网站无障碍
མཚོ་བྱང་ཁུལ་གྱི2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་མགོ་བརྩམས།
发布时间:2026年09月10日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཟླ9པའི་ཚེས7ཉིན། མཚོ་བྱང་ཁུལ་གྱི2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་མགོ་རྩོམ་མཛད་སྒོ་ནུབ་མཚོ་གྲོང་རྡལ221ཐང་ཆེན་དུ་འཚོགས།

图片

  མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་རིང་ལ། མཚོ་བྱང་གིས“རྒྱལ་ཡོངས་གསར་འགོད་པ་མཚོ་སྔོན་ལ་བསྐྱོད། མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན”ཞེས་པའི་བརྗོད་དོན་བཅར་འདྲི་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཕན་ཚུན་དཔེ་སློབ། མཚོ་བྱང་ཁུལ་ཆོས་ལུགས་ལས་རིགས་ཀྱི་སྐབས་ལྔ་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བརྗོད་དོན་གཏམ་བཤད་འགྲན་སྡུར། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསོ་སྦྱོང་འཛིན་གྲྭ། ཏང་གི་མི་རིགས་ཀྱི་གཞུང་ལུགས་སྲིད་ཇུས་དང་མི་རིགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལངས་གཟུགས་ཅན་གྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་དོན་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི“བསྐྱོད་པ་བཅུ་གཉིས”ཀྱི་དྲིལ་སྒྲོག་སློབ་གསོའི་ལག་ལེན། ཡོངས་འདུས་སྨྱན་སྦྱོར་གྱིས་གཅིག་སྡུད་དྲིལ་སྒྲོག་འཕྲིན་སྤེལ་སོགས་བྱེད་སྒོ་ཁག་བཅུ་གཅིག་སྤེལ་རྒྱུ་རེད།

图片
图片

  ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་རྒྱུན་ཆད་མེད་པར་ལག་བསྟར་བྱེད་པ། གཟུགས་ལྡན་ཚོར་ལྡན་ཕན་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཁུལ་ཨུའི“1234”འཕེལ་རྒྱས་འཐབ་ཇུས་དང་འབད་འཐབ་དམིགས་ཚད་ཆེན་པོ་དགུ་ལག་ལེན་གཏིང་ཟབ་བསྟར་ཏེ། མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་གི་རྣམ་པ་གཏིང་ཟབ་དང་སློབ་གསོ་གཏིང་ཟབ། མཉམ་འདྲེས་འཕེལ་རྒྱས་ཏན་ཏིག་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་མཉམ་འདྲེས་དང་དད་སེམས་གཅིག་མཚུངས། རིག་གནས་གཅིག་མཐུན། དཔལ་འབྱོར་མཉམ་གནས། བརྩེ་དུང་ཟབ་མོ་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་ཞིང་ཆེན་བསྐྲུན་ཆེད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་དེ་རེད།