གསར་འགྱུར་གལ་ཆེན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་དང་པོའི་མེ་སྐྱོན་ལས་འཛོལ་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཉེན་ཁའི་བྱུར་རྐྱེན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་དང་ཞིབ་ཚགས་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས་ཚུལ་ནན་གྱིས་བསྟན།
➤རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔ་ཚན་བཅོ་ལྔ་པའི”ཐཱན་རྩེར་སྙེག་བྱ་སྤྱོད་ཇུས་གཞི》དཔར་འགྲེམ་བྱས།
➤ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་བརྡ་ཐོ་བཏང་ནས། འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
➤རྒྱལ་ཁབ་གཞི་གྲངས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཕྱོགས་བསྡུས་ཚོད་ལྟ་ཁུལ10ལ་བརྟེན་ནས། སྨན་བཅོས་ཁྱབ་ཁོངས་ཀྱི་གྲངས་གཞིའི་བདེ་འཇགས་ལུགས་མཐུན་ནུས་ཆེའི་འཁོར་རྒྱུག་བེད་སྤྱོད་ཀྱི་དཀའ་གནད་སྔོན་ལ་སེལ་རྒྱུ་རེད།
➤ཚོང་དོན་པུ་སོགས་སྡེ་ཁག་དགུ་ཡིས་མཉམ་འབྲེལ་ཐོག《སིལ་འཚོང་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་ནས། 2030ལོར་སླེབས་སྐབས་རང་རྒྱལ་དུ་བཀོད་སྒྲིག་ལུགས་མཐུན་དང་མཁོ་སྤྲོད་སྤུས་ལེགས། ལས་རྣམ་སྣ་མང་། བློ་གྲོས་སྟབས་བདེ། འགྲན་རྩོད་གོ་རིམ་ལྡན་པ་བཅས་ཀྱི་དེང་རབས་སིལ་འཚོང་མ་ལག་ཅིག་ཆགས་པ་བརྩོན་ལེན་བྱ་རྒྱུ་རེད།

➤2026ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་སོ་སོར་ཁྲི743.8དང་ཁྲི744.6ཡིན་པ་དེ་དུས་མཚུངས་ལས་ཚང་མ་འཕར་ཡོད་ལ། དེའི་ནང་གློག་སྒུལ་རྐྱང་པའི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་ཀྱི་བསྡུར་ཚད67%ཙམ་བར་འཕར་ཡོད་པ་རེད།
➤ཀྲུང་ཨུའི“མཚོ་ཐོག་མཉམ་འབྲེལ—2026”མཉམ་འབྲེལ་འཁྲབ་སྦྱོང་གི་གྲུ་ཁའི་འཆར་འགོད་དུས་མཚམས་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས། ཚེས9ཉིན་དངོས་སུ་མཚོ་ཐོག་འཁྲབ་སྦྱོང་དུས་མཚམས་སུ་སླེབས་ཡོད་པ་རེད། ཕྱོགས་གཉིས་པོའི་འཁྲབ་སྦྱོང་ནང་ཞུགས་པའི་དམག་གྲུ་ཆིང་ཏའོ་ཡི་དམག་དོན་གྲུ་ཁ་ཞིག་ནས་གྲུ་ཐག་བཅད་ནས་སྔོན་བཀོད་མཚོ་ཁོངས་སུ་བསྐྱོད་དེ། མཚོ་ཐོག་དངོས་དམག་གི་མདེའུ་དངོས་འཁྲབ་སྦྱོང་བྱས་པ་རེད།
➤ཚེས9ཉིན་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་གྱི་འབོད་སྒྲ་ནན་ཏན་ངང་ཉན་ནས། ཁུ་པར་བཀག་སྡོམ་དང་རྣམ་པ་གང་རུང་གི་བཙན་ཤེད་ཀྱིས་གནོན་ཤུགས་སྤྲོད་པ། དམག་དོན་གྱི་འཇིགས་སྐུལ་བཅས་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་བཤད་པ་རེད།
➤ཚེས8ཉིན་ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུ་ལེ་ཙེ་ལི་ཁེ་སེན་གྱིས་ཀེ་ལིན་ལན་གླིང་ཕྲན“ཕྱིར་འཚོང་གཏན་ནས་བྱེད་ཀྱི་མེད”ཅེས་བཤད།
སྤྱི་ཚོགས།
➤རྒྱལ་ཁབ་གནོད་འགོག་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་སོགས་སྡེ་ཁག་གསུམ་གྱིས་ཀྲེ་ཅང་དང་ཧྥུའུ་ཅན་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི5གཏོང་སྤྲོད་བྱས་ཡོད།
➤ཚེས9ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས2026ལོའི་དུས་ཚིགས་གཉིས་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།
➤ཚེས9ཉིན་གྱི་ཆུ་ཚོད21བར། ཧྥུའུ་ཅན་ཅིན་ཅང་ཁྲེན་དབྱི་གྲོང་རྡལ་ཅང་ཐོའུ་གྲོང་ཚོའི་ཧུའེ་ཐེང་ལྷམ་ལས་རིགས་སྤྱི་གཉེར་བཟོ་ཁང་ལ་མེ་སྐྱོན་བྱུང་ནས་མི28རྐྱེན་ལམ་དུ་ཤོར་བ་རེད།
➤ཚེས9ཉིན་གྱི་ཉིན་གུང་བར། ནན་ཉིང་ལིའུ་ལན་ཆུ་མཛོད་ཀྱི་རགས་ཤོར་ཆུ་ལོག་ཚུད་པའི་ཆུ་ལོག་གིས་ཀོང་ཞིའི་མི39རྐྱེན་ལམ་དུ་ཤོར་བ་དང་མི9ལ་འབྲེལ་བ་ཆད་པ་རེད།
➤རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་གསུམ་གྱིས2026ལོའི་པར་གཞིའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་ཁྱབ་བསྒྲགས་བྱས་པ་དང་། དཀར་ཆག་གསར་པ་དེ་སྔའི་སྨན་རྫས་སྣ་ཁ685ནས་རིགས794བར་ལེགས་སྒྲིག་བྱས་ཡོད།
➤རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན28ཀྱིས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་མཁན་མི་སྒེར་ལ“རང་གིས་སྤྲོད་རྒྱུ་མེད་པ”སྐུལ་འདེད་བཏང་བ་དང་། ཅང་སུའུ་དང་ཧྥུའུ་ཅན། ཉིང་ཞ་སོགས་ཞིང་ཆེན9ཡིས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་མཁན་མི་སྒེར་ལ“རང་གིས་སྤྲོད་རྒྱུ་མེད་པ”དེ་གྲོང་ཁྱེར་དང་གྲོང་གསེབ་སྡོདདམངས་ཀྱི་སྨན་སྐྱོབ་བར་རྒྱ་ཆེར་བཏང་ཡོད།
➤ད་ལོ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་དྲ་རྒྱའི་མགྲོན་ནག་ཉེས་གསོག་གྱོད་གཞི1900ལྷག་ཙམ་དང་དྲ་རྒྱའི་དཀྲོག་གཏམ་གྱོད་གཞི8000ལྷག་ཙམ་མྱུལ་ཞིབ་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ཐོ་གྲངས་ཁྲི2.3ལྷག་ཙམ་གྱི་སྒོ་བརྒྱབ་པ་རེད།
➤ཉེ་ཆར་ཧོ་ནན་ནས་ཡོང་བའི་དང་བླངས་པ་ཁག་གཅིག་གིས་བསྲེས་ཐུག6000འཁྱེར་ནས་སྤྱི་ལེ1600བརྒལ་ཏེ། ཀོང་ཞི་ཧེང་ཀྲོའུ་རུ་ཕྱིན་པས་གནོད་འཚེ་ཕོག་པའི་ཡུལ་མི་ཚོར་ཟས་ཚ་པོ་ཞིག་བཟའ་རྒྱུ་བྱུང་ཡོད། དང་བླངས་པའི་མིང་འདྲི་སྐབས། ཁོ་ཚོས་ཧོ་ནན་གྱི་བསྲེས་ཐུག་བློ་ལ་ངེས་ན་ཆོག་ཅེས་ལན་བཏབ།
དོ་སྣང་།

➤ཉེ་ཆར་ལྗང་མདོག་གློག་སྒུལ་རླངས་འཁོར་གྱི་གཞུང་ཕྱོགས་ཐོ་གྲངས་ལས་ཁྱབ་བསྒྲགས་བྱས་པའི་བརྙན་ཞིག་ལ་རྩོད་གཞི་བྱུང་ཞིང་། དེར“ཟུར་འདྲེད་གཉེར་ཚོང”ཞེས་བརྗོད་ཀྱི་ཡོད། གླེང་ཕྱོགས་བྱུང་རྗེས་བརྙན་དེ་མགྱོགས་མྱུར་མར་བབས་ནས་སྤུས་རྟགས་ཕྱོགས་ཀྱིས་ཡོངས་བསྒྲགས་ངང་དགོངས་དག་ཞུས་པ་རེད། ཉིན་འགའི་སྔོན་ལ། ངོ་སྣུམ་སྤུས་རྟགས་ཏི་ལུའུ་དང་ཧྲུའུ་ཁེ་ཡང་མཚམས་སྦྱོར་བརྡ་ཁྱབ་ཀྱི་ནང་དོན་མ་རབས་ཐ་ཤལ་ཡིན་པས་སྔ་རྗེས་སུ་གླེང་ཕྱོགས་ཀྱི་ཟིང་ཆའི་ནང་དུ་ལྷུང་། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། ཐོན་རྫས་ཀྱི་སྤུས་ཚད་བརྟན་པོ་དང་འཐུས་སྒོ་ཚང་བའི་བཙོངས་རྗེས་ཀྱི་ཞབས་ཞུ། དྲང་ཕྱོགས་ཀྱི་སྤུས་རྟགས་རིན་ཐང་ལྟ་བ་བཅས་ནི་ཁེ་ལས་བདེ་འཇགས་ཀྱི་རྩ་བ་ཡིན་ལ་ཚོང་གཉེར་གྱི་ཡང་དག་པའི་ལམ་བུ་ཞིག་ཀྱང་ཡིན། ཐོན་རྫས་ཏན་ཏན་ཏིག་ཏིག་གིས་གཉེར་བའི་ཁེ་ལས་ལ་དོ་སྣང་བྱེད་མཁན་མེད་པ་དང་། སྐབས་འཚོལ་མཁན་གྱིས་ཡང་ཡང་སྐོར་བ་བརྒྱབ་ན། ཚོང་རའི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་སྡུག་ཏུ་འགྲོ་བ་དེ་ནི་སུས་ཀྱང་མཐོང་འདོད་མེད་པའི་འབྲས་བུ་ཞིག་ཡིན། མི་ཤེས་པ་སྙིང་སྟོབས་ལ་བརྩི་བ་དང་མ་རབས་ཀྱི་སྤྱོད་ཚུལ་དར་སྲོལ་དུ་བརྩིས་ནས། མ་རབས་ཐ་ཤལ་གྱི་གཡོ་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་མཚན་སྙན་བརླག་པའི་གླེན་རྟགས་ཀྱི་ཚོང་གཉེར་དེ་རིགས་རྨོངས་གཉིད་ལས་སད་རན་རེད།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་དང་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཧྲན་ཞིའི་བྱང་ཤར་རྒྱུད་དང་ཧོ་པེའི་དབུས་རྒྱུད། ཐེན་ཅིན་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་ཡོད་པ་རེད།
➤པེ་ཅིང་། པེ་ཅིང་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་ལི་མདོག་བཏང་བ་དང་། དབྱི་ཧོ་ཡོན་དང་ཡོན་མིང་ཡོན་གནའ་ཤུལ་སྤྱི་གླིང་། ཤང་ཧྲན་སྤྱི་གླིང་སོགས་པེ་ཅིང་གི་མཛེས་ལྗོངས་ཁུལ་མང་པོ་ཞིག་ཚེས10ཉིན་ནས་བཟུང་གནས་སྐབས་སྒོ་རྒྱག་རྒྱུ་རེད།
➤ཀྲེ་ཅང་། དེ་སྔ་ཟླ7པའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ནས12:00བར་ལེན་རྩིས་ཡོད་པའི2026ལོའི་ལོ་སྨད་ཀྱི་ཞིང་ཆེན་རིམ་པའི་ལས་ཁུངས་ཁག་གཅིག་གིས་གཞི་རིམ་དུ་ཡོངས་བསྒྲགས་ངང་ཕུལ་བྱུང་གཞུང་ལས་པ་འདེམས་སྒྲུག་བྱེད་པའི་ཡིག་རྒྱུགས་ཟླ7པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད9:00བར་ནར་འགྱངས་བྱ་རྒྱུ་ཡིན་པ་རེད།