ཤ་བོ་སྐྱབས་ཁུལ་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་འཇུ་ལག་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟོབས་པ་ཆེན་པོས་ལས་འགན་ལྕི་མོ་འཁུར་དགོས་པ་ནན་གྱིས་བསྟན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ1པོའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་འཇུ་ལག་ཚན་ཆུང་གི་ཁག་བགོས་གྲོས་སྡུར་ནང་ཞུགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟོབས་པ་ཆེན་པོས་སྔོན་བརྩོན་དང་ལས་འགན་ལྕི་མོ་འཁུར་དགོས་པ་ནན་གྱིས་བསྟན།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཤ་བོ་སྐྱབས་ཀྱིས་བསྟན་དོན། 2025ལོའི་ཚུན་ལ་འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་དངོས་འཛིན་དངོས་སྒྲུབ་བྱས་པས་སྐྱེ་ཁམས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་དཔལ་འབྱོར་གྱི་གཞོང་ཆེན་བརྟན་ལ་ནུས་པ་ལྡན་པ་དང་ཐོན་ལས་ཕྱོགས་སྒྱུར་གྱི་སྒུལ་ནུས་ཆེ་རུ་ཕྱིན་ནས་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ཆས་རྟགས་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད་ལ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ལྷག་པར་དུ2025ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན4.5%འཕར་བ་དང་། ནས་ཀྱི་སྲ་གཟུགས་བཏུང་བྱ་དང་སྦོས་འགྱུར་ཟས་རིགས་སོགས་ཐོན་རྫས་གསར་པ10ལྷག་ཞིབ་འཇུག་གསར་བཏོན་བྱས་པས"འཇུ་ལག་སྤུས་ལེགས་ཐོན་རྫས"ཀྱི་མཚན་སྙན་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ལ། མེ་ལྷ་གངས་དཀར་ལྗོངས་ཁུལ་གྱི་སྙན་པ་གང་སར་ཁྱབ་ཅིང་། རྫོང་ཡོངས་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི350ལས་བརྒལ། "གངས་རིའི་སྣེ་ཁྲིད"ཀྱི་ཞིང་ཆེན་རིམ་པའི་ངལ་ནུས་ཆས་རྟགས་སྐྱེད་སྲིང་བྱས་ཏེ། ཁུལ་སྨན་ཁང་གཉིས་པ་གྲུབ་འབྲས་ཐོབ་པའི་ངང་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་བཏོད་ལ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་སོ་སོར་གྲུབ་འབྲས་གསར་བ་བླངས་པར་ཁས་ལེན་བྱེད་འོས་པ་ཞིག་རེད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། འཇུ་ལག་གི་གནས་བབ་ལེགས་ཆ་མངོན་གསལ་དོད་པོ་ཡིན་པ་དང་ཞིང་ལས་རྨང་གཞི་བརྟན་པ། ཐོན་ལས་འཕེལ་རྒྱས་མགྱོགས་པ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱ་ཆེན་པོ་བཅས་ཡིན་པས་ཁྱོན་ཡོངས་ལ་བལྟས་ནས་ཡར་རྒྱས་བརྩོན་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འཇུ་ལག་གི་འགན་འཁྲི་གསར་བ་དང་བྱས་རྗེས་གསར་བ་མངོན་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་ཐད་འགན་འཁྲི་སྔར་ལས་ཆེ་བ་མངོན་དགོས། འཇུ་ལག་ཆུ་དང་མུ་རི་ཆུའི་འབབ་རྒྱུད་ཀྱི་སྦགས་བཙོག་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་། མདོ་ལ་རི་བོའི་ལྷོ་འདབས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། མེ་ལྷ་གངས་དཀར་དང་སྟག་ལུང་སོགས་དཔེ་མཚོན་འཁྱགས་རོམ་གངས་རིའི་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་ཚོད་ལྟ་བྱེད་སྟངས་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་ཉམས་ཞིབ་དང་རང་བྱུང་སློབ་གསོ། སྐྱེ་ཁམས་ཉམས་ལེན་སོགས་ཀྱི་ལས་སྒོ་གསར་སྤེལ་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་ཐད་ཚད་བརྒལ་སྔར་ལས་ཆེ་བ་ཡོང་བར་བྱེད་དགོས། མཐོ་སྒང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ། འབྲུ་རིགས་གྲང་མོ་དང་འབུ་ཕྲ་གྲང་མོ། ཆུ་གྲང་ཉ། སྔོ་ཚལ་གྲང་མོ། སྣུམ་གྲང་ལོ་ཏོག་བཅས"གྲང་མོ་ལྔའི"ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་ཆེན་ཡོངས་སུ་སྐད་གྲགས་ཆེ་བའི་འཇུ་ལག་ཆུ་གྲང་ཉའི་ཆས་རྟགས་གསར་གཏོད་བྱེད་པ། སེར་ཤ་སྐམ་ཤའི་ཁུ་བ་སོགས་ཐོན་རྫས་གསར་པ་གསར་སྤེལ་བྱས་ནས་འཇུ་ལག་གྲང་བཙིར་སྣུམ་གྱི་ཆས་རྟགས་སྟོབས་ཆེར་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་། "ཟ་སྡོད་དང་ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད"ཀྱི་སྦྲེལ་ཐག་ཧྲིལ་པོ་རྒྱ་སྐྱེད་གཏོང་བ། "རི་ཆུ་ནགས་ཞིང་མཚེའུ་རྩྭ"བཅས་རིག་གནས་ཡུལ་སྐོར་ས་ཆ་དྲུག་བསྐྲུན་པ། སྒེར་འཁོར་གཏོང་བའི་སྒར་ས་དང་སྐྱེ་ཁམས་སྒར་ས་འཕེལ་རྒྱས་གཏོང་བ། གངས་ལུང་བྲག་ཕུག་དང་ཡུང་ཨན་གནའ་མཁར་སོགས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་བཅས་བྱེད་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་མཐུད་འོས་སྦྱོར་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། མེ་ལྷ་གངས་དཀར5Aརིམ་པའི་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ"མི་ཚེའི་གངས་རི་དང་པོའི"ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཁེ་ལས་ཆུང་འབྲིང་སྐྱེད་སྲིང་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། གསེར་གཏེར་རྩད་ཞིབ་གསར་སྤེལ་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཀྲུང་བོད་སྨན་རྫས་གསར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆུ་མིག་ཨར་ལས་རྒྱུ་ཆ་གསར་པའི་ནུས་རྒྱུ་གྲོན་ཆུང་དང་སོ་ཕག་བཟོ་གྲྭ་སོགས་ཁེ་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་དགོས། མཁར་གྲོང་ཆུས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་སྔར་ལས་མཛེས་སྡུག་ལྡན་པའི་རི་མོ་མངོན་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གསར་པར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་སྡེ་བའི་མིང་ཐོའི་ངོས་འཛིན་ཐིག་གི་ཚད་བརྒལ་ཡོང་བར་བརྩོན་ལེན་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི“བཅུ་ལྡན”བཟོ་གྲྭ་སྲ་བརྟན་དང་མཐོར་འདེགས་གཏོང་བ། སྡོད་གནས་དང་ལས་རིགས། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་འཛུགས་སྐྲུན་བྱེད་དགོས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་དྲིས་ལན་དེ་བས་སྐྱིད་པོ་འདེབས་དགོས། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ནས་དབྱི་སི་ལན་བཟའ་བཏུང་དང་ངལ་ལས་ཆས་རྟགས་གསར་པ་བསྐྲུན་ནས་གཙོ་གནད་ཚོགས་པའི་ལས་ཞུགས་བརྟན་པོའི་ངང་རྒྱ་ཆེར་གཏོང་དགོས། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། བློ་རིག་སློབ་གསོའི་དཔེ་སྟོན་དང་ཁྱད་ལྡན་སློབ་གྲྭ་གསར་སྐྲུན། དཔེ་ཀློག་སློབ་གྲྭ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ་ཝེ་ཧའེ་ས་གནས་གཞན་པའི་འཛིན་གྲྭའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། བདེ་ཐང་འཇུ་ལག་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་སྨན་ཁང་གཉིས་པར་མཛུབ་ཁྲིད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་བོད་སྨན་གྱི་སྨན་སྣ་ལེགས་སྒྲིག་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་དང་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་རྒྱུ། རྫོང་དང་ཡུལ་ཚོ། སྡེ་བ་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ། གཞུང་བཙུགས་གསོ་སྐྱོང་ལས་ཁུངས་ཡག་པོ་བཅས་གཉེར་དགོས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་དེ་བས་མཐོ་བ་འཛུགས་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བསྐྱོད་པ་བཅུ་གཉིས”བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས་ནན་ཀོན་དབྱི་སི་ལན་ཆོས་ཁང་མཐུན་སྒྲིལ་སྒོ་ཕྱེ་བའི་ཆས་རྟགས་ཇེ་གསལ་དུ་བཏང་ནས་འབྲུ་གུ་དགོན་དགའ་ལྡན་ཆོས་འཁོར་གླིང་དང་སེམས་ཉིད་དགོན་དགའ་ལྡན་དར་རྒྱས་གླིང་གི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕན་ནུས་ཆེ་བའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་འགོག་ཚོད་འཛིན་དམ་འཛིན་ཏན་ཏིག་བྱས་ནས“ཆུང་དྲུག”དང“སྣེ་ཁྲིད་གཅིག་དང་བཅོས་སྐྱོང་བཞིའི”བྱ་བའི་བཅའ་ཁྲིམས་སོགས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་བེད་སྤྱོད་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་ཐོག་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རམ་འདེགས་སྲུང་སྐྱེལ་བྱེད་དགོས་ཟེར།