ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་ཕྱིན་ནས་མཐོ་རྒྱུགས་ཀྱི་ཕུལ་བྱུང་སློབ་ཆེན་སློབ་མར་འཚམས་འདྲི་གནང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་ཕྱིན་ནས་ད་ལོའི་མཐོ་རྒྱུགས་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་པའི་ཕུལ་བྱུང་སློབ་མ་མ་ཝུན་ཐིན་དང་ཀྲང་ཧའེ་ཝུན། ཀྲང་ཧའེ་ཝུའུ་བཅས་ལ་གཟིགས་སྐོར་འཚམས་འདྲི་གནང་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སློབ་མ་གསུམ་དང་དེའི་ཁྱིམ་མིར་རྟེན་འབྲེལ་དང་འཚམས་འདྲི་ཞུས།

ཀྲང་ཧྲིང་ཡོན་སྔ་རྗེས་སུ་མ་ཝུན་ཐིན་དང་ཀྲང་ཧའེ་ཝུན། ཀྲང་ཧའེ་ཝུའུ་བཅས་ཀྱི་ཁྱིམ་དུ་ཕྱིན་ནས་སློབ་མ་ཚོའི་སློབ་གཉེར་གྱི་ཉམས་མྱོང་དང་སློབ་སྦྱོང་གི་མྱོང་ཚོར། དེ་བཞིན་སློབ་ཆེན་དུས་མཚམས་ཀྱི་འཆར་གཞི་དང་བསམ་ཕྱོགས་བཅས་ལ་ནན་ཏན་གྱིས་ཉན་པ་དང་། ཚང་མར་མཐོ་རིམ་སློབ་གྲྭར་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། སློབ་མའི་ཁྱིམ་མིར་སྨོན་འདུན་བཟང་པོ་ཞུས་ལ། ཁྱིམ་བདག་གིས་རྒྱུན་མཐུད་སྒོས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་དང་ཁྱིམ་སྲོལ་བཟང་པོ་གསོ་སྐྱོང་བྱས་ཏེ་སྔར་རྒྱུན་བཞིན་བྱིས་པས་བློ་སེམས་བདེ་མོས་སློབ་སྦྱོང་བྱེད་པ་དང་འཇོན་མིར་འགྱུར་བར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར།

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། མཚོ་བྱང་ནི་རླབས་ཆེན་གྱི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་ཐེག་ཅིང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་སའི་གསར་བརྗེའི་ས་གཞི་དྲོན་མོ་ཞིག་ཡིན་ལ། ས་གཞི་དྲོན་མོ་འདིའི་ཐོག་ནས་གསོ་སྐྱོང་བྱས་པའི་སྙིང་སྟོབས་དང་མི་གཤིས་ནི་མཚོ་བྱང་གི་བུ་བུ་མོ་ཚང་མའི་བསམ་པའི་རྒྱུ་ནོར་རྩ་ཆེན་དེ་ཡིན། ཁོས་སློབ་བུ་གསུམ་ལ་ཐོག་མཐའ་བར་གསུམ་དུ་ལང་ཚོའི་ཕུགས་འདུན་འཆང་བ་དང་ཁེངས་སྐྱུང་གི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ཏེ། སློབ་ཆེན་གྱི་སློབ་རར་ཆེད་ལས་ཤེས་བྱར་དཀའ་སྤྱད་བརྩོན་ཞིབ་དང་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། མཐོང་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་ཞིང་། ཐོག་མཐའ་བར་གསུམ་དུ་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་དྲིན་ཚོར་གྱི་བསམ་པ་གསོ་སྐྱོང་བྱས་ཏེ་ཕ་མས་གསོ་སྐྱོང་བྱས་པའི་བཀའ་དྲིན་དང་། དྲིན་ཆེན་དགེ་རྒན་གྱིས་སློབ་སྟོན་བྱས་པའི་བརྩེ་བ། ཕ་ཡུལ་གྱིས་བཅངས་པའི་བརྩེ་དུང་བཅས་ཡིད་ལ་བརྟན་པོར་འཆང་བ་དང་། སེམས་སུ་དྲིན་དྲན་པ་དང་འབད་བརྩོན་ཆེན་པོས་མདུན་བསྐྱོད་ཀྱིས་མ་འོངས་པའི་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མེས་རྒྱལ་ལ་དྲིན་ལན་འཇལ་བ། ཕ་ཡུལ་འཕེལ་རྒྱས་ལ་རང་ནུས་གང་ཡོད་འདོན་དགོས། ཐོག་མཐའ་བར་གསུམ་དུ་ཕ་ཡུལ་གྱི་གསོ་སྐྱོང་ཡིད་ལ་བརྟན་པོར་འཆང་བ་དང་དུས་རབས་ཀྱི་ལང་ཚོ་སྟོང་ཟད་དུ་མི་གཏོང་བར་རང་འགུལ་ངང་མཚོ་བྱང་གི་སྣང་བརྙན་དྲིལ་སྒྲོག་པ་དང་ཕ་ཡུལ་གྱི་གཏམ་རྒྱུད་བརྗོད་མཁན་ཡག་པོ་ཞིག་བྱས་ཏེ་ཕྱི་ཕྱོགས་སུ་མཚོ་བྱང་གི་སྐྱེ་ཁམས་ཀྱི་མཛེས་པ་དང་། མི་ཆོས་ཀྱི་མཛེས་པ། འཕེལ་རྒྱས་ཀྱི་མཛེས་པ་བཅས་བརྒྱུད་སྤྲོད་བྱེད་དགོས་ཟེར་ལ། དེ་དང་ཆབས་ཅིག ཁུལ་དང་རྫོང་གི་ལས་སྒྲུབ་མི་སྣས་ཕུལ་བྱུང་སློབ་མ་འཚར་ལོངས་དང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་ཐུགས་ཁུར་དང་དོ་ཁུར་བྱས་ཏེ། སློབ་སྐྱོར་རོགས་སྐྱོར་དང་སྲིད་ཇུས་འགན་ལེན་སོགས་བརྩེ་བས་ཁེངས་པའི་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ་སེམས་རྣལ་དུ་ཕབ་སྟེ་སློབ་མར་སློབ་སྦྱོང་དང་སེམས་ཁྲལ་སེལ་རོགས་བྱེད་དགོས་པའི་བཀའ་བཀོད་གནང་།
གཟིགས་སྐོར་འཚམས་འདྲི་བྱས་པའི་ཕུལ་བྱུང་སློབ་མ་གསུམ་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བྱམས་བརྩེ་ཡིས་ཁེངས་པའི་འཚམས་འདྲི་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་ལ། ཕ་ཡུལ་གྱི་ཐུགས་ཁུར་དང་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཕུགས་རྒྱང་རིང་བའི་བསམ་ཕྱོགས་འཛུགས་པ་དང་ཁྱིམ་ཞེན་རྒྱལ་ཞེན་གསོ་སྐྱོང་བྱས་ཏེ་སློབ་གཉེར་གྱི་དུས་མཚམས་གསར་བར་དཀའ་སྤྱད་འབད་བརྩོན་དང་བསླབ་པ་སློབ་གཉེར། ཆེད་ལས་ནུས་པ་སྦྱོང་བརྡར་བཅས་བྱས་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ན་གཞོན་འཇོན་མི་ཞིག་ཏུ་འགྱུར་བར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཟེར།
ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།