网站无障碍
མཚོ་སྔོན་པོའི་བྱང་ངོགས་ཀྱི་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་དགོ་དམར་ཁྱུ་ཡིས་རྩྭ་ཆུར་རོལ་ནས་བག་ཡངས་རྒྱུ་བཞིན་འདུག

发布时间:2026年01月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   གྲང་ངར་ཆུང་བའི་དུས་སུ།མཚོ་སྔོན་པོའི་བྱང་ངོགས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་རྩྭ་ཐང་དུ་དགོ་དམར་ཁྱུ་ཚོགས་མང་པོ་བག་ཡངས་སུ་རྒྱུ་བཞིན་ཡོད་ལ།  2007ལོའི་ཟླ12པར། ཀྲུང་གོའི་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་དང་པོ་རྐང་ཚ་རྫོང་དུ་དངོས་སུ་བཙུགས་པ་དང་།   མིག་སྔའི་བར་དགོ་དམར་ཕྱི་རོལ་དུ་རྒྱུ་བའི་ཁྱུ་ཚོགས3700ལྷག་ཙམ་ཟིན་ལ། ཐོག་མའི་སྲུང་སྐྱོ་དུས་ཀྱི་ལྡབ12ཟིན་ཡོད།

པར་ལེན་པ། ཚེ་བྱམས་རྒྱལ།