网站无障碍
གསར་འགྱུར་གལ་ཆེན།
发布时间:2026年08月04日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

《གློག་ཤུགས་མ་ལག་གསར་བ་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་བའི”འཆར་འགོད》ཁྱབ་བསྒྲགས་བྱས། 2030ལོར་སླེབས་སྐབས། རང་རྒྱལ་དུ་ལྗང་མདོག་ཐཱན་ཉུང་གི་གློག་ཤུགས་མཁོ་སྤྲོད་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་རྒྱུ་རེད། 

བཟོ་བཅོས་བརྒྱབ་རྗེས་ཀྱི《འདུས་གྲུབ་གློག་ལམ་གྱི་དཔེ་རིས་ཇུས་འགོད་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། དེ2026ལོའི་ཟླ10བའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“དག་གཙང·དྲ་རྒྱའི་ཐོག་མི་མང་པོ་ཐད་གཏོང་ཁང་གཅིག་ཏུ་ཚོགས་ནས་རོལ་རྩེད་སྤེལ་བའི་རྙོག་འཛིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲིམས་ལྟར་སྒྲིག་འགལ་བྱུང་བའི་ཨང་རྟགས1840ལྷག་ཙམ་ཐག་གཅོད་བྱས།

རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཉེ་ཆར་ཀྲུང་དབྱང་སྲིད་འཛིན་བྱ་ལས་སྡེ་ཚན་གྱི་ཁང་པ་དང་། ས་ཞིང་། གཞུང་སྤྱོད་རླངས་འཁོར་བཅས་ལ་རྒྱུ་ནོར་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པའི་ལས་ཀ་ལེགས་གྲུབ་བྱུང་།

རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི5.5ཟིན་པ་དང་། དེ་དུས་མཚུངས་ལས5.1%འཕར་ཡོད།

ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར339ཡིPM2.5ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ29.9ཟིན་པ་དང་། དེ་དུས་མཚུངས་ལས6.6%ཆག་ཡོད།

2026ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི531ཟིན་པ་དང། དེ་དུས་མཚུངས་ལས53%འཕར་ཞིང་། གོ་ལ་ཧྲིལ་བོའི་རླངས་འཁོར་ཕྱིར་གཏོང་ཨང་དང་པོའི་རྒྱལ་ཁབ་ཆེན་པོའི་གོ་གནས་མུ་མཐུད་བརྟན་དུ་ཕྱིན།

ཀྲུང་གོའི་གནམ་གཤིས་རིག་ནུས་ཀྱི་སྔོན་ཚུད་ཉེན་བརྡའི་ཇུས་གཞི“མ་ཙུའུ”རྒྱལ་ཁབ་བདུན་དུ་དོན་འཁྱོལ་བྱས་ཤིང་། གོ་ལ་ཧྲིལ་བོའི་རྒྱལ་ཁབ40ལྷག་ཙམ་གྱིས“དྲ་ཐོག”གཉེར་སྤྱོད་བཀོལ་རྒྱུར་རྒྱབ་སྐྱོར་བྱས།

ཚེས2ཉིན་ཨ་རིའི་ཙུང་ཐུང་ཐི་ལང་ཕུས་དབྱི་རན་དང་གྲོས་མོལ་བྱ་རྒྱུ་དེ་ཚེས3ཉིན་མགོ་འཛུགས་རྒྱུ་ཡིན་ཞེས་བཤད། ཚེས3ཉིན་དབྱི་རན་ཕྱི་འབྲེལ་པུས་མིག་སྔར་དབྱི་རན་གྱིས་ཨ་རི་དང་གྲོས་མོལ་བྱས་མེད་པ་དང་། དབྱི་རན་གྱིས་ཉེ་ཆར་འཐུས་མི་ཚོགས་པར་སྣེ་ལེན་ཞུ་བའམ་ཡང་ན་ཕྱི་ཕྱོགས་སུ་འཐུས་མི་ཚོགས་པ་མངགས་གཏོང་བྱེད་པའི་འཆར་གཞིའང་མེད་ཅེས་བཤད།

སྤྱི་ཚོགས།

图片

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་འབབ་པའི་སྔོན་བརྡ་སེར་པོ་བཏང་བ་དང་། དེ་རིང་ཧྲན་ཤིས་ཤར་ལྷོའི་རྒྱུད་དང་། ཁྲུང་ཆིང་དབུས་རྒྱུད་དང་ཤར་ལྷོའི་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད། ཡུན་ནན་ནུབ་རྒྱུད། ཀོང་ཤིས་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་བབས་པ་དང་། ས་ཆ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་བབས་རྒྱུ་རེད།

རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་སོགས་སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི6.5བཏང་ནས། ཧྲན་ཤིས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུ་དང་འཕྲལ་སྡོམ་དོ་དམ་པུས་ཡུན་ནན་ལ་དམིགས་ནས་འབྲུབ་འགོག་གི་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱས།

ཧོ་ནན་ཞིང་ཆེན་གྱི“རོགས་གསུམ་སྐྱོར་གཅིག”འཆར་གཞིའི་བསྡུ་ལེན་ཞིབ་བཤེར་བྱས་འབྲས་ཡོངས་བསྒྲགས་བྱས་ཤིང་། ཁྲིམས་འགལ་ངང་ཡིག་རྒྱུགས་རྐུ་ལས་བྱེད་པའི་བྱ་སྤྱོད་ནང་ཞུགས་མཁན་ཡོད་པ་ཤེས་རྟོགས་བྱུང་སྟེ། ཧོ་ནན་ཞིང་ཆེན་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱི་འགན་འཁུར་བར་ལས་གནས་མཚམས་འཇོག་བརྟག་དཔྱད་བྱས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཆེད་དོན་གྱོད་གཞི་ཚོ་ཆུང་བཙུགས།

ཤིན་ཅང་སའེ་ལི་མུའུ་མཚེའུ་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་གནས་སྐོར་རླངས་འཁོར་གྱི་ཁ་ལོ་བར་ཉེས་རྡུང་བཏང་བའི་དོན་རྐྱེན་ཐག་གཅོད་དང་བཅོས་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣ7སྲིད་འཛིན་བཀག་ཉར་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་སྒེར་འཁོར་བཏང་ནས་གྲོན་དངུལ་བསྡུ་བའི་རྣམ་པ་དེ“མི”ལྟར་གྲོན་དངུལ་བསྡུ་བ་ནས“རླངས་འཁོར”ལྟར་བསྡུ་བར་ལེགས་སྒྲིག་བྱས། 

ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས། དེ་གོང་སྤྲད་པའི“དགེ་རྒན་ཆེན་མོ”དང་། “དགེ་རྒན་གྲགས་ཅན” “ཞིམ་ཟས་མཚོན་རྟགས་གྲོང་ཁྱེར”སོགས་ཀྱི་མཚན་སྙན་སྣ་ཚོགས་ཕྱོགས་ཡོངས་ནས་གཙང་བཤེར་དང་མེད་པར་བཟོ་རྒྱུ་རེད།

6d69ee499e6f9421209756d45ca0f518.jpg

ཉིང་ཞ་ཧྲན་ཅ་པའོ་ཀྲན་གོའི་ཆིན་མིའི་དུར་སའི་གནའ་རྫས་རྟོག་ཞིབ་ལ་ཉེ་ཆར་ཚད་བརྒལ་ཆེན་པོ་བྱུང་བ་སྟེ། ཚན་ཞིབ་ཚོགས་པས་རིག་ཚན་མང་པོས་མཉམ་འབྲེལ་ཐོག་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ད་ལྟའི་བར་ལོ་ངོ2300ཡོད་པའི་གོང་གི་ཀྲན་གོའི་དུས་སྐབས་ཀྱི་ཆིན་རྒྱལ་ཁབ་ཀྱི་འབྲུ་རིགས་ཨ་རག་གི་ལྷག་རོ་གསལ་འབྱེད་བྱས་པ་དང་འབྲེལ་དེའི་སྙོལ་བཟོའི་རྒྱུ་ཆ་དང་བཟོ་རྩལ་ཞིབ་ཕྲ་གསལ་སྟོན་བྱས་ཡོད། 

ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་“ཧྭ་ལུང་དང་པོའི”རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ཚེས3ཉིན་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་རེད།

1add1051d82b1ae3161c27052cd5630c.jpg
ཟླ8པའི་ཚེས1ཉིན། མྱུར་ལྕགས་ཐེངསG1371ཐོག་འགྲུལ་པ་རྒན་གྲས་ཤིག་དྲན་པ་ཐོར་ནས་ཡུན་ནན་དུ་ལུས་གསོ་བྱེད་པར་སྐྱོད་མཁན་ཅང་ཤིས་ཕིང་ཤང་གི་ངལ་རྩོལ་དཔེ་བཟང་ལིའུ་ཤིན་ཅོན་དང་། ཏོན་པིན་ཡུས། ཐང་ཞའོ་ཧྥུང་བཅས་ཀྱིས་གསེར་ཁབ་སོགས་ཀྱི་བྱ་ཐབས་བརྒྱུད་མྱུར་སྐྱོབ་བྱས་ཏེ་རྒན་པའི་འདུ་ཤེས་སླར་གསོ་བྱེད་རོགས་བྱས། ངལ་རྩོལ་དཔེ་བཟང་དེ་ཚོས་ད་དུང་རྒན་པ་མྱུར་ལྕགས་ནས་བབས་ཏེ་ས་གནས་དེ་གའི་མྱུར་སྐྱོབ་མི་སྣ་འབྱོར་རག་བར་དུ་བསྐྱལ།

དོ་སྣང་།

图片

2026ལོའི“རོགས་གསུམ་སྐྱོར་གཅིག”འཆར་གཞིའི་བསྡུ་ལེན་གྱི་གླེང་ཕྱོགས་བསྡུ་བར་དམིགས་ཏེ། ཧོ་ནན་ཞིང་ཆེན་གྱི“རོགས་གསུམ་སྐྱོར་གཅིག”གི་ལས་དོན་མགོ་ཁྲིད་ཚོ་ཆུང་མཐུན་སྦྱོར་གཞུང་ལས་ཁང་གིས་ཟླ8པའི་ཚེས2ཉིན་གྱི་དགོང་མོར་བརྡ་ཁྱབ་བཏང་ནས“ཞིབ་དཔྱད་བྱས་པ་བརྒྱུད་ཁྲིམས་འགལ་ངང་ཡིག་རྒྱུགས་གཡོ་ལས་བྱེད་པའི་བྱ་སྤྱོད་ནང་ཞུགས་ཡོད་པ་ཤེས་རྟོགས་བྱུང”ཞེས་ཁ་གསལ་བཏོན་ཡོད། མི་དམངས་ཚ་གཏམ་གྱིས་བཤད་རྒྱུར། དྲང་གཞག་ནི་རྒྱུགས་ལེན་གྱི་བླ་སྲོག་ཡིན། ཡིག་རྒྱུགས་དེར་དམིགས་ནས་གསལ་པོ་བཟོ་དགོས་པ་ཞིག་ནི་མགོ་བདེ་གླགས་ཚོང་རྒྱག་མཁན་ལ་ཆད་པ་ཇི་ལྟར་གཅོད་རྒྱུ་དེ་མིན་པར། ཇི་ལྟར་བྱས་ནས་ཡིག་རྒྱུགས་ཀྱི་སྐྱོན་ཆ་ཕྱོགས་ཡོངས་ནས་ཉམས་གསོ་དང་གཡོ་ལས་བྱེད་པའི་འབྲེལ་ཐག་བཤིག་སྟེ། ཡོན་ཏན་དང་ནུས་པ་གཉིས་ལྡན་ལ་གོ་གནས་ཐོབ་པར་བྱས་ནས་སྤྱི་དམངས་དང་ལྷག་པར་དུ་རྒྱུགས་སྤྲོད་སློབ་མས་ཡིག་རྒྱུགས་ལ་ཡིད་ཆེས་བྱེད་ཚད་བསྐྱར་སྐྲུན་བྱ་རྒྱུ་དེ་རེད། ལྷག་བསམ་ཚང་མ་སྟོང་ཟད་དུ་མི་གཏོང་བར་གཞི་རིམ་དུ་གཞི་ཚུགས་འདོད་ཡོད་པའི་གཞོན་ནུ་སློབ་མ་ཚང་མར་རེ་འདོད་ཐོབ་པར་སྨོན།

འཚོ་བའི་ཞབས་ཞུ།

4eecbc865952ebad79f2d6e5d8ee1985.jpg

གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་བཏང་བ་དང་། དེ་རིང་ནང་སོག་ཤར་ལྷོའི་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ཧྲན་ཤིས་ལྷོ་རྒྱུད། ཧོ་པེའི་བྱང་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་རིམ་པ་བཅུ་ཡན་གྱི་ཐོག་རྒྱག་རླུང་ཆེན་ཡོད་པ་དང་། རླུང་ཤུགས་ཆེ་ཤོས་རིམ་པ་བཅུ་གཅིག་ཡན་ཟིན་རྒྱུ་ཡིན་པས་ས་ཆ་ཁག་གཅིག་ཏུ་འབྲུག་འཁྱིལ་ཐོན་ཉེན་ཡོད།

རྒྱུགས་ལེན། 2026ལོའི་རྒྱལ་ཡོངས་གནས་སྐོར་སྣེ་ཤན་པའི་ཐོབ་ཐང་རྒྱུགས་ལེན་དེ་ཟླ11པའི་ཚེས21ཉིན་སྤེལ་རྒྱུ་གཏན་འཁེལ་བྱས། ཟླ8པའི་ཚེས7ཉིན་གྱི་ཆུ་ཚོད9:00ནས་ཟླ9བའི་ཚེས14ཉིན་གྱི་ཆུ་ཚོད17:00བར་རྒྱུགས་སྤྲོད་སློབ་མས་རྒྱལ་ཡོངས་ཀྱི་གནས་སྐོར་སྣེ་ཤན་པའི་ཐོབ་ཐང་རྒྱུགས་ལེན་གྱི་དྲ་ཐོག་མིང་ཐོ་འགོད་པའི་མ་ལག་བརྒྱུད་མིང་ཐོ་འགོད་པའི་ཆ་འཕྲིན་སྤྲོད་ཆོག

ཧྲན་ཤིས། ཟླ7པའི་ཚེས31ཉིན་ནས་བཟུང་རླངས་འཁོར་རྙིང་པ་བརྗེ་བའི་ཁ་གསབ་ཐོག་ནས་གཞུང་དཔང་གི་ཨང་རྟགས་གནས་སྐབས་མཚམས་འཇོག་བྱས་པ་དང་། དུས་མཚུངས་དུས་འགོར་མིང་རྟགས་བཀོད་པའི་འཛད་སྤྱོད་པའི་ཟླ་གསུམ་གྱི་ཐོབ་ཐང་གོ་ཆོད་དུས་ཡུན་གྱི་ཚོད་འཛིན་མེད་པ་བཟོས་ཡོད། ཆ་རྐྱེན་དང་མཐུན་པའི་འཛད་སྤྱོད་པ་ཚང་མས་བླང་བྱ་ལྟར་ཐད་ཀར་ཁ་གསབ་རེ་ཞུ་ཕུལ་ཆོག་པ་ལས། ཡང་བསྐྱར་མིང་རྟགས་འགོད་པའི་བཅད་རིས་འདོན་སྤྲོད་བྱེད་མི་དགོས།