མཚོ་བྱང་གིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར9.46བྱིན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“ལྔ་བཅུ་བཞིའི”ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་དམངས་འཚོར་འགན་སྲུང་དང་། མཐའ་ཚད་སྲུང་བ། རྨང་གཞི་སྲ་བརྟན། ནུས་པ་མཐོར་འདེགས་བཅས་ལ་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་མི་ཐེངས་ཁྲི9.38ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར9.46བྱིན་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲོད་ཁོལ་བསྩལ།
མཚོ་བྱང་དམངས་སྲིད་ཀྱིས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་རྒན་གསོ་ཞབས་ཞུའི་མི་འདང་ས་ཁ་གསབ་བྱས་ནས། གོང་རིམ་གྱི་མ་དངུལ་སྒོར་ཁྲི6869བརྩོན་ལེན་བྱས་ཏེ་རྒན་གསོ་ཞབས་ཞུའི་སྒྲིག་ཆས་གསར་སྐྲུན་བསྒྱུར་བཀོད་བྱས་ཤིང་། ཁུལ་ཡོངས་སུ་རྒན་གསོའི་ལས་ཁུངས་དང་སྒྲིག་ཆས155གཉེར་སྐྱོང་བཀོད་སྒྲིག་བྱས། མ་དངུལ་སྒོར་ཁྲི1900ལྷག་བཏང་ནས་རྒན་པའི་བདེ་སྐྱིད་ཟ་ཁང151འཛུགས་སྐྲུན་བྱས་ལ། ཁྱོན་བསྡོམས་མི་ཐེངས་ཁྲི72.1ལ་ཞབས་འདེགས་ཞུས་ཡོད། ལོ་ན་མཐོ་ཤོས་དང་གློ་བུར་གནོད་འཚེ་ཐེབས་པ་སོགས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.9བཏང་སྟེ། རྒན་རྒོན་མི་ཐེངས་ཁྲི3.1ལ་ཕན་ཐོགས་པར་བྱས། ཁུལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ཆ་འཕྲིན་སྟེགས་བུ་བསྐྲུན་ཞིང་། རྒན་རྒོན་ལ་ཟ་མ་ལྡུད་པ་དང་ཁྲུས་བྱེད་པ། གཙང་སྦྲ་བྱེད་པ་སོགས་ཀྱི་ཞབས་ཞུ་བྱས་ནས། དམིགས་བསལ་དཀའ་ཁག་ཡོད་པའི་རྒན་རྒོན་གྱི་དགོས་མཁོ་ཐག་གཅོད་བྱེད་ཚད100%ལ་སླེབས།
“1+5+N”རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོར་མ་ལག་བཙུགས་ནས། མཁར་གྲོང་གི་དམའ་སྲུང་ཚད་གཞི་དེ2020ལོའི་མི་རེར་ཟླ་རེར་སྒོར633དང་ལོ་རེར་སྒོར4800ནས་མི་རེར་ཟླ་རེར་སྒོར765དང་ལོ་རེར་སྒོར6168བར་ཇེ་མཐོར་བཏང་ལ། “ལྔ་བཅུ་གསུམ་པའི”མཇུག་དང་བསྡུར་ན་སོ་སོར20.9%དང28.5%འཕར་ཡོད། ཕྱོགས་ཡོངས་ནས་དམའ་སྲུང་མཐའ་ལུས་ཁྱིམ་ཚང་དང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གཏན་འཁེལ་བྱས་ཤིང་། གནས་སྐབས་རོགས་སྐྱོར་གྲབས་དངུལ་ལམ་ལུགས་བཙུགས་ཏེ། ཕྱོགས་ཡོངས་ལ་ཁེབས་པ་དང་རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ནུས་མཐོ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོར་རྣམ་པ་ཆགས་པར་བྱས། “གཞི་གྲངས་ཆེན་མོའི་བསྡུར་བ་དང་གྲལ་བཤེར་ནན་མོ་བྱེད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་བོར་བསྐྱར་ལོག་མི་འབྱུང་བའི་མཐའ་ཚད་དམ་པོར་བསྲུངས་ཡོད།
མཚོ་བྱང་ཁུལ་གྱིས་དཀའ་ཁག་ཡོད་པའི་བྱིས་པའི་ཕན་བདེའི་འགན་སྲུང་ལ་ཤུགས་བསྣན་ནས། དྭ་ཕྲུག་དང་གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཚད་གཞི་དེ2020ལོའི་མི་རེར་ཟླ་རེར་སྒོར960ནས་མི་རེར་ཟླ་རེར་སྒོར1148བར་ཇེ་མཐོར་བཏང་བ་དང་། “ལྔ་བཅུ་གསུམ་པའི”མཇུག་དང་བསྡུར་ན19.6%འཕར་ཡོད། བྱིས་པར“གྲལ་བཤེར་ཆེན་མོ་བྱེད་པའི”འགུལ་སྐྱོད་རིགས་བཅུ་ཏན་ཏིག་གིས་སྤེལ་བ་དང་། ཁྱོན་བསྡོམས་དཀའ་ཁག་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི1137368སྤྲད། དུས་མཚུངས་སུ། ཚད་གཞི་མཐོ་བའི་སྒོ་ནས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱི་གཉེན་སྒྲིག་ཐོ་འགོད་ཁང་དང་གཉེན་ཐོར་འདུམ་འགྲིག་ཁང་། གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཁང་། ཡིག་ཚགས་ཁང་། ཐོ་འགོད་ལ་སྒུག་སའི་ཚོམས་ཆེན། དཔང་ཡིག་སྤྲོད་སའི་ཚོམས་ཆེན་བཅས་འཛུགས་སྐྲུན་བྱས་ཏེ་རྫོང་བཞིར་ཕྱོགས་ཡོངས་ནས་ཁེབས་པར་བྱས། ནུས་ཤུགས་ཡོད་རྒུས་དུར་འཇུག་དོ་དམ་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། ཕྱོགས་ཡོངས་ནས་གཞི་རྩའི་དུར་འཇུག་ཞབས་ཞུའི་རིན་མེད་ལམ་ལུགས་ཁག6དོན་འཁྱོལ་བྱས་ཏེ། ཁྱོན་བསྡོམས་སྐྱེ་ཁམས་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི514.7བྱིན།