网站无障碍
མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་བདེ་བླག་ངང་མཇུག་སྒྲིལ།
发布时间:2026年08月19日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་བདེ་བླག་ངང་མཇུག་སྒྲིལ།

  ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་འཐུས་ཚབ་ཚོགས་པ37གྱི་ལུས་རྩལ་པ6052འགྲན་སྡུར་ནང་ཞུགས་པ་དང་། ཤན་འབྱེད་པ436བདམས་ཐོན་བྱུང་ཞིང་། བྱ་དགའི་རྟགས་མ1237བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་གསེར་གྱི་རྟགས་མ442དང་དངུལ་གྱི་རྟགས་མ376། ཟངས་ཀྱི་རྟགས་མ419བཅས་ཡོད། མི570ལ་ཕུལ་བྱུང་ལུས་རྩལ་པའི་མཚན་སྙན་དང་། མི201ལ་ཕུལ་བྱུང་ཤན་འབྱེད་པའི་མཚན་སྙན་བཅས་ཐོབ་པ་མ་ཟད། འཐུས་ཚབ་ཚོགས་པ37ལ"ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ་པ་དང་།"གྲོང་ཁྱེར་དང་རྫོང10ལ"འགྲན་ཁུལ་ཕུལ་བྱུང"དུ་བདམས་པ། "ལས་ཁུངས20ལ"འགྲན་སྡུར་རྩ་འཛུགས་ཕུལ་བྱུང་ཅན་གྱི་བྱ་དགའ"ཐོབ་པ་དང་།  མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ལས་ལུས་རྩལ་པ12ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཟིན་ཐོ་ལྔ་ལས་བརྒལ། 

  ཐེངས་འདིའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྟེང་བསྡོམས་པས་འཐུས་ཚབ་རུ་ཁག10ཡི་ལུས་རྩལ་པ331དང་རྩལ་ཁྲིད་པ39འགྲན་སྡུར་ཁྲོད་ཞུགས་པ་དང་། དབང་བོ་སྐྱོན་ཅན་ལ་རོགས་འདེགས་ཞུ་བའི་དང་བླངས་པ120འགྲན་སྡུར་ཞབས་ཞུ་ཁྲོད་ཞུགས། བྱ་དགའི་རྟགས་མ242བྱུང་བ་དང་དེའི་ནང་གསེར་གྱི་རྟགས་མ84། དངུལ་གྱི་རྟགས་མ83། ཟངས་ཀྱི་རྟགས་མ75བཅས་བཀོད་སྒྲིག་བྱས་ཡོད་ལ། འཐུས་ཚབ་རུ་ཁག10ལ"ཀུན་སྤྱོད་དར་སྲོལ་བྱ་དགའ"ཐོབ།

  རང་ཞིང་གི་གཞི་ཁྱོན་ཆེས་ཆེ་བ་དང་ཚད་གཞི་ཆེ་མཐོ་བ། ཤུགས་རྐྱེན་ཆེས་རྒྱ་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་དུས་ཆེན་ཞིག་ཡིན་པའི་ཆ་ནས། འགྲན་ཚོགས་གྲ་སྒྲིག་ནས་མགོ་བརྩམས་པའི་བར་དང་། འགྲན་ར་འཛུགས་སྐྲུན་ནས་ཞབས་འདེགས་འགན་སྲུང་བར། ངོ་མཚར་བའི་རྒྱབ་ལྗོངས་རེ་རེ་རྒྱབ་ཕྱོགས་ནས། མི་མང་པོས་རྔུལ་ཆུ་དང་འགན་འཁྲི་གྲངས་མེད་མཚོན་ཡོད་ལ། ཐེངས་འདིའི་འགྲན་སྡུར་ལས་ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་བ། སྤུས་ཚད་ལེགས་པ་བཅས་རྒྱུན་འཁྱོངས་བྱས་ཡོད་པ་དང་། རྩ་འཛུགས་ནན་མོ་དང་གོ་རིམ་ལྡན་པ། ཞབས་ཞུ་ཞིབ་ཚགས་དང་ཆ་ཚང་བས་འཁོར་སྐྱོད་ནོར་འཁྲུལ་མེད་པ་དང་དོན་རྐྱེན་གང་ཡང་མ་བྱུང་བར།"སྟབས་བདེ་དང་བདེ་འཇགས། ངོ་མཚར་བའི"མཐོ་སྒང་འགྲན་སྡུར་སྤེལ་བའི་གྲུབ་འབྲས་བཟང་པོ་ཞིག་ཕུལ་ཡོད། སྒོ་འབྱེད་མཛད་སྒོའི་སྟེང་ཁུ་ནུ་རིག་གནས་དང་གཙང་གསུམ་གྱི་སྣང་ཉམས། མི་རིགས་ཡུལ་སྲོལ་དང་དུས་རབས་ཀྱི་ཁྱད་ཆོས་སོགས་མཉམ་འདྲེས་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་དང་། མི་ཆོས་ཉམས་འགྱུར། འཕེལ་རྒྱས་ཡར་ཐོན་བཅས་མངོན་པར་མཚོན་ཡོད། འགྲན་རྩོད་ཐང་དུ་རྒྱལ་ཁ་ཐོབ་པ་དང་ཟིན་ཐོ་གསར་བ་སྐྲུན་པའི་གཏམ་བཟང་ཡང་ཡང་འབྱོར་བ་དང་། ལུས་རྩལ་རྗེས་གྲབས་མི་སྣ་སྐོར་ཞིག་འབུར་དུ་ཐོན་ཏེ་འགྲན་རྩོད་ལུས་རྩལ་ཐད་གསོན་ཤུགས་རྒྱས་པས། ལས་རིགས་ཡོངས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་སྟེ། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་འགྲན་སྡུར་གྱི་དཔེ་མཚོན་ཡག་པོ་ཞིག་བསྐྲུན།

  མཇུག་སྒྲིལ་མཛད་སྒོའི་སྟེང་མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་དེ་དུས་འཁོར་རྗེས་མ་སྟེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རྩིས་སྤྲོད་གནང་བ་དང་། ལོ4ཡི་རྗེས་སུ་ང་ཚོ་མཚོ་བྱང་ཁུལ་དུ་མཇལ་ཡོང་།  །