2026ལོའི་སྲིད་གཞུང་བྱ་བའི་ལས་འགན་ཆེན་པོ་བཅུ།
发布时间:2026年03月09日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྒྱལ་ནང་གི་ཚོང་ར་སྟོབས་ལྡན་འཛུགས་སྐྲུན་ལ་ཤུགས་བསྣན་རྒྱུ།
སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏང་བར་དམ་འཛིན་བྱ་རྒྱུ།ཆུ་ཚད་མཐོ་བའི་ཚན་རྩལ་ཐད་རང་ཚུགས་རང་འབད་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏང་རྒྱུ།གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་གཏང་རྒྱུ།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་ཆེར་གཏང་རྒྱུ།གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏང་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ།དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཆེ་རུ་གཏང་རྒྱུ།ཁྱོན་ཡོངས་ནས་ལྗང་མདོག་རིགས་བསྒྱུར་ལ་སྐུལ་འདེད་གཏང་རྒྱུ།གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་དང་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་རྒྱུ།