网站无障碍
མཚོ་སྔོན་རྐང་ཚ་འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་རྒན་གསོ་བདེ་ཐང་ཞབས་ཞུའི་བྱེད་སྒོ་སྤེལ།
发布时间:2026年05月15日 消息来源:

 རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ཆེད་ལས་སྨན་བཅོས་བདེ་ཐང་སླར་གསོའི་ཚོགས་པ་རྩ་འཛུགས་བྱས་ཏེ། རྐང་ཚ་རྫོང་རྒན་གསོ་སྤྱི་ཚོགས་ཕན་བདེ་ལྟེ་གནས་སུ་བསྐྱོད་དེ་ཁོ་མོ་ཚོར་རིན་མེད་ཀྱིས་གསོ་བཅོས་བདེ་ཐང་སླར་གསོ་དང་། བདེ་ཐང་ཚན་རིག་ཁྱབ་གདལ། ཆེད་དོན་མཛུབ་ཁྲིད་སོགས་ཀྱི་བརྩེ་སེམས་དྲོན་མོས་ཞབས་ཕྱི་ཞུས་པ་དང་། ཆེད་ལས་སྨན་བཅོས་སྟོབས་ཤུགས་ལ་བརྟེན་ནས་ཁོ་མོ་ཚོས་ཚེ་མཇུག་བདེ་སྐྱིད་ཀྱིས་རོལ་བར་ལྟ་སྲུང་བྱས་པ་ཡིན། ཐེངས་འདིའི་བྱེད་སྒོས“སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ”གྱི་ཞབས་ཞུའི་རྣམ་པ་དམ་འཛིན་བྱས་ནས་རྒན་གསོའི་སྒྲིག་གཞི་ཡིས་རྒན་རྒོན་ཚོའི་བདེ་ཐང་གི་དགོས་མཁོ་གནད་འཁེལ་བྱས་ཤིང་། བྱེད་སྒོའི་ཡུལ་དངོས་སུ་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་གློག་ཆས་ཀྱི་གསོ་བཅོས་ཡོ་བྱད་དང་།དམར་ཕྱིའི་འོད་ཀྱི་གསོ་བཅོས་གློག་སྒྲོན།མེ་བཙའ་སྒམ།ཆེད་ལས་འཕུར་མཉེད་ཡོ་བྱད་སོགས་བདེ་ཐང་སླར་གསོའི་སྒྲིག་ཆས་ཆ་ཚང་འཁྱེར་ནས་ཕན་བདེ་ལྟེ་གནས་ཀྱི་བྱ་འགུལ་ཁང་དུ་སྐབས་བསྟུན་བདེ་ཐང་སླར་གསོའི་དངོས་བཅོས་ཞབས་ཞུ་ཁུལ་བཙུགས་ཏེ། རྒན་རྒོན་ཚོར་ཡོངས་འདུས་གསོ་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་རེད།

 རྒན་རྒོན་ཚོའི་སྐེད་པ་ན་བ་དང་། གྲུམ་བུའི་ནད། རྐང་ལག་འགུལ་སྐྱོད་མི་ཐུབ་པ་སོགས་རྒྱུན་མཐོང་གི་བདེ་ཐང་གནད་དོན་ལ་དམིགས་ནས། སྨན་དོན་མི་སྣས་རྒན་རྒོན་ཚོའི་ལུས་པོའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་རྒན་རྒོན་ཚང་མའི་ལོ་ཚད་དང་། ལུས་ཀྱི་ནད་རྟགས། བཟོད་ཚད་བཅས་དང་ཟུང་འབྲེལ་བྱས་པ་དང་།  ལུང་པོའི་བདེ་ཐང་ལ་དམིགས་ནས་བདེ་ཐང་སླར་གསོའི་ཇུས་གཞི་བཟོས་ཤིང་། གནད་དུ་འཁེལ་བའི་སྒོ་ནས་འཕུར་མཉེད་དང་།སྦྱོར་སྨན། མེ་བཙའ ཚིགས་ནུས་བདེ་ཐང་སླར་གསོའི་སྦྱོང་བརྡར་སོགས་རང་གཤིས་ཅན་གྱི་དངོས་བཅོས་ཞབས་ཞུ་སྤེལ་བ་རེད། ཞབས་ཞུའི་བརྒྱུད་རིམ་ཁྲོད། སྨན་དོན་མི་སྣའི་ལག་འཇམ་ཞིང་བྱང་ཆ་ལྡན་པ། ཞབས་ཞུའི་དུས་ཡུན་རིང་ཞིང་ཞིབ་ཚགས་ལྡན་པའི་སྒོ་ནས་བདེ་ཐང་སླར་གསོའི་སྨན་བཅོས་བྱས་པར་མ་ཟད།ཚིག་བདེ་ཞིང་གོ་སླ་བའི་རྒྱ་བོད་སྐད་གཉིས་སྤྱད་ནས་རྒན་རྒོན་ཚོར་དཔྱིད་དུས་ཀྱི་ལུས་གསོ་ནད་འགོག་དང་།དུས་རྒྱུན་གྱི་གྲུམ་ནད་འགོག་སྲུང་།ལུགས་མཐུན་དང་བདེ་འཇགས་ཀྱིས་སྨན་སྤྱོད་པ། རྒྱུན་གཏན་གྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་སོགས་སྤྱོད་གོ་ཆོད་པའི་བདེ་ཐང་གི་ཤེས་བྱ་ཞིབ་ཚགས་ངང་འགྲེལ་བཤད་བརྒྱབ་ནས་རྒན་རྒོན་ཚོའི་རྒྱུན་གཏན་བདག་སྐྱོང་ཐད་ཀྱི་སྐྱོན་དང་ནོར་འཁྲུལ་ཡོ་བསྲང་བྱས། 

 སྨན་ཁང་ནང་གི་ལོ་ན་མཐོ་བ་དང་། དྲན་རིག་ཞན་པ། འགུལ་སྐྱོད་མི་ཐུབ་པ་དང་། དེ་བཞིན་ཉལ་ཁྲིའི་སྟེང་ངལ་གསོ་བྱེད་པའི་དམིགས་བསལ་གྱི་རྒན་རྒོན་ལ་དམིགས་ནས། སྨན་བཅོས་ཚོགས་པས“སྔས་འགྲམ་སྨན་བཅོས”ཆེད་གཏོགས་ཞབས་ཞུ་བྱས་པ་དང་།རང་འགུལ་གྱིས་སྒོ་རྩར་བསྐྱོད་པ་དང་ཡུལ་དངོས་གསོ་བཅོས་བྱས་ཏེ་བདེ་ཐང་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་འཐུས་ཚང་བར་བྱས་ཤིང་། རྒན་རྒོན་ཚང་མར་སྨན་ཁང་དུ་འགྲོ་མི་དགོས་པའི་སྟབས་བདེ་གང་ལེགས་བསྐྲུན་ཏེ།ཆེད་ལས་དང་སྤུས་ལེགས་ཀྱི་བདེ་ཐང་སླར་གསོའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་པར་མ་ཟད། རྒན་རྒོན་ཚོས་ཀྱང་ཞབས་ཞུའི་རྣམ་འགྱུར་དང་ཆེད་ལསལག་རྩལ་ལ་གདེང་འཇོག་བཟང་བོ་ཐོབ།                         

 ཐེངས་འདིའི་སྨན་བཅོས་དང་བླངས་ཞབས་ཞུའི་བྱེད་སྒོསརྒན་རྒོན་གྱི་ལུས་ཁམསལྷོད་ལ་བབས་པ་དང་།ལུས་པོ་ཆད་སྣང་མེད་པར་ཕྱིན་པར་མ་ཟད།  སྤུས་ལེགས་སྨན་བཅོས་ཞབས་ཞུ་རྒན་རྒོན་དང་ཉེ་བཅར་ཐུབ་པར་བྱས་ཏེ། རྒན་རྒོན་ཚོར་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཤུགས་ཆེ་རུ་ཕྱིན། 

 རྐང་ཚ་རྫོང་རྒན་གསོ་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱི་འགན་འཁུར་བར་འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་དམངས་ཕན་ཞབས་ཞུ་བྱས་པར་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུས་པ་དང་། གཞི་རིམ་སྨན་བཅོས་སྒྲིག་གཞི་དང་རྒན་གསོའི་སྒྲིག་གཞིའི་མཉམ་འགུལ་གཏིང་ཟབ་དང་མཉམ་ལས་དམ་ཟབ་བཏང་བ་དེ་ནི“རྒན་པར་གསོ་སྐྱོང་དང་རྒན་པར་སྨན་བཅོས”ཡོད་པའི་རྒན་གསོ་ཞབས་ཞུའི་དམིགས་ཚད་དོན་འཁྱོལ་གྱི་འགག་རྩའི་བྱེད་ཐབས་ཤིག་ཡིན་ལ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། 

 མ་འོངས་བར། རྐང་ཚ་རྫོང་རྒན་གསོ་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱིས་འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དང་རྒྱུན་རྣམ་ཅན་གྱི་མཉམ་ལས་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། དུས་བཅད་ལྟར་ཆེད་ལས་སྨན་དོན་ཚོགས་པ་སྨན་ཁང་དུ་གདན་དྲངས་ཏེ་ལུས་གསོ་དངོས་བཅོས་དང་། ལུས་ཕུང་བརྟག་དཔྱད།ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་སོགས་དམངས་ཕན་ཞབས་ཞུ་སྤེལ་བ་དང་།སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་ཞབས་ཞུ་བྱེད་སྟངས་མུ་མཐུད་འཐུས་ཚང་དུ་བཏང་སྟེ།རྒན་གསོ་ཞབས་ཞུ་ཆེད་ལས་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བློ་བདེ་ངང་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་རྣམས་བདེ་ཐང་གིས་ཚེ་མཇུག་སྐྱེལ་བར་འགན་ལེན་སྲ་བརྟན་དུ་གཏོང་རྒྱུའོ།།