网站无障碍
ཁྱིམ་མཚེས་ཀྱི་བརྩེ་བར་བརྟེན་ནས་རྒན་རྒོན་གྱི་བདེ་སྐྱིད་སྲུང་།
发布时间:2026年03月19日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

༢༠༢༦ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཅིན་ཧྭ་ཡིས་བཏོན་པའི་གྲོས་གཞིའི་མི་སེམས་དྲོད་ཀྱིས་ཁེངས།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ནི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ། སྡོད་གནས་ཁ་ཐོར་ཡིན་པ་སོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། མོའི་སྡེ་བ་རིམ་པའི་རྒན་གསོའི་ཁམས་འདྲི་རུ་དཔུང་ཞིག་འཛུགས་རྒྱུའི་གྲོས་གཞི་བཏོན། ལས་བྱེད་པའི་ཁག་ཁུར་དང་། དང་བླངས་ཞབས་ཞུ། སྤྱིན་ཕན་ལས་གནས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁ་་ཐག་རིང་བའི་འབྲོག་སྡེའི་ལོ་ལོན་རྒན་རྒོན་ལདུས་རྒྱུན་དུ་བདག་སྐྱོང་བྱེད་མཁན་ཡོད་ལ། དོན་དག་བྱུང་ཚེ་རོགས་རམ་བྱེད་མཁན་ཡོད་པའིརྒན་གསོའི་རྣམ་པ་ཞིག་འཛུགས་དགོས། 

གྲོས་གཞི་འདིའི་རིན་ཐང་ནི། སྲོལ་རྒྱུན་རྒན་གསོའི་རྣམ་པའི་གོམས་གཤིས་ཀྱི་བསམ་གཞིགས་ལས་བརྒལ་ཏེ། མཐོ་སྒང་འབྲོག་ཁུལ་གྱི་དོན་དངོས་དང་མཐུན་པའི་ཐག་གཅོད་བྱེད་ཐབས་ཞིག་རྙེད། དུས་ཡུན་རིང་པོའི་ནང་། མཚོ་སྔོན་གྱི་ཁ་ཐག་རིང་བའི་འབྲོག་སྡེའི་རྒན་གསོ་འགན་ལེན་ལ་གྲུབ་ཚུལ་རིང་བཞིན་གྱི་གནད་དོན་ནི། བདེ་སྐྱིད་གླིང་འཛུགས་སྐྲུན་བྱས་ཀྱང་ལོ་ལོན་འདུག་མི་ཐུབ་པ་དང་། རྒན་གཉོར་པ་བསྡུ་ལེན་བྱས་ཀྱང་སྡོད་མི་ཐུབ་པ། མ་རྩ་ཆེན་པོ་བཏང་ཡང་གྲུབ་འབྲས་མངོན་གསལ་མིན་པའི་གནད་དོན་དང་འཕྲལ་ཡོད།

མཚོ་སྔོན་འབྲོག་ཁུལ་གྱི་རྒན་གསོའི་ཆེས་ཆེ་བའི་གནད་དོན་ནི་མ་དངུལ་གྱིས་མ་འདང་མ་ཡིན་པར་ཞབས་ཞུ་མ་འདང་བ་དེ་ཡིན། ཉེ་འཁོར་གྱི་སྤྱི་ལེ་བརྒྱ་ལྷག་གི་རྩྭ་ཐང་སྟེང་དོན་དངོས་སུ་ཆེད་ལས་ལས་ཁུངས་ཀྱི་གང་མང་ཡོད་མོད། འོན་ཀྱང་སྡེ་བའི་ལས་བྱེད་དང་ཁྱིམ་མཚེས། དང་བླངས་པ་ལོ་ལོན་གྱི་གམ་ན་བསྡད་ཡོད། ཁོ་ཚོར་ཆེད་ལས་བདག་སྐྱོང་གི་དཔང་ཡིག་མེད་ནའང་། “དུས་དང་རྣམ་པ་ཀུན་ཏུ་དང་ལེན”བྱེད་ཐུབ། ལོ་ལོན་རྒན་རྒོན་ལ་སྨན་ཐུན་གཅིག་ཁྱེར་ཡོང་བའམ་ནོར་ལུག་འཚོ་རོགས་བྱེད་པ། རྒྱ་གྲོང་དུ་ཐེངས་གཅིག་འགྲོ་རོགས་བྱེད་པ་སོགས་རྒྱུན་ལྡན་གྱི་བདག་སྐྱོང་འདི་དག་ནི་ཏག་ཏག་རྒན་རྒོན་ཁེར་འདུག་ལ་མཁོ་བའི་དགོས་མཁོ་དེ་ཡིན།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“གཉེན་ཉེ་དང་ཁྱིམ་མཚེས་ལ་མངགས་བཅོལ་བྱེད་པའི”ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཤིང་། འབྲོག་ཁུལ་དུ་ཁ་ཐོར་ཏུ་གནས་པའི་ལོ་ལོན་རྒན་རྒོན496གི་ཁྲོད་དུ། ལོ་ལོན་རྒན་རྒོན320གཉེན་ཉེ་ཡིས་བདག་སྐྱོང་བྱེད་པ་དང་ལོ་ལོན་རྒན་རྒོན176ཁྱིམ་མཚེས་ཀྱིས་བདག་སྐྱོང་བྱེད་བཞིན་མཆིས། རྒྱུས་མངའ་ཡོད་པའི་མི་དང་རྒྱུས་མངའ་ཡོད་པའི་ཁོར་ཡུག་གིས་རྒན་རྒོན་རང་ཁྱིམ་ནས་འབུད་མི་དགོས་པར་གནད་འཁེལ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས། རྒན་གསོའི་ཞབས་ཞུམེད་པནསཡོད་པདང་། ཡོད་པནསཕུལ་བྱུངདུ་མངོན་འགྱུར་བྱུང་ལ། སྲོལ་རྒྱུན་གྱིརྒན་གསོདེ་སྤུས་ཀའིབགྲེས་སོང་ལོངས་སྤྱོདལ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་། ལག་ལེན་འདི་ལ་རང་ས་རང་ཡུལ་ནསའཇོན་མིགསོ་སྐྱོང་བྱེད་རྒྱུ་ནི་དངོས་ཡོད་ཀྱི་ཐབས་ལམ་ཞིག་ཡིན་པ་བདེན་དཔང་བྱས་ཡོད།

ཁྱིམ་མཚེས་ཀྱིས་ལྟ་སྐྱོང་བྱེད་སྐབས“ཁ་ངོ་སྲུང་ཙམ་བྱེད་མི་རུང་བ་སྨོས་ཅི་དགོས། རྣམ་པ་འདི་སྲུང་འཛིན་དགོས་ན་ལམ་ལུགས་ཅན་གྱི་བཀོད་སྒྲིག་བྱེད་དགོས། ཨུ་ཡོན་ཅིན་ཧྭ་ཡིས་བཏོན་པའི་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱ་རྒྱུ་ནི“དོན་བཟང”ལས“འགན་འཁྲིར”བསྒྱུར་བའི་འགག་རྩའི་གོམ་སྟབས་ཤིག་རེད། དང་བླངས་པར་འགན་བཅོལ་ཉོ་བ་དང་། སྡེ་བའི་ལས་བྱེད་པའི་ལས་འགན་སྒྲུབ་ཚད་བཤེར་རྩིས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་གླ་ཆ་ཡོད་པའི་ལྟ་སྐྱོང་ལས་གནས་བཀོལ་སྒྲིགབྱེད་པ་བཅས་ཀྱི་ལམ་ལུགས་འདི་འདྲའི་ལོ་ལོན་རྒན་རྒོན་ལ་ཞབས་ཞུ་ལེགས་པོ་ཐོབ་པར་འགན་སྲུང་བྱེད་ཐུབ་ལ། ཟབ་ཞུགས་བྱེད་མཁན་ལ་ལུགས་མཐུན་གྱི་ཁེ་སྤོགས་ཡང་ཐོབ་སྲིད་པས་དྲང་ཕྱོགས་སུ་འཁོར་རྒྱུག་བྱེད་ཐུབ་ངེས

མཐོ་སྒང་འབྲོག་ཁུལ་གྱི་རྒན་གསོ་ལ་ཚད་ལྡན་གྱི་དྲིས་ལན་ཞིག་མེད་ཀྱང་། ཡིན་ནའང་གཏན་འཁེལ་བྱས་ཆོག་པ་ཞིག་ནི་རྒན་གསོ་བྱེད་པར་སྔོན་ལ་མི་ཡོད་དགོས་པ་དང་། རང་ས་རང་ཡུལ་གྱིའཇོན་མིའིཞབས་ཞུའི་དྲ་རྒྱ་འཛུགས་དགོས། འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་པ་དང་རང་ཡུལ་གྱི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ཉེ་འགྲམ་གྱི་མི་རྣམས་ལ་ཉེ་འགྲམ་གྱི་མིའི་སྲུང་སྐྱོང་བྱེད་དུ་བཅུག་ཚེ་གཞི་ནས་ས་ཁུལ་དེ་དག་གི་རྒན་གསོའི་ཞབས་ཞུ་ལ་དྲོད་ཁོལ་ལྡན་ཞིང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པས་མཐོ་སྒང་གི་རྒན་རྒོན་ཁེར་སྡོད་ཀྱི་འཚོ་བའི་དགོས་མཁོ་དང་མཐུན་ཐུབ།

ཨུ་ཡོན་ཅིན་ཧྭ་་བཅར་འདྲི་བྱེད་སྐབས“ས་མཐོའི‘ལ་ཁའི་ཉི་མ’ཡོད་ཚད་ལ་རེ་སྙེགས་ཀྱི་མི་ཚེ་ལ་དྲོ་སྐྱིད་ཀྱིས་ཁེངས་པའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད་ཅིང་ ལམ་ལུགས་ཀྱི་སྟོབས་ཤུགས་དེ་སྔ་མོ་ནས་ཁྱིམ་མཚེས་ཀྱི་ལྟ་སྲུང་དུ་བསྒྱུར་ནས་ས་མཐོའི་རྒན་གསོ་དེ“དུས་རྒྱུན་དུ་བདག་སྐྱོང་བྱེད་མཁན་ཡོད་ལ། དོན་དག་བྱུང་ཚེ་རོགས་རམ་བྱེད་མཁན་ཡོད་པའིརྒན་གསོ་ཞིག་ཏུ་འགྱུར་བའི་རེ་བ་དང་སྨོན་འདུན་ཡོད་ཅེས་བཤད།