ཀན་ལྷོ་རྨ་ཆུའི་ལུས་རྩལ་པ་དཀོན་མཆོག་སྐྱབས་ཀྱིས2026ལོའི་རྒྱལ་ཡོངས་འདུར་རྒྱུག་རྐྱང་པའི་འགྲན་སྡུར་ཁྲོད་སླར་ཡང་གྲུབ་འབྲས་བཟང་པོ་བཏོད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ4པའི་ཚེས11ཉིན། 2026ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་ཆེན་མོའི་འགྲན་སྡུར་དང་འདུར་རྒྱུག་རྐྱང་པའི་འགྲན་སྡུར(ས་ཚིགས་གཉིས་པ)ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མཇུག་སྒྲིལ། ཀན་ལྷོ་རྨ་ཆུའི་ལུས་རྩལ་པ་དཀོན་མཆོག་སྐྱབས་ཀྱིས་འགྲན་སྡུར་ཁྲོད་ལུས་ཀྱི་རྩལ་དྲུག་ངོམ་ཞིང་རྒྱུན་ལྡན་གྱི་རྩལ་ནུས་བརྟན་པོའི་ངང་འདོན་སྤེལ་བྱས་པར་བརྟེན་སྐྱེས་པའིU20ཚོ་ཆུང་གི་སྤྱི་ལེ10ཡི་འགྲན་སྡུར་ནང་ཞུགས་པའི་མི་སྒེར་རྣམ་གྲངས་ཀྱི་ཨང་བཞི་པ་བླངས་ཤིང་། སྐར་མ42དང་སྐར་ཆ39ཡི་གྲུབ་འབྲས་ཐོག་ནས་མི་སྒེར་གྱི་ཟིན་ཐོ་ཡག་ཤོས་བཏོད་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པའི་ཚད་གཞིར་སླེབས་ཡོད།

