网站无障碍
གསར་འགྱུར་གལ་ཆེན།
发布时间:2026年05月18日 消息来源:

 རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཞི་ཅིན་ཕིང་གིས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཀྲུང་གོའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་མགྱོགས་མྱུར་བསྐྲུན་ནས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་སྔར་ལས་ལེགས་པོ་འདེབས་དགོས་པ་བསྟན།

ཟླ5པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་ཀྲུང་ཨུའི་དངོས་མང་འགྲེམ་ཚོགས་སྐབས་བཅུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཉེ་ཆར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གཙོ་གནད་ལས་དོན་ཁག34ཁ་གསལ་བཟོས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྲུང་སྐྱེལ་བྱས་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བའི་ལྟ་ཞིབ་ཚད་ལེན་བཀོད་གཏོང་ལས་སྟེགས་ཀྱིས་རྒྱལ་ཡོངས་ཀྱི་རིག་ནུས་རྩིས་རྒྱག་རྩིས་ནུས་བཅུ་ཆ་བདུན་ཙམ་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།

ཚེས17ཉིན། དམངས་སྲིད་པུ་སོགས་སྡེ་ཚན23གྱིས་མཉམ་འབྲེལ་ཐོག《སྐོར་སྐྱོད་བྱིས་པ་སྡོད་གནས་སུ་གཅེས་སྐྱོང་ཞབས་ཞུ་ལོངས་སྤྱོད་བྱེད་པའི་རྨང་གཞིའི་གསལ་ཐོའི་ལས་དོན་དཀར་ཆག》པར་འགྲེམས་བྱས་ཤིང་། སྐོར་སྐྱོད་བྱིས་པ་སྡོད་གནས་སུ་ཆ་སྙོམས་ཅན་དུ་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་བ་རེད།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་གྲོང་ཁྱེར་གྱིས་ད་ལོར་ཕྱོགས་ཡོངས་ནས་གྲོང་ཁྱེར་བརྟག་དཔྱད་བྱ་རྒྱུ་རེད།

གསར་དུ་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ཞིག་ལས་མངོན་པར། 2025ལོར་རང་རྒྱལ་གྱི་ཕྱི་རོལ་ལུས་རྩལ་འཛད་སྤྱོད་བྱེད་ཚད་མི་ཐེངས་དུང་ཕྱུར8ལས་བརྒལ་བ་དང་། ཕྱི་རོལ་གྱི་ལུས་རྩལ་འཛད་སྤྱོད་སྡོམ་འབོར་སྒོར་དུང་ཕྱུར་ཁྲི1ལས་བརྒལ་ཡོད་པ་རེད།

图片

ཉེ་ཆར། ལྷ་གྲུ་ཉེར་གཅིག་གི་ཚོགས་ཆུང་གིས་མཁའ་གྲུ་ཨང་བཅུ་པས་དབོར་འདྲེན་བྱས་པའི་དངོས་ཟོག་ཏུན6.2རྟགས་བཀོད་བྱས་པ་དང་འབྲེལ་རེས་སྐོར་གསར་པའི་བར་མཐོངས་ཚན་རིག་དང་མཐུན་པའི་དངོས་གནས(ཚོད་ལྟའི)ཞིབ་བཤེར་ནང་མགྱོགས་མྱུར་ཞུགས་པ་རེད།

ཐེ་ལན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཚེས17ཉིན་ཡིག་ཆ་བཀྲམ་ནས་ཀྲུང་གོའི་སྤྱི་དམངས་ལ“གླ་ཕོགས་མཐོ་བའི་ལས་བསྡུའི”གཡོ་སྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས17ཉིན་ཁོང་ཀོ(ཅིན)དང་ཝུ་ཀན་ཏ་རུ་བྱུང་བའི་ཨའེ་པོ་ལ་རིམས་ནད་དེ“རྒྱལ་སྤྱིས་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”དུ་གྱུར་ཡོད་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

མ་འོངས་པའི་གཟའ་འཁོར་གཅིག་རིང་མཁའ་རླུང་གྲང་མོ་དང་ཆར་པ་འབབ་པ་སོགས་ཀྱི་ཐུན་མོང་གི་ཤུགས་རྐྱེན་ཕོག་པའི་དབང་གིས་བྱང་ཤར་དང་། ཧྭ་བྱང་། ཧོང་ཧོའེ་སོགས་ས་ཆའི་དྲོད་ཚད་མཐོ་ཤོས་ཡོངས་ཁྱབ་ངང་ཧྲེ་ཧྲི་ཏུའུ20བར་ཆག་ནས་སྔོན་དང་བསྡུར་ན་མངོན་གསལ་དོད་པོས་བསིལ་བར་འགྱུར་རྒྱུ་རེད།

ཚེས17ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་གཞུང་དོན་ཁང་གིས་ལས་དོན་ཚོགས་ཆུང་ཀོང་ཞི་རུ་མངགས་ནས་ཧོ་ཁྲི་ཧོན་ཅང་རྫོང་ལུའོ་དབྱང་གྲོང་རྡལ་གྱི་རླངས་འཁོར་ཆུར་ལྷུང་བའི་མི་སྣ་འཚོལ་སྐྱོབ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱས་པ་རེད། ཉིན་དེའི་དགོང་མོའི་བར་ལས་འཛོལ་གྱིས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་དགུ་ད་དུང་རྙེད་མེད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞའོ་ཏུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས17ཉིན་གྱི་དགོང་མོ་བར། ལྔ་གཅིག་གློག་བརྙན《རྨོ་བོ་ལ་སྤྲིངས་པའི་བརྩེ་འཕྲིན》ཉིན་གཉིས་བསྟུད་མར་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར་ལས་བརྒལ་བ་དང་། གློག་བརྙན་བཏང་བ་ནས་ནས་བཟུང་སྤ་སེ་བཙོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར5ལས་བརྒལ་ཡོད་པ་རེད།

ཉེ་ཆར། ཀྲུང་གོ་དང་ཨ་རི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རྒྱལ་ཁབ་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ཐོག་མར་བྱས་ནས་ཏི་པའེ་ས་ཁུལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མཉམ་འབྲེལ་ཐོག་རྡུང་རྡེག་བཏང་བ་རེད།

རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་མིའི་རིགས་ཀྱི་སྙིང་གི“སྐྱེ་དངོས་ཀྱི་འཕར་སློང་ཡོ་བྱད”དེ། ཏོའུ་ཧྥང་རིགས་ཀྱི་དབང་པོ་གསར་སྤེལ་བྱས་པ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཕྲ་ཕུང་དང་ཕྲ་ཕུང་སྐམ་པོ》ཞེས་པའི་ཐོག་སྤེལ་ཡོད།

ཚེས17ཉིན། སི་ཁྲོན་ཞིང་ཆེན་ཧྭ་དབྱིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད་ཧྭ་དབྱིང་གྲོང་ཁྱེར་གྱི་རྦབ་ཆུའི་འཕྱང་རྡང་རྣམ་གྲངས་ལ་ལས་འཛོལ་བྱུང་བའི་ཐད་ཀའི་རྒྱུ་རྐྱེན་ནི་ལས་བཟོ་བས་གནས་སྐབས་ཐག་གཅོད་ཡག་པོ་མ་བྱུང་བར་གློད་གཏོང་གི་གློག་སྒོ་སྔ་སྣུར་དུ་ལྷོད་དུ་བཏང་བ་དེ་རེད།

图片

ཚེས17ཉིན། 2026འཛམ་གླིང་རིམ་འདས་འཕྲུལ་རྟ་ལེགས་སྐྱེས་འགྲན་བསྡུར(WSBK)ཅེ་ཁེ་ས་ཚིགས་ཀྱི་ཚོགས་ཆུངWorldSSPཡི་རེས་སྐོར་གཉིས་པའི་འགྲན་བསྡུར་ནང་ཀྲུང་གོའི་འཕྲུལ་རྟ་བཟོ་མཁན“ཀྲང་ཞུའེ་འཕྲུལ་འཁོར”གྱི་ཧྥ་རན་སེའི་ཁ་ལོ་བ་ཝ་ལུན་ཏིང·ཏེ་པི་སིར་སླར་ཡང་ཨང་དང་པོ་ཐོབ་ནས་རང་ཉིད་དང་འཕྲུལ་རྟ་རུ་ཁག་ལ་འགྲན་བསྡུར་གྱི་ཨང་དང་པོ་ལྔ་བླངས་པ་རེད།

图片

ཚེས17ཉིན། 2026ལོའི་ཐེ་ལན་གྱི་བྱ་སྒྲོའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་ཟུང་གི་རྟིང་རྩོད་འགྲན་བསྡུར་ཁྲོད། རང་རྒྱལ་གྱི་བྱ་སྒྲོ་སྤོ་ལོའི་འགྲམ་ཞུགས་པ་པའོ་ལི་ཅིང་དང་ཚའོ་ཙི་ཧན་གྱིས་འཇར་པན་ལས་རྣམ་པར་རྒྱལ་ཏེ་བུད་མེད་ཟུང་གི་ཨང་དང་པོ་བླངས།

ཚེས17ཉིན། 2026ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིU17ཨེ་ཤེ་ཡའི་བུམ་པའི་རྩེ་གྲ་བཞི་ཐོན་པ་དང་རྟིང་རྩོད་ཕྱེད་ཀྱི་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་ཨོ་སི་ཁྲུ་ལི་ཡ་རུ་ཁག་དང་འགྲན་རྒྱུ་རེད།

དོ་སྣང་།

图片

སྤྱི་བདེ་པུས་ད་ལོའི་ཞིབ་བཤེར་ཐག་གཅོད་བྱས་པའི་མི་མེད་གནམ་གྲུས་ལྕགས་ལམ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་གྱོད་གཞི་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། ཚོད་འཛིན་མ་ཐུབ་པའི་མི་མེད་གནམ་གྲུ་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཏུ་ལྷུང་བ་དང་མེ་འཁོར་བརྒྱུད་སྐབས་གདོང་གཏུག་བརྒྱབ་ནས་རླངས་འཁོར་ལ་སྐྱོན་ཤོར་བ་དང་མེ་འཁོར63འགོར་འགྱངས་བྱས། མི་མེད་གནམ་གྲུ་དེ་ཚོད་འཛིན་བྱས་པའི་ཝུའུ་ཆེ་གེ་མོར་ཡང་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད། མི་དམངས་དཔྱད་གླེང་གིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། བར་སྣང་ཁྱབ་ཁོངས་དེ་བཅའ་ཁྲིམས་ཀྱི་ལོང་ཁུལ་གཏན་ནས་མིན་པས་འཕུར་སྐྱོད་བྱེད་སྐབས་རང་སྣང་གང་ཤར་བྱེད་མི་རུང་། “ཧེ་ཧྥེ”བྱ་སྤྱོད་ལ་ངེས་པར་དུ་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འགལ་བར་དགོས་ངེས་ཀྱི་རིན་དོད་གཏོང་དུ་འཇུག་པ་དང་། “‘ཧེ་ཧྥེ’ལ་དགོས་ངེས་ཀྱི་རིན་དོད་གཏོང་དགོས”ཞེས་པ་དེ་ཐུན་མོང་གི་ངོས་འཛིན་དང་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས།

འཚོ་བའི་ཞབས་ཞུ།

图片

གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས17ཉིན་གྱི་དགོང་མོ་ནས་ཚེས19ཉིན་བར་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་རྒྱུ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཅང་ཧན། ཅང་ཧུའེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ནུབ་རྒྱུད་དང་བྱང་རྒྱུད། ཧྭ་ལྷོའི་དབུས་ནུབ་རྒྱུད། ཧྭ་བྱང་གི་ས་ཆ་མང་ཆེ་བ། ཧོང་ཧོའེ་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།

གནམ་དཔྱད། ཚེས19དང་ཚེས20ཉིན། སྐར་མ་པ་སངས་དང་ཟླ་བ་དང་། སྐར་མ་ཕུར་བུ་དང་ཟླ་བ་འཕྲད་པའི་གནས་ཚུལ་འབྱུང་རྒྱུ་རེད། གལ་ཏེ་གནམ་གཤིས་དྭངས་ན། ཉི་མ་ནུབ་རྗེས། རང་རྒྱལ་གྱི་ས་ཆ་སོ་སོའི་མང་ཚོགས་ཀྱིས་ནུབ་ཕྱོགས་ཀྱི་བར་སྣང་དུ་གནས་ཚུལ་དེ་མཐོང་ཐུབ།

ཧོ་ནན། 5·18རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོར་རྟེན་འབྲེལ་ཞུ་ཆེད། ཧོ་ནན་རྟེན་མཛོད་ཁང་དང་། ལུའོ་དབྱང་རྟེན་མཛོད་ཁང་། ཞིན་ཞང་གྲོང་ཁྱེར་རྟེན་མཛོད་ཁང་། ཕིང་ཏིང་རི་བོའི་རྟེན་མཛོད་ཁང་སོགས་དེ་རིང(གཟའ་ཟླ་བ)རྒྱུན་གཏན་ལྟར་སྒོ་ཕྱེ་ཡོད།