མཚོ་བྱང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་སྨོན་ལམ་མཐོན་པོའི་དབུ་རྩེར་འཛེགས་ནས་གསར་བརྗེའི་གླུ་དབྱངས་བླངས་ཏེ་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུས།
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས1ཉིན། མཚོ་བྱང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་སྨོན་ལམ་མཐོན་པོའི་དབུ་རྩེར་འཛོམས་ནས་གསར་བརྗེའི་གླུ་དབྱངས་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ལ། སྐད་གསེང་མཐོན་པོའི་ཐོག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བསྟོད་གླུ་བླངས་ཤིང་། དུས་རབས་གསར་བའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་བསྔགས་དང་། མཚོ་བྱང་གི་རིགས་སོ་སོའི་བུ་བུ་མོ་ཚོ་མཐོ་སྒང་དུ་རྩ་བ་ཚུགས་པ་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ནས་དངོས་སྒྲུབ་ཁུལ་དར་དང་ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་མཚོ་བྱང་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་པའི་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།


“བདུན་གཅིག”ཏང་གི་བཀའ་དྲིན་ལ་བསྟོད་པ་དང་གསར་བརྗེའི་གླུ་དབྱངས་རི་ལུང་ཀུན་ལ་ཁྱབ། ཞོགས་པའི་ཆུ་ཚོད7གྱི་སྟེང་དམར་མདངས་བཀྲ་བའི་ཏང་དར་དང་སྐར་ལྔའི་དར་དམར་རླུང་གིས་བསྐྱོད་ཅིང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་མང་ཚོགས་ཚོགས་པ། སྤྱི་བདེའི་འཐབ་ཕྱོགས་བཅས་ནས་ཡོང་བའི་ལས་བྱེད་ལས་བཟོ་བ་དང་དམངས་རོགས་ཉེན་རྟོག་པ་བརྒྱ་ལྷག་ཙམ་གྲལ་བསྒྲིགས་ཏེ་ལྗོངས་གཟིགས་སྟེགས་བུའི་ཐོག་རླུང་གཡབ་དབྱིབས་ལྟར་གུས་སྟབས་ཀྱིས་ལངས་པ་དང་། ལག་གི་དར་དམར་ཆུང་ཆུང་རླུང་གི་རྒྱུ་བ་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ལ། གཟབ་གོས་དང་ཉེན་རྟོག་པའི་གྱོན་ཆས། ཁྱད་ལྡན་མི་རིགས་ཀྱི་གྱོན་ཆས་ལས་བཀྲག་མདངས་འཚེར་ཞིང་། མི་ཚང་མའི་སྙིང་སྟོབས་རབ་ཏུ་འཕེལ་ཞིང་སྤོབས་པ་ཆེན་པོ་རྒྱས་ཡོད།

སྒམ་བརླིང་ནུས་ལྡན་གྱི་རོལ་དབྱངས་དཀྲོལ་བ་དང་བསྟུན་ནས་མི་ཡོངས་ཀྱིས་མཉམ་དུ<<གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད>>ཅེས་པའི་གླུ་གཞས་བཏང་ཞིང་། སྙན་འཇེབས་ཀྱི་འགྱུར་ཁུག་རེ་རེར་མཚོ་བྱང་གི་རི་ཀླུང་དུ་བྲག་ཅ་འཁོར་བ་དང་། ཚང་མས་ལྷག་བསམ་ཟོལ་མེད་དང་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་མཚོ་བྱང་ས་གཞི་ཆེན་པོར་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་དྲིན་ཚོར་དང་བརྩི་བཀུར་ཞུ་ལུགས་བརྗོད་ཡོད།

“སྐར་ལྔའི་དར་དམར་རླུང་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ་དང་རྒྱལ་ཁའི་གླུ་སྒྲ་ཇི་འདྲའི་སྙན་ཞིང་འཇེབས་པ་ལ། ང་ཚོའི་སྙིང་ཉེ་བའི་མེས་རྒྱལ་ལ་གླུ་དབྱངས་བླངས་ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་བསྐྱོད་དེ། རི་བོ་མཐོན་པོ་དང་བདེ་ཐང་བརྒལ་དགོས”ཞེས་སྙན་འཇེབས་མཆེད་པའི་འགྱུར་ཁུག་རྒྱུན་མཐུད་ངང་གྲགས་པ་དང་མི་ཡོངས་ཀྱིས་མགྲིན་གཅིག་ཏུ<<མེས་རྒྱལ་ལ་བསྟོད་གླུ་འབུལ>>ཞེས་པའི་གླུ་གཞས་མཉམ་ལེན་བྱས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གླུ་སྐད་སྙན་མོ་སྨོན་ལམ་མཐོན་པོའི་རི་རྩེར་གྲགས་ཤིང་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་སུ་སྐུལ་འདེད་བཏང་།

དར་དམར་ལྷབ་ལྷུབ་གཡོ། བསམ་འདུན་བརྟན་དུ་གཏོང་། གླུ་སྒྲ་མཐོན་པོས་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས་པ་དེས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་རྗེས་སུ་འབྲངས་བ་དང་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་མོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཞིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་དང་འབད་བརྩོན་མདུན་སྐྱོད་བྱས་ཏེ་བགྲོད་ལམ་གསར་བའི་ཐོག་ནུས་ཤུགས་ཡོད་རྒུས་མཚོ་བྱང་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་རྒྱུར་སྐུལ་མ་བཏང་ཡོད།