网站无障碍
མཐོ་རྒྱུགས་ཀྱི་སྐར་གྲངས་ཐོན་སྐབས་འཕྲིན་ཐུང་འདི་རིགས་ལ་གཟབ་དགོས།
发布时间:2026年06月26日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།  

2026ལོའི་རྒྱལ་ཡོངས་ཞིང་ཆེན་ཁག་གི་མཐོ་རྒྱུགས་ཀྱི་སྐར་གྲངས་རིམ་བཞིན་ཁྱབ་བསྒྲགས་བྱས་པ་དང་སྐར་གྲངས་ལ་ལྟ་བའི་དུས་ཚོད་གཙོ་བོ་ཟླ6པའི་ཚེས23ཉིན་ནས་ཚེས26བར་རེད།

སྒྲིག་གཞིའམ་མི་སྒེར་ཁག་ཅིག་གིས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཆེད་འགག་རྩའི་དུས་སྐབས་དང་བསྟུན་ཏེ་མགོ་གཡོག་མགོ་སྐོར་སྣ་ཚོགས་ཀྱི་ལམ་ནས་མགོ་སྐོར་གཏོང་བའི་གནས་ཚུལ་བྱུང་མྱོང་ཡོད་པས་ཚང་མར་དྲན་སྐུལ་བྱས་ཏེ་དོན་དག་འདི་ལྟ་བུའི་རིགས་ལ་ཡིད་ཆེས་བྱེད་མི་རུང་བ་མ་ཟད་ཚང་མས་མགོ་སྐོར་ཐེབས་པར་དོགས་ཟོན་བྱ་དགོས།

1.གྱོད་དཔེའི་གནས་ཚུལ།

2025ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་མ་ཐོན་སྔོན་ལ། ཞའོ་ལི་ལ་ཞིང་ཆེན་སློབ་གསོའི་རྒྱུགས་ལེན་ཁང་ཡིན་ཁུལ་བྱས་པའི་མགོ་སྐོར་གཏོང་བའི་འཕྲིན་ཐུང་ཞིག་འབྱོར་ཞིང་། དེའི་ནང་དུAIཡིག་རྒྱུགས་ལྟ་ཞིབ་མ་ལག་གིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། 2025ལོའི་མཐོ་རྒྱུགས་ནང་ཁྱེད་ལ་གཡོ་ལས་ཀྱི་བྱ་སྤྱོད་ཡོད་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྐར་གྲངས་མེད་པར་བཟོ་རྩིས་ཡོད་ཅེས་འཁོད་ཡོད་པ་དང་། འཕྲིན་ཐུང་གི་མཇུག་ཏུ་རྒྱུ་མཚན་ཞུ་འབུལ་བྱ་ཡུལ་གྱི་སྦྲེལ་མཐུད་ཅེས་འཁོད་ཡོད་པ་རེད། ཞའོ་ལིས་དེའི་རྗེས་སྦྲེལ་མཐུད་དྲ་ཚིགས་ཐོག་བསྐྱོད་དེ་དྲན་སྐུལ་གཞིར་བཟུང་ཐོབ་དཔང་ཨང་གྲངས་དང་། རྒྱུགས་སྤྲོད་འཛིན་ཡིག དངུལ་བྱང་སོགས་ཀྱི་ཆ་འཕྲིན་བྲིས་ནས་རྒྱུ་མཚན་ཞུ་འབུལ་དཔང་གཅོད་བྱས་པ་དང་། ཅང་མ་འགོར་བར། ཞའོ་ལི་ལ་དངུལ་ཁང་གིས་བསྐུར་བའི་བྱང་བུའི་ནང་གི་ལྷག་དངུལ་མ་འདང་བར་དངུལ་སྤྲོད་མ་ཐུབ་ཅེས་པའི་འཕྲིན་ཐུང་འབྱོར་རྗེས། མགོ་སྐོར་གཏོང་སྲིད་པ་ཤེས་ནས་མྱུར་དུ་ཉེན་རྟོག་པར་ཡར་ཞུ་བྱས་པ་རེད།

2.གཟབ་དགོས་པའི་དྲན་སྐུལ།

རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་དོ་སྣང་བྱེད་དགོས་པ་ཞིག་ལ་མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་བརྡ་ཐོ་གལ་ཆེན་ཚང་མ་སློབ་འབྲིང་དང་། ཞིང་ཆེན་རིམ་པའི་སློབ་གསོའི་རྒྱུགས་ལེན་ཁང་། སློབ་ཆེན་གྱི་གཞུང་ཕྱོགས་དྲ་ཚིགས་སོགས་དངོས་གཞིའི་ཐབས་ལམ་བརྒྱུད་དེ་ཁྱབ་བསྒྲགས་བྱེད་པ་ལས་འཕྲིན་ཐུང་དང་སྐད་འཕྲིན་ཁོ་ནའི་ལམ་ནས་བརྡ་གཏོང་མི་སྲིད། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་དོགས་གཞི་ཡོད་པའི་ཆ་འཕྲིན་འབྱོར་སྐབས་འཕྲལ་མར་སློབ་གསོ་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གཞུང་ཕྱོགས་ཁ་པར་ཐོག་ནས་བདེན་མིན་ཞིབ་དཔྱད་བྱེད་དགོས།