网站无障碍
"མཚོ་སྔོན་མདོ་ལ་རྩྭ་ཐང་གི་སྐྱས་སྤོས་མ་ལག"ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་འདེམས་སྒུག་ལས་གཞིའི་མིང་ཐོའི་ནང་བདམས་ཐོན་བྱུང་།
发布时间:2026年01月14日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་འདེམས་སྒུག་ལས་གཞི་མིང་ཐོ་ཁག་བརྒྱད་པ་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་ཞིང་ལས་མ་ལག་ཁག90ཚུད་ཡོད་པའི་ཁྲོད། མཚོ་སྔོན་མདོ་ལ་རྩྭ་ཐང་གི་སྐྱས་སྤོས་མ་ལག་མིང་ཐོ་འདིའི་བདམས་ཐོན་བྱུང་།

图片

<<ཞིང་ལས་དང་གྲོང་གསེབ་པུའུ་གཞུང་ལས་ཐིན་གྱི་འབྲེལ་ཡོད་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་སྔོག་འདོན་བྱ་བ་ཁག་བརྒྱད་པ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ>>(ཞིང་ལས་གཞུང་ལས་ཁང〔2024〕ཨང11པ)ཡི་བླང་བྱ་ལྟར། གྲོང་ཁྱེར་དང་རྫོང་གིས་ཡིག་ཐོག་སྙན་ཞུ་ཕུལ་ཞིང་། ཞིང་ཆེན་རིམ་པས་འོས་སྦྱོར་དང་ཆེད་མཁས་པས་དཔྱད་མོལ། སི་དང་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བཅས་བྱས་པ་བརྒྱུད། "པེ་ཅིང་ཏ་ཤིན་བྱེ་ཐང་གི་ཤིས་ཀྭ་འདེབས་གསོའི་མ་ལག"སོགས་སྲོལ་རྒྱུན་གྱི་ཞིང་ལས་མ་ལག90ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་འདེམས་སྒུག་ལས་གཞིའི་མིང་ཐོའི་ནང་ཚུད་པ་སྤྱི་བསྒྲགས་བྱས་ཡོད་ཀྱང་། སྤྱི་བསྒྲགས་དུས་ཡུན་ཉིན་ལྔ་སྟེ། 2026ལོའི་ཟླ1པོའི་ཚེས12ཉིན་ནས2026ལོའི་ཟླ1པོའི་ཚེས16ཉིན་བར་ཡིན།