网站无障碍
མཚོ་བྱང་ཁུལ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གིས་བྱ་བའི་བཞུགས་མོལ་གནང་།
发布时间:2026年04月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཝང་ཞིན་ཡོན་འཁོར་དང་བཅས་པར་བཞུགས་མོལ་གནང་ལ། ཕྱོགས་གཉིས་ཀྱིས་སྲིད་དངུལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་བར་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས།    

15e5d70b2c6c52a24391eee4d33d926e.jpg

 ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཝང་ཞིན་ཡོན་འཁོར་དང་བཅས་པར་དགའ་བསུ་ཞུས་པ་དང་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གིས་དུས་ཡུན་རིང་པོར་མཚོ་བྱང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། མིག་སྔར་མཚོ་བྱང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་སོགས་གཙོ་གནད་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས་དངུལ་རྩའི་ཞབས་ཞུའི་དགོས་མཁོ་ཉིན་རེ་བཞིན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གིས་ས་གནས་དངུལ་རྩའི་གཙོ་ཤུགས་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་ནུས་ཁུངས་གཙང་མའི་ཐོན་ལས། སྐྱེ་ཁམས་ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་དངུལ་རྩའི་ཐོན་རྫས་ཀྱི་ཞབས་ཞུ་གསར་གཏོད། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཆེ་འབྲིང་ཆུང་གསུམ། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང“ཞིང་གསུམ་ཕྱུགས་གསུམ”འཕེལ་རྒྱས་གཏོང་བར་གནད་འཁེལ་རྒྱབ་སྐྱོར་བྱེད་དགོས། ཁུལ་སྲིད་གཞུང་གིས་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྲིད་དངུལ་ཁེ་ལས་སྦྲེལ་མཐུད་ལས་སྟེགས་བསྐྲུན་པ། ཉེན་ཁའི་འགན་བགོས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་མཚོ་བྱང་དུ་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར། 

 ཝང་ཞིན་ཡོན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གི་མ་ལག་བཅོས་སྒྱུར་འཕེལ་རྒྱས་དང་གཉེར་སྐྱོང་དོ་དམ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཚུལ་ངོ་སྤྲོད་གནང་། ཁོས་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ"ཞིང་སྐྱོར་ཆུང་སྐྱོར"གྱི་ཐོག་མའི་བསམ་འདུན་གྱི་ལས་འགན་བརྟན་སྲུང་བྱས་ཏེ་མཚོ་བྱང་འཕེལ་རྒྱས་འགྲོ་བར་བསམ་སྤྱོད་གཅིག་མཐུན་བྱས་ཡོད། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གིས་མཚོ་བྱང་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་རྩེ་གཅིག་ཏུ་དམིགས་ནས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ་གྲོང་གསེབ་དར་སྤེལ་དང་། ལྗང་མདོག་ཐོན་ལས། ཀུན་ཕན་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཞབས་ཞུ་རྒྱུན་ཆད་མེད་པར་གསར་གཏོད་དང་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་དང་འཚམ་པའི་དངུལ་རྩའི་ཐོན་རྫས་འདོན་སྤྲོད་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་གཞི་རིམ་གྱི་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་རོང་འབྲོག་ཁུལ་གྱི་ལས་གཉེར་ས་ཚིགས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྣོན་རྒྱུ་ཡིན་ཟེར།

 བཞུགས་མོལ་ཁྲོད། ཕྱོགས་གཉིས་ཀྱིས་ད་དུང་ལས་གཞིའི་མ་དངུལ་བསྡུ་སྒྲིལ་དང་། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། ཡིད་རྟོན་མ་ལག་འཛུགས་སྐྲུན། ཞིང་ཚོང་མ་ལག་བཅོས་སྒྱུར་སོགས་ཞིབ་ཕྲའི་བྱ་བའི་ཐད་འབྲེལ་གཏུག་གཏིང་ཟབ་བྱས་ནས་གོམ་སྟབས་རྗེས་མར་འབྲེལ་མཐུད་དང་དོན་འཁྱོལ་བྱེད་པའི་ལས་དོན་ཁ་གསལ་བཟོས།    

 ཁུལ་གྱི་མགོ་ཁྲིད་ཀྲའོ་ཧའེ་ཕིང་དང་། ཅིན་ཀྲན་ཞུས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན། མཚོ་སྔོན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཀྲུའུ་རིན་གཞོན་པ་སང་རིན་ཀེན། མཚོ་བྱང་ཞིང་ཚོང་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་ལ་ཞུགས།

དསབའསདབའབ