网站无障碍
ལོ་སར་གུང་གསེང་སྐབས་མཚོ་བྱང་གིས་ཡུལ་སྐོར་བ་ཁྲི21.66སྣེ་ལེན་ཞུས།
发布时间:2026年02月28日 消息来源:

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 





རྩོམ་སྒྲིག ལྷ་ཆེན།         ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར            བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



    ལོ་གསར་གུང་གསེང་སྐབས་སུ། མཚོ་བྱང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རར་མི་ཚོགས་མང་བ་དང་། ལོ་གསར་གྱི་རྣམ་པ་ཟབ་པ། སྒྲིག་ལམ་ལེགས་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད། གུང་གསེང་གི་ཉིན་བཅུ་གཉིས་རིང(ཟླ2པའི་ཚེས15ཉིན་ནས་ཟླ2པའི་ཚེས26ཉིན་བར)ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི21.66ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི8370.81ཟིན་ཡོད། 

图片

ཡུལ་སྐོར་རིག་གནས་ཀྱི་དམངས་ཕན་ཕན་འབྲས་མངོན་གསལ་དོད། 

ལྗོངས་ཁུལ་དུ་མི་ཚོགས་རྒྱས་ཤིང་གསོན་ཤུགས་འཕེལ་ཡོད།

      图片

      

ལོ་སར་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱིས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས། ཕུན་སུམ་ཚོགས་པའི་གུང་གསེང་གི་ཡུལ་ལྗོངས་བྱ་འགུལ་སྤེལ་ཞིང་། ལྗོངས་ཁུལ་སོ་སོས་རང་གི་ཁྱད་ཆོས་དང་ཁྱད་སྟོབས་ཟུང་འབྲེལ་བྱས་ཏེ། ཐོན་རྫས་ཀྱི་མཁོ་སྤྲོད་གསར་གཏོད་བྱས་པ་དང་། གཟིགས་སྐྱོང་གི་བྱེད་ཐབས་སྣ་མང་བཏོན་ནས་ཡུལ་སྐོར་བ་རྣམས་ལ་སྤྲོ་གསེང་གཏོང་བར་རོགས་རམ་བྱས། “མི་ཚོགས་མང་བའི”ཚ་རླབས་དེ་མཚོ་བྱང་ཁུལ་གྱི་ལྗོངས་ཁུལ་སོ་སོར་རྒྱུན་མཐུད་ངང་བྱུང་། 

图片

དེའི་ཁྲོད་དུ། མདོ་ལ་རིང་མོའི་མེ་ལྷ་གངས་དཀར་རི་བོའི་ཕྱི་རོལ་ལུས་རྩལ་བྱ་ཡུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི11ལ་སྣེ་ལེན་བྱས་པ་དང་། གྲངས་ཀ་འདིས“གྲང་བའི་ཐོན་ཁུངས”ཀྱིས་མུ་མཐུད་དུ“ཚ་བའི་དཔལ་འབྱོར”གྱི་གསོན་ཤུགས་རྒྱས་སུ་བཅུག་པ་མ་ཟད། མདོ་ལ་རིང་མོའི་མེ་ལྷ་གངས་དཀར་རི་བོའི་ཕྱི་རོལ་ལུས་རྩལ་བྱ་ཡུལ་དེ་དགུན་དུས་མཐོ་སྒང་གི་ཡུལ་སྐོར་གྱི་ཆེས་དགའ་བསུ་ཐོབ་པའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་པ་དང་། གངས་འཁྱག་ཡུལ་སྐོར་དེ་མཚོ་བྱང་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།     

图片

རིག་གནས་ཡུལ་སྐོར་གྱི་ངོ་མཚར་བྱ་འགུལ་ལས། 

ཕྱོགས་བཞིའི་མགྲོན་པོའི་གུང་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། 

图片
图片

ལོ་སར་གུང་གསེང་གི་སྐབས་སུ། མཚོ་བྱང་ཁུལ་གྱི་རྫོང་ཁག་སོ་སོས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་མུ་མཐུད་དུ་རྩ་འཛུགས་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་དགའ་སྟོན་གྱི་གསོལ་སྟོན་གཅིག་རྗེས་གཉིས་མཐུད་དུ་མངོན་པར་བྱས་ཏེ། དུས་ཆེན་གྱི་རི་མོ་གསོན་ཉམས་ལྡན་པ་ཞིག་མངོན་པར་བྱས་པ་དང་། དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་གང་སར་ཁྱབ་ཡོད།    


图片

   སྨོན་ལས་མཐོན་པོའི་སྒང་དུ་བསྐྱོད་དེ་འཁྱགས་རོམ་གྱིས་བསྡམས་པའི་མཚོ་སྔོན་པོར་བལྟ་བ་དང་། ཨ་མྱེས་སྟོང་སོའི་སྒང་དུ་ཕྱིན་ནས་ནགས་ཚལ་དང་གངས་ལྗོངས་ལ་གཟིགས་པ། རྐང་ཚ་རྫོང་དུ་སོང་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཟློས་གར་ལ་ཉན་པ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེ་རིག་གནས་ཀྱི་ངོ་མཚར་ལ་མྱོང་རོལ་བྱས་པ་དང་། “མི་ཚེའི་གངས་རི་ཐོག་མ”ལ་འཛེགས་ནས་རི་འཛེགས་ཀྱི་སྤྲོ་སྣང་ལ་མྱོང་རོལ་བྱས་པ། ཤ་ལུང་ཆུ་ཚན་དུ་ལུས་སེམས་གསོ་བའི་ཆུ་ཚན་ཐེངས་གཅིག་ལ་བསྡད་པ་སོགས་ཡུལ་སྐོར་བས་མཚོ་བྱང་གི་རང་བྱུང་མཛེས་ལྗོངས་མྱོང་རོལ་བྱེད་པའི་དུས་མཚུངས་སུ། ཡུལ་སྲོལ་གོམས་གཤིས་མི་འདྲ་བ་ཚོར་ཐུབ་བྱུང་ཡོད།

图片

ཤུལ་བཞག་དམངས་སྲོལ་རིག་གནས་ཀྱིས་ལོ་སར་ལ་བཀྲག་མདངས་འཚེར།

རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་སྲོལ་རྒྱུན་ལོ་སར་ལ་གསོན་ཤུགས་བསྩལ།


图片
图片

ལོ་གསར་གུང་གསེང་རིང་། མཚོ་བྱང་ཁུལ་གྱི་ས་གནས་སོ་སོའི་དམངས་སྲོལ་རིག་གནས་བྱེད་སྒོ་རེས་མོས་ཀྱིས་སྤེལ་བ་དང་། བཀྲག་མདངས་རྣམ་པར་འཚེར་བ། ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ལོ་གསར་སྐོར་སྐྱོད། རྣམ་པ་མང་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་སྲོལ་རྒྱུན་ལོ་གསར་གྱི་རྣམ་པར་གསོན་ཤུགས་རྒྱས་པར་བྱས་ཏེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས། མི་རྣམས་ཀྱིས་སྲོལ་རྒྱུན་དམངས་སྲོལ་གྱི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད།

图片

     དཔའ་རིས་བོད་ཀྱི་རྒྱན་གོས་དང་ཧེས་རིགས་ཀྱི་གསོལ་སྟོན་གླུ་གཞས་སོགས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གཅིག་བསྡུས་ཀྱིས་འཁྲབ་སྟོན་བྱས་པ་དང་། ནུབ་ཀྱི་རྒྱལ་མོའི་སྐོར་བསྐྱོད་དང “མཚོ་སྔོན་པོའི་རིག་གནས”ཀྱི་དམངས་གླུ་སྤྲོ་ཚོགས། མེ་ཕུང་སྐོར་བྲོ་སོགས་ཀྱི་བྱེད་སྒོ་རེས་མོས་ཀྱིས་སྤེལ་བས། ཡུལ་སྐོར་བ་རྣམས་ཀྱིས་མཚོ་བྱང་ཁུལ་གྱི་མེ་ཕོ་རྟ་ལོའི་ལོ་གསར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་དུ་བཅུག་ཡོད།

图片

བྱེད་ཐབས་སྣ་མང་གིས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།

རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་ཞིང་གོ་རིམ་ལྡན་ཡོད།

图片
图片
མཚོ་བྱང་ཁུལ་གྱིས་དུས་ཆེན་གཉིས་ཀྱི་སྐབས་སུ་བདེ་འཇགས་དོ་དམ་ལྷོད་གཡེང་དུ་མི་གཏོང་བར་རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་འགན་ལེན་བྱས་པ་དང་། ཡུལ་སྐོར་ཁྲོམ་རའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་མཚོ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་འདུག