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན་ཡོང་བར་འགན་ལེན་བྱེད་དགོས་ཟེར།
ཚོགས་འདུའི་ཐོག 《མཚོ་བྱང་ཁུལ་གྱི2025ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ》སོགས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་།