མཚོ་བྱང་འགྲན་ཁུལ་གྱི་ངོ་མཚར་ལྟད་མོ།
发布时间:2026年07月06日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས5ཉིན། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"རིམ་འདས་སྦྲེལ་འགྲན་སྐབས་གསུམ་པའི་འགྲན་སྐོར་དྲུག་པའི་འགྲན་སྡུར་རང་སའི་ཡུལ་ཏེ་འཇུ་ལག་རྗོང་མི་རིགས་ལུས་རྩལ་ར་བར་གཟབ་རྒྱས་འཚོགས་ཤིང་། འགྲན་རའི་སྟེང་དུ་བྱ་རྒོད་ལྟར་འཕུར་བའི་ལུས་རྩལ་པའི་སྟོབས་ཤུགས་དང་སྤོ་ལོ་ཡི་མྱུར་ཚད་གཞི་གཅིག་ཏུ་འདྲེས་ལ་ཛ་དྲག་གི་འགྲན་སྡུར་ཞིག་དངོས་སུ་མགོ་བརྩམས་བྱུང་། ར་བའི་ཕྱི་རོལ་གྱི་འགྲེམས་ཁུལ་དུ་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་དང་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཕན་ཚུན་བཀྲག་མདངས་འཚེར་ནས་མངོན་ཡོང་། རྣམ་པ་དེའི་ཐོག་ནས་མཚོ་བྱང་གི་རིགས་སོ་སོའི་བུ་བུ་མོ་ཚོའི་དཔའ་ངར་ཆེར་བསྐྱེད་དང་རང་ལ་ཡིད་ཆེས་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་མ་ཟད། ཁོ་ཚོས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་འབད་བརྩོན་མདུན་སྐྱོད་བྱེད་པའི་དད་སེམས་ཀྱང་དེ་བས་མཚོན་ཐུབ། ད་ལྟ་ང་ཚོས་བརྙན་མིག་གི་རྗེས་དེད་ནས་ཡང་བསྐྱར་མི་སེམས་འགུལ་བའི་སྐད་ཅིག་མ་དེ་དག་ལ་ཕྱིར་དྲན་ཞིག་བྱའོ།



































