网站无障碍
གསར་འགྱུར་གལ་ཆེན།
发布时间:2026年06月04日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

སློབ་གསོ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི1290ཡོད། 

མིག་སྔར་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར1.4བརྔ་བསྡུ་བྱས་པ་དེ་བཅུ་ཆ་བཞི་ལས་བརྒལ་ཡོད། 

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས50.3%ཡིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.6འཕར་ཡོད། 

ཟླ6པའི་ཚེས1ཉིན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཟློས་གར་ཐུང་གྲས་ཀྱི་གནོད་འཚེ་ལྡན་པའི་ནང་དོན་དང་དབང་ཆར་བཙན་གནོད། པར་གཞི་རྐུ་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དེ་དུས་ཡུན་ཟླ་བ2ཡིན་པ་རེད། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེ་ཆར་ཡིག་ཆ་བཀྲམ་ནས། 2030ལོར་སླེབས་སྐབས་རང་རྒྱལ་གྱི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་གཞི་རྩའི་ཆ་ནས་ཁྱབ་པ་བྱ་རྒྱུ་ཁ་གསལ་བཏོན་ཡོད། 

བཟོ་འཕྲིན་པུ་སོགས་སྡེ་ཁག་དགུ་ཡིས་ཉིན་འགའི་སྔོན་དུ་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་ཚན་ཞིབ་ལས་རོགས་ལས་གནས་གསར་སྤེལ་ཡག་པོ་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ། 2026ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་བཏང་བ་རེད། 

图片

ཚེས3ཉིན། ཕིང་ལུའུ་མིས་བཟོས་གཙང་པོའི་མ་ལམ་ལྟེ་གནས་དང་ཆི་ཧྲི་ལྟེ་གནས་སུ་དངོས་སུ་ཆུ་བླུགས་པ་དེའི་ཐོག་ནས་ཕིང་ལུའུ་མིས་བཟོས་གཙང་པོའི་ལམ་ཐིག་ཧྲིལ་པོར་ཆུ་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། ཟླ་དགུ་པར་དུས་བཀག་ལྟར་གྲུ་གཟིངས་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན་ཡོད། 

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་བཅོ་བརྒྱད་པའི་མཚོ་འགག་གླེང་སྟེགས་དེ་ཟླ་དྲུག་པའི་ཟླ་དཀྱིལ་དུ་ཧྥུའུ་ཅན་དུ་འཚོག་རྒྱུ་དང་། ཚེས13ཉིན་གླེང་སྟེགས་ཚོགས་ཆེན་འཚོག་རྒྱུ་རེད། 

འཇར་པན་འགོག་སྲུང་ཧྲེང་མགྲིན་ཚབ་པའི་ནོར་འཁྲུལ་གྱི་གཏམ་བརྗོད་ལ་དམིགས་ནས་ངེད་ཕྱི་འབྲེལ་པུས་འཇར་པན་གྱིས་ལྗིད་གཡོལ་ཡང་ལེན་དང་རང་མགོ་རང་གིས་གཡོགས་པའི་དོན་དངོས་ཟེར་བ་དེ་ནི“སླར་ཡང་དམག་དོན་ཅན་དུ་འགྱུར་བའི”རྫུན་བཟོ་ཞིག་རང་རེད་ཅེས་བཤད་པ་རེད། གྲངས་གཞིས་རྫུན་བཤད་མི་ཤེས་པ་དང་ཡི་གེའི་རོལ་རྩེད་ཀྱིས་འཇར་པན་གྱི་དམག་དཔུང་ལེགས་སྒྲིག་དང་དྲག་རྩལ་རྒྱ་སྐྱེད་གཏོང་བའི་བྱ་སྤྱོད་དངོས་འཁྲུད་མི་ཐུབ། 

དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། སྔོན་དཔག་བྱས་ན2026ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད2.8%ཡིན་པ་དེ་ད་ལོའི་ཟླ་གསུམ་པའི་སྔོན་དཔག་གྲངས་གཞི་ལས་བརྒྱ་ཆའི་གྲངས0.1ཆག་ཡོད། 

སྤྱི་ཚོགས།

ཚེས3ཉིན་འཕྲལ་བསྟུན་དོ་དམ་པུས་ཅང་ཞི་དང་ཧུའུ་ནན། ཀུའེ་ཀྲོའུ་བཅས་ལ་དམིགས་ནས་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་བསྟུན་སྤྱད་པ་རེད། 

བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ2པར་གནས་ཐང་འཕར་བའི་གློག་འཕྲིན་ལས་སྒོ་གཉེར་སྐྱོང་ཚོད་ལྟ་ཁག་དང་པོའི་མཆན་བཀོད་བཀའ་ལན་སྤྲད་ཚུན་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས166ལ་མཆན་བཀོད་བཀའ་ལན་ཐོབ་ཡོད། 

ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དུས་ཐེངས་དང་པོའི་ལས་གྲྭའི་པེ་ཡན་འཕྲལ་བསྟུན་ཆུ་མཁོ་འདོན་ལས་གྲྭ2025ལོ་ནས2026ལོའི་བར་གྱི་ཆུ་འདྲེན་ལས་དོན་ཚེས2ཉིན་མཇུག་བསྒྲིལ་བ་རེད། ཟླ5པའི་ཚེས31ཉིན་བར། ལས་གྲྭས་རིམ་རྩིས་བྱས་ན་ཧོ་པེ་དང་ཐེན་ཅིན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར3.59མཁོ་འདོན་བྱས་པ་དང་། པེ་ཅིང་ནས་ཧང་ཀྲོའུ་བར་གྱི་མིས་བཟོས་གཙང་པོ་ཆེན་པོར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.77གསབ་ནས། ལོ་འཁོར་གྱི་ཆུ་འདྲེན་འཆར་གཞི་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། 

སྤྱི་བདེ་པུས་ཁོར་ཡུག་སྦགས་བཙོག་བཟོ་བའི་ཉེས་གསོག་དཔེ་མཚོན་གྱོད་དཔེ4ཁྱབ་བསྒྲགས་བྱས་པ་རེད། 

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དྲ་རྒྱའི་བཟའ་བཏུང་ཆེད་དོན་འཐེན་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། བཟའ་བཏུང་རིགས་དང་བསྲེགས་ཟས་རིགས། རྒྱ་ཁོག་རིགས་སོགས་དྲ་རྒྱའི་བཟའ་བཏུང་བཟའ་བཅའ་དང་འབྲེལ་ཡོད་བཟའ་བཅའི་རྒྱུ་ཆར་འཐེན་བཤེར་བྱས་པར་འཐེན་བཤེར་ཚད་ལོན་ཚད97.7%ལ་སླེབས་ནས། བཟའ་བཅའི་བདེ་འཇགས་གནས་ཚུལ་སྤྱིར་ན་ཡག་པོ་ཡོད་པ་རེད། 

ཉིན་འགའི་སྔོན་དུ། ལིའོ་ཉིང་སྤྱི་བདེ་ལས་ཁུངས་ཀྱིས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་ནས་ལོ10ལྷག་ཙམ་སོང་བའི་དངུལ་བུན་གཡོ་ལེན་གྱི་ཉེས་གསོག་དོགས་ཅན་ཀའོ་ཆེ་གེ་མོ་རང་རྒྱལ་དུ་འཛིན་སྐྱེལ་བྱས་པ་རེད། 

ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཚངས་ཐིག་ལ་སྨི2ལས་བརྒལ་བའི་འོད་ལེབ་ཧྲིལ་པོའི་སྐུལ་འདེད་རྫས་གསོག་སྒམ་མཐིལ་གྱི་ཐོན་ཚད་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱུང་ནས། བཟོ་སྐྲུན་དུས་འཁོར90%ཡན་ཐུང་དུ་ཕྱིན་ཅིང་། ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་འགུལ་ཚད་མཐོ་བའི་འཕེན་གཏོང་མ་གནས་དམའ་རུ་འགྲོ་བཞིན་ཡོད་པ་རེད།

图片

ཚེས3ཉིན། ཀུའེ་ཀྲོའུ་ཡིJSQརྣམ་པའི་ཚོང་ཟོག་རླངས་འཁོར་ཐོག་མ་སྟེ་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད།

图片

ཉེ་ཆར་ཧྲན་ཞི་ཞིང་ཆེན་དབྱང་ཆོན་གྲོང་ཁྱེར་ཉེ་འདབས་སུ་ད་ལྟའི་བར་ཕལ་ཆེར་ལོ་ངོ་དུང་ཕྱུར2.95ཡོད་པའི་ཁོ་ཏ་ཤིང་གི་འགྱུར་རྡོ་མང་པོ་རྙེད་ཅིང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་གནའ་བོའི་སྐྱེ་དངོས་འགྱུར་རྡོ་ཞིག་ཡོད་པ་རེད། 

ལིའོ་ཉིང་ཏ་ལེན་གྱི་འགྲུལ་པ་ཞིག་གིས་རང་སྲོག་གཅོད་བསམ་སྟེ་མེ་འཁོར་འབབ་ཚུགས་ནས་ཕྱིར་མ་ཡོང་བ་དང་། འགྲུལ་སྐྱེལ་པ་སུན་ཡན་གྱིས་ཚོར་བ་སྐྱེན་པོ་བྱུང་ནས་བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱོང་དང་ངང་རྒྱུད་རིང་པོས་སེམས་གསོ་བྱས་པས། འགྲུལ་པ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་ཡོད། 

དོ་སྣང་།

图片

དྲ་རྒྱའི་ཐོག་གི“རྩྭ་འདེབས་པའི”ལས་སྟེགས་ཁག་གཅིག་ཏུ་བྱིས་པ་རྣམས“མི་དར་མའི་གཟུགས་དཔེ་རུ་བསྒྱུར་བ”དང་། “ཞོར་དུ་ཚོང་ཟོག་འཚོང”བའི་ཁེ་ཕན་ལེན་ཐབས་བྱེད་པའི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། བྱིས་དུས་ཐེངས་གཅིག་ལས་མེད་པས་རྒྱུག་ཚད་བསྡུ་བའི་ཡོ་བྱད་དུ་འགྱུར་མི་རུང་། སྒྲིག་སྲོལ་ལ་སྐྱ་མདོག་མི་འཇོག་པ་དང་ལྟ་སྐུལ་དོ་དམ་ནན་མོ་བྱེད་སྐབས་ལས་སྟེགས་ཀྱིས་འོན་ལྐུགས་ཀྱི་ཚུལ་འཛིན་པ་དང་ཆུ་དཀྲུག་རླབས་འདེད་བྱེད་མི་ཕོད་ལ། ཁྱིམ་བདག་གིས་ཀྱང་བྱིས་པ་དང་བྱིས་བློ་གང་འདོད་དུ་དངུལ་ལ་བརྗེས་ནས་ཁེ་བཟང་རག་ཐབས་བྱེད་མི་ཕོད་པས། “བྱིས་བློ་ཚོང་ཟོག་ཅན་དུ་འགྱུར་བའི”ཚོང་ལས་གཞི་ནས་མཚམས་འཇོག་ཐུབ། 

འཚོ་བའི་ཞབས་ཞུ།

图片

གནམ་གཤིས། དེ་རིང་ཀུའེ་ཀྲོའུ་ལྷོ་རྒྱུད་དང་། ཀོང་ཞིའི་ནུབ་བྱང་རྒྱུད་དང་དབུས་རྒྱུད། ཧུའུ་ནན་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཅང་ཞིའི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཀྲེ་ཅང་། ཧྥུའུ་ཅན་ནུབ་བྱང་རྒྱུད། ཧྲང་ཧའེ་ལྷོ་རྒྱུད། ཧེ་ལུང་ཅང་ཤར་ལྷོའི་རྒྱུད། ཅི་ལིན་ཤར་རྒྱུད། ལིའོ་ཉིང་ཤར་རྒྱུད། ཧོ་པེའི་ཤར་རྒྱུད་དང་དབུས་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་བྱང་རྒྱུད། བོད་ལྗོངས་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་པ་དང་། དེའི་ནང་ཅང་ཞིའི་བྱང་ཤར་རྒྱུད་དང་ཀུའེ་ཀྲོའུ་ལྷོ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། བོད་ལྗོངས་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 

པེ་ཅིང་། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་ཚེས2ཉིན་ནས་ཚེས30ཉིན་བར་ཁུན་ཉིང་ཕོ་བྲང་ལ་ཁང་པའི་ངོས་ལ་ཞིབ་བཤེར་བཟོ་བཅོས་བྱ་རྒྱུ་ཡིན་པ་དང་། ཟླ7པའི་ཚེས1ཉིན་ཡང་བསྐྱར་སྒོ་འབྱེད་པ་རེད། དེའི་རིང་ཁུན་ཉིང་ཕོ་བྲང་ས་ཁོངས་སུ་གནས་སྐབས་བཀག་སྡོམ་བྱས་ནས་ཨར་སྐྲུན་བྱ་རྒྱུ་ཡིན་པས་ལྟད་མོ་བས་ལྟ་སྐོར་བྱེད་སྐབས་ཅའོ་ཐའེ་ལྷ་ཁང་གི་ཤར་ནུབ་གཞོགས་གཉིས་ནས་བསྐོར་ཏེ་གོང་མའི་མེ་ཏོག་ལྡུམ་རར་བསྐྱོད་དགོས་ཀྱི་ཡོད། 

ཅང་ཞི། ཚེས3ཉིན་ནས་ཚེས10ཉིན་བར། ཅི་ཨན་ཐའེ་ཧོ་དང་ཀན་ཀྲོའུ་ཞིན་གོའི་མངའ་ཁོངས་ཀྱིG72ཆོན་ནན་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཁག་གཅིག་སྒྱུར་བཀོད་ཨར་ལས་བྱ་རྒྱུ་དང་། སྐབས་དེར་གནས་སྐབས་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་རེད། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་གྱིས་སྔོན་ལ་ལམ་ཐིག་འཆར་འགོད་བྱས་ཏེ་བསྐོར་ནས་འགྲོ་རྒྱུར་དོ་སྣང་བྱ་དགོས།