网站无障碍
གསར་འགྱུར་གལ་ཆེན།
发布时间:2026年06月09日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ6པའི་ཚེས8ཉིན་གྱི་ཉིན་དགུང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་ཕིང་དབྱང་དུ་འབྱོར་ཏེ། ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས་པ་རེད།

图片

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཉིན་དགུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕིང་དབྱང་ཅིན་རི་ཁྲེང་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས།

图片

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕིང་དབྱང་ཅིན་ཞིའུ་རི་བོའི་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ་རེད།

图片

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕིང་དབྱང་མུའུ་ལན་འགྲེམས་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་རེད།

图片

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡི་ཕེབས་རོགས་འོག་ཕིང་དབྱང་ལུས་རྩལ་ཁང་དུ་ཁྲའོ་ཞན་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཆེད་དོན་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།

ཟླ6པའི་ཚེས8ཉིན། ཕིང་དབྱང་དུ་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི《ངལ་རྩོལ་གསར་འགྱུར》ཐོག《སྔ་འཛིན་ཕྱི་གཏོད་དང་ཧུར་བརྩོན་མཉམ་སྐྱོད་ཀྱིས་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད།

ཚེས8ཉིན། རང་རྒྱལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་སུ་ལས་མགོ་བརྩམས་པའི་པའི་རྒྱལ་ཁབ་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཐོག་མ་སྟེ། འབྲི་ཆུའི་འགག་གསུམ་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པ་དངོས་སུ་ལས་མགོ་བརྩམས་པ་རེད།

ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དེང་རབས་ཅན་གྱི་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཞིང་ལས་གྲོང་གསེབ་པུའི་དབྱར་གྲོའི་འཕྲུལ་བསྡུའི་འཕེལ་རིམ་གསར་ཤོས་ལས་མངོན་པར། མིག་སྔར། རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུའི་མྱུར་ཚད་བཅུ་ཆ་དྲུག་ལས་བརྒལ་ཡོད།

ཚེས8ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧྥུའུ་ཅན་དང་། ཀོང་ཏུང་། ཡུན་ནན་བཅས་ཞིང་ཆེན་གསུམ་ལ་དམིགས་ནས་འབྲུབ་འགོག་གི་རིམ་པ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས།

ཚེས8ཉིན་ཕྱི་འབྲེལ་པུས་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་ནི“ཁྱོད་ཕམ་ང་རྒྱལ”གྱི་རྒྱལ་ཕམ་འགྲན་རྩོད་ཅིག་མིན་པར། ཕྱོགས་གཉིས་པོར་གྲུབ་འབྲས་ཐོབ་ཏུ་འཇུག་པ་དང་ཕྱོགས་གཉིས་པོར་ཁེ་ཕན་ཡོང་ཐུབ་ཅེས་བཤད་པ་རེད།

སྤྱི་ཚོགས།

སློབ་མཐར་ཕྱིན་པའི་སྔ་རྗེས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ཏེ་མཐར་ཕྱིན་སློབ་མ་བདེ་བླག་ངང་ལས་ཞུགས་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། སློབ་གསོ་པུས་ཟླ་དྲུག་པ་ནས་བརྒྱད་པའི་བར་སློབ་ཆེན་མཐར་ཕྱིན་སློབ་མའི2026ལོའི་ལས་ཞུགས་ཀྱི“ཉིན་བརྒྱའི་གདོང་མཆོང་བྱེད་པའི”འགུལ་སྐྱོད་སྤེལ་རྒྱུ་རེད།

སྤྱི་བདེ་པུའི་དྲ་བའི་བདེ་འཇགས་ཅུ་ཡིས་ཚེས8ཉིན་མཐོ་རྒྱུགས་དང་འབྲེལ་བའི་དྲ་རྒྱའི་དཀྲོག་གཏམ་གྱི་དཔེ་མཚོན་གྱོད་དཔེ10ཁྱབ་བསྒྲགས་བྱས་པ་རེད།

ཉེ་ཆར། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་མཉམ་འབྲེལ་ཐོག《དྲ་རྒྱའི་རྟོག་འཇལ་བྱེད་སྒོའི་ཚད་གཞི》པར་འགྲེམས་བྱས་པ་རེད།

གསར་དུ་བཟོ་བཅོས་བརྒྱབ་པའི《སྨན་རྫས་ནད་ཐོག་སྨན་བཅོས་ཚོད་ལྟའི་སྤུས་ཚད་དོ་དམ་ཚད་གཞི》ཚེས8ཉིན་ཁྱབ་བསྒྲགས་བྱས་པ་དང་། ཟླ9པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

དུས་སྐབས་ཤིག་རིང་ལྟ་སྐུལ་དོ་དམ་ལས་ཤེས་རྟོགས་བྱུང་བ་དང་སྨྱན་སྦྱོར་གྱིས་དམར་རྗེན་དུ་བཏོན་པའི་མེ་དབྱི་ཅ་ཡི་ཚོང་ཁང་མང་པོས་དུས་ཚོད་འགོར་བའི་བཟའ་བཅའ་ཕྱིར་འཚོང་བྱེད་པ་སོགས་ཀྱི་བཟའ་བཅའི་བདེ་འཇགས་གནད་དོན་ལ་དམིགས་ཏེ། ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་མེ་དབྱི་ཅ་སྤྱི་ཁྱབ་པུ་ལ་སྐོང་འདྲི་བྱས་པ་རེད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཁྲེན་ཝུའེ་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དེ་སྔའི་པུ་ཀྲང་གཞོན་པའི་ལས་བྱེད་པ་ཕན་ལེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱས་པ་རེད།

ཚེས8ཉིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“ཡུའེ་འཁོར་ལྷོ་སྐྱོད”ཀྱི་སྲིད་ཇུས་དེ་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར9ཚང་མར་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

图片

ཧྲན་ཏུང་ཆིང་ཏའོ་ཡི་ཟ་ཁང་ཞིག་ཏུ་རྒན་པ་ཞིག་གློ་བུར་དུ་མགོ་ཡོམ་འཁོར་ནས་འགྱེད་པ་དང་། ཟ་ཁང་ནང་དུ་ཟ་མ་ཟ་བཞིན་པའི་མྱུར་སྐྱོབ་སྨན་པ་ཐེང་ཅུན་ཞུས་ཀྱིས་དུས་ཐོག་ཏུ་མྱུར་སྐྱོབ་བྱས་པས། སྐར་མ་འགའ་འགོར་རྗེས་རྒན་པོའི་དབུགས་ལེན་ཐུབ་ཅིང་འདུ་ཤེས་རིམ་བཞིན་སླར་གསོ་བྱུང་།

དོ་སྣང་།

图片

ནར་མ་སོན་པའི་མིའི་དྲ་རྒྱའི་འཛད་སྤྱོད་ཐད་ཀྱི“གྲོན་དངུལ་ཕྱིར་སློག་དཀའ་བའི”གནད་དོན་དེ་ཇི་ལྟར་སེལ་དགོས་སམ། མི་དམངས་ཉིན་རེའི་ཚགས་པར་ཐོག་ཡིག་ཆ་བཀྲམ་ནས་བསྟན་དོན། 《ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོང་སྲོལ་ཡིག》ལྟར་ན། ལས་སྟེགས་ལ་སྒོ་སྲུང་བའི་འགན་འཁྲི་ཡོད་པས་གཅིག་གྱུར་གྱི་གློག་རྡུལ་ཐོབ་ཐང་བདེན་དཔང་ར་སྤྲོད་མ་ལག་དང་འབྲེལ་མཐུད་བྱེད་དགོས་པ་མ་ཟད། དྲ་རྒྱའི་ཐད་གཏོང་ཁྱབ་བསྒྲགས་བྱེད་མཁན་གྱི་ཐོབ་ཐང་ངོ་མའི་ཆ་འཕྲིན་འགུལ་རྣམ་གྱི་ཞིབ་བཤེར་ལམ་སྲོལ་འཛུགས་དགོས་པ་ལས་ཐོ་འགོད་བྱེད་སྐབས་ཐེངས་གཅིག་གི་ར་སྤྲོད་ཁོ་ནར་བརྟེན་མི་ཆོག ད་དུང་བྱེད་ཐབས་གཞན་སྤྱད་དེ་ནར་མ་སོན་པའི་མིའི་འཛད་སྤྱོད་གྲངས་འབོར་ལ་ལུགས་མཐུན་གྱིས་ཚོད་འཛིན་བྱས་ཏེ། བྱ་དགའ་སྟེར་བའི་ཚད་གཞི་བཟོ་བ་ལས་འཛད་སྤྱོད་བྱེད་པར་བསླུ་ཁྲིད་བྱེད་མི་རུང་ཟེར།

འཚོ་བའི་ཞབས་ཞུ།

图片

གནམ་གཤིས། དེ་རིང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཤིས་ཀྱི་ཤར་རྒྱུད། ཀོང་ཏུང་། ཅང་ཤིའི་ལྷོ་རྒྱུད། ཧྥུའུ་ཅན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ཁྲོད་ཀོང་ཏུང་གི་དབུས་རྒྱུད་དང་ཤར་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ། ཧྥུའུ་ཅན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ་ས་ཆ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།

ཁྲུང་ཆིང་། ཁྲུང་ཆིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་ཚེས13ནས་ཚེས21ཉིན་བར་ཁྲུང་ཆིང་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས་སུ་འཚོག་རྒྱུ་རེད།

ཀོང་ཀྲོའུ། ཀོང་ཀྲོའུ་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྤྱི་གསོག་མ་དངུལ་གྱི་གཏན་འབེབས་གསར་པ་པར་འགྲེམས་བྱས་ནས་ད་ཡོད་ཀྱི་ཁང་པ་ཉོ་བའི་དངུལ་བུན་གྱི་རྨང་གཞིའི་ཐོག་བཟོ་སྐྲུན་དང་། བསྐྱར་སྐྲུན། ཉམས་གསོ་ཆེན་པོ་བཅས་ཀྱི་རང་སྡོད་སྡོད་ཁང་གི་དངུལ་བུན་རིགས་མང་དུ་བཏང་བ་དང་། ཚེས9ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།