ཁུལ་སྲིད་གཞུང་གིས་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། ཉེ་ལམ་གྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་དང་། མིག་སྔར་འཕྲད་པའི་གནས་བབས་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་བསྟན་དོན། ལོ་མགོ་ནས་བཟུང་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་བྱ་བ་སོ་སོ་འཁོར་སྐྱོད་ལ་ཧུར་ཐག་དང་གོ་རིམ་ལྡན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སྤྱིའི་ཆ་ནས་བརྟན་པོ་ཡིན་པ། ཁྱབ་ཁོངས་ཁག་ཅིག་བརྟན་པོའི་ཁྲོད་ཇེ་ལེགས་སུ་འགྲོ་བ་དང་བརྟན་ཁྲོད་ཡར་རྒྱས་ཀྱི་དགེ་མཚན་ལྡན་པའི་རྣམ་པ་མངོན་མོད། འོན་ཀྱང་དཔལ་འབྱོར་གྱི་དམིགས་ཚད་ཁག་ཅིག་སྔོན་དཔག་ལས་མི་འདང་བ་དང་། འཕར་སྣོན་བརྟན་པོ་ཡོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནོན་ཤུགས་མུ་མཐུད་ཉུང་དུ་ཕྱིན་མེད་པས་གནས་བབ་སྔར་བཞིན་ཛ་དྲག་རེད་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། དུས་ཚིགས་གཉིས་པ་ནི་རྣམ་གྲངས་ལས་མགོ་རྩོམ་པ་དང་ཁེ་ལས་ལ་ཕན་འབྲས་ཐོན་པའི་དུས་སྐབས་ཡག་ཤོས་ཡིན་པར་མ་ཟད་ཞིང་། ཕྱུགས་ཐོན་སྐྱེད་དང་ཡུལ་སྐོར་འཛད་སྤྱོད་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཀྱང་ཡིན་ལ། དུས་ཚིགས་དང་པོའི“མགོ་ཡག་པོ་རྩོམ་པའི”ཞན་ཆ་ཁ་གསབ་དང་ལོ་སྟོད་ཀྱི“ཕྱེད་བརྒལ་གཉིས”ཀྱི་དམིགས་ཚད་ལ་གདོང་མཆོང་བྱེད་པའི་འགག་སྒྲོལ་དུས་སྐབས་ཤིག་ཀྱང་ཡིན་པས། བྱ་བ་སོ་སོ་ཁྱོན་ཡོངས་ནས་སྒྲུབ་བཞིན་ཡོད་པ་དང་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མིས་བྱ་བའི་ཁ་ཚ་དགོས་གཏུག་གི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་སྔར་ལས་ཆེ་རུ་བཏང་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྔར་ལས་དངོས་སྒྲུབ་སྤྱོད་ཚུལ་དང་སྔར་ལས་གོ་ཆོད་ཐུབ་པའི་བྱེད་ཐབས་ཀྱིས་དོན་འཁྱོལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དང་དུས་ཚིགས་གཉིས་པའི་དུས་མཚམས་ལ་དམ་པོར་དམིགས་ནས་བྱ་བའི་བཀོད་གཏོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ་དམིགས་ཚད་སོ་སོ་ལེགས་གྲུབ་བྱེད་པའི་ཁྲོད་ཀྱི་གནས་པའི་དཀའ་གནད་ཀྱི་འགག་རྩར་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་ཞན་ཆ་ཁ་གསབ་བྱས་ནས་ནུས་ཤུགས་ཡོད་རྒུས“ཕྱེད་བརྒལ་གཉིས”ཀྱི་བྱ་བའི་ལས་འགན་མངོན་འགྱུར་བྱེད་དགོས། གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ་ལོ་འཁོར་མོའི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་གནད་དོན་སྣ་ཚོགས་དག་ཐེར་ཡོ་བསྲང་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་དོན་དག་དོན་འཁྱོལ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སོགས་གཙོ་གནད་བྱ་བར་འཆར་གཞི་ཡོད་པ་དང་བཀོད་སྒྲིག་འཐེན་པ། བྱེད་ཐབས་ལྡན་པ། སྐུལ་འདེད་གཏོང་བ། དོལ་འཁྱོལ་ཐུབ་པ། ཕན་འབྲས་ཐོན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་ནན་གཏོང་དང་སྤྱོད་ཚུལ་འགྱུར་གཏོང་བྱེད་དགོས། ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མིས་སྣེ་ཁྲིད་དེ་དོན་འཁྱོལ་དམ་འཛིན་བྱས་ཏེ་གཞི་རིམ་དུ་ལྟ་སྐུལ་མཛུབ་ཁྲིད་དང་བྱ་བར་སྐུལ་འདེད་མང་ཙམ་གཏོང་བ། འཐབ་ཕྱོགས་དང་པོར་མང་དུ་སྐྱོད་དེ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་དགོས། ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་རང་འགུལ་ངང་མདུན་གྲལ་དུ་བསྐྱོད་པ་དང་དུས་ཐོག་རྗེས་སྙེགས་བྱས་ཏེ་དུས་བཀག་གི་བླང་བྱ་ཁ་གསལ་བཟོས་ནས་སྐུལ་ལྟ་སྒྲུབ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་གཞུང་ལས་ཁང་གི་ཕན་ནུས་ཆེ་བའི་འཁོར་སྐྱོད་ལ་བརྟེན་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་ཕན་ནུས་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་དང་ཁུལ་ཨུའི་བླང་བྱ་གཞིར་བཟུང་། བགྲོད་ལམ་འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་བྱེད་ཡུལ། གཏེར་རིའི་ཁེ་ལས། སྒོ་རྩིས་ཁྲོམ་ར། ཨར་ལས་བྱ་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྲུང་དགོས་ཟེར།