网站无障碍
མཚོ་སྔོན་པོ་ནི་ཀའོ་ཏེ2026ལོའི་རྒྱལ་ཡོངས་ཁྲོམ་ལམ་འགྲུལ་མང་རིམ་ཐོའིBEST100ཡི་རིག་གནས་ཡུལ་སྐོར་བསྒྲགས་ཐོའི་ནང་ཚུད།
发布时间:2026年09月28日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་ཆར།  མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་སྟངས་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་གཏམ་བཟང་བསྒྲགས་པ་ལྟར་ན། ཉིན་ཤས་གོང་ཀའོ་ཏེ་ས་ཁྲའི་ཐོག2026ལོའི་རྒྱལ་ཡོངས་ཁྲོམ་ལམ་འགྲུལ་མང་རིམ་ཐོའིBEST100ཡི་རིག་གནས་ཡུལ་སྐོར་བསྒྲགས་ཐོ་ཁྱབ་བསྒྲགས་བྱས་ལ། བསྒྲགས་ཐོ་ཡིས་ཡུལ་སྐོར་བ་ཆེད་མངགས་ཕྱིར་སྐྱོད་དང་ཡང་བསྐྱར་ཟློས་ཚད་སོགས་བྱ་སྤྱོད་དངོས་ཀྱི་གཞི་གྲངས་ཆེན་པོར་བརྟེན་ནས་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་སྙན་གྲགས་དང་འཕེལ་རྒྱས་ཀྱི་རྣམ་པ་དངོས་སུ་མཚོན་ཡོད། མཚོ་སྔོན་པོ་ལྗོངས་ཁུལ་དེ་རྒྱལ་ཡོངས་ཀྱི་ངེས་པར་དུ་འགྲོ་དགོས་པའི་ལྗོངས་ཁུལ་ཆེ་གྲས་བརྒྱའི་ནང་བདམས་པ་དང་མཚོ་སྔོན་ཞིང་ཆེན་ནས་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་བསྒྲགས་ཐོའི་ནང་བདམས་པའི་ལྗོངས་ཁུལ་གཅིག་པུ་ཡིན།

 མཚོ་སྔོན་པོ་ལ་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ་གྲགས་ཅན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཐོབ་ཐང་མང་པོ་གཞི་གཅིག་ཏུ་འདུས་ཡོད་པས་མཉམ་འདུས་རྣམ་པའི་མཐོ་སྒང་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། “མཚོ་སྔོན་པོའི་ཨང་རྟགས1པོའི”གཞུང་ལམ་ནི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གཞི་རྟེན་གཙོ་བོ་ཞིག་ཡིན་པས། སྲོལ་རྒྱུན་གྱི་བགྲོད་ལམ་རྐྱང་རྐྱང་ལས་འགྲོ་སྐྱོད་བྱེད་པའི་ཁྱད་ཆོས་ལས་བརྒལ་ཏེ། ལྗོངས་ཁུལ་ཧྲིལ་པོར་ལྟ་སྐོར་བྱེད་པའི་བཀོད་པའི་ནང་གཏིང་ཟབ་ཞུགས་ཤིང་། ལམ་ཐག་རིང་བར་ཆེད་དུ་སྒེར་འཁོར་བསྐོར་ནས་འགྲོ་བ་དང་ལྟེ་བའི་ལྗོངས་ཁུལ་དུ་ཡུལ་སྐོར་དང་རྩེད་འཇོ་གཏིང་ཟབ་བྱེད་པའི་གཙོ་རྒྱུག་འགྲོ་འོང་གི་ཁྱད་ཆོས་དང་གནད་འཁེལ་བཀོད་སྒྲིག་བྱས་ལ། ཀའོ་ཏེ་བསྒྲགས་ཐོའི་དཔྱད་འཇོག་མ་ལག་དང་ཚད་མཐོན་པོས་མཐུན་ཞིང་། ལྗོངས་ཁུལ་གྱི་ལམ་ཐིག་རིང་པོར་སྒེར་འཁོར་བསྐོར་ནས་རིག་གནས་ཡུལ་སྐོར་གྱི་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།

 མཚོ་སྐོར་ལམ་རྒྱུད་དུ་རེག་བརྡ་དང་མཐོང་ཚོར་མཉམ་འདྲེས། གྲངས་འཛིན་ཚད་ལེན་སོགས་རིག་ནུས་ལག་རྩལ་བཀོད་སྒྲིག་བྱས་ནས་རླངས་འཁོར་འཁོར་རྒྱུག་གི་རྣམ་པ་དང་བགྲོད་ལམ་འགག་པ། རླངས་འཁོར་སྒྲིག་འགལ་ངང་འདུག་པ་སོགས་ལམ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་རིག་ནུས་སྔོན་བརྡ་གཏོང་བ་སོགས་མངོན་འགྱུར་བྱས་ཏེ་རྒྱུན་མཐུད་སྒོས་མཐོ་སྒང་གི་བགྲོད་ལམ་བདེ་འཇགས་དམ་སྡོམ་ནུས་པ་ཆེ་རུ་བཏང་ཡོད། ལྗོངས་ཁུལ་གྱིས་གཞི་གྲངས་ཀྱི་བཀག་རྒྱ་སེལ་ནས་ཀའོ་ཏེ་ས་ཁྲ་དང་ཕྱོགས་གཉིས་ཀར་གཞི་གྲངས་བརྗེ་རེས་བྱེད་པའི་ལམ་སྲོལ་བཙུགས་ཏེ། ས་ཁོངས་ཧྲིལ་བོའི་ལམ་གྱི་གནས་ཚུལ་དང་། ཡུག་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར། རླངས་འཁོར་འཇོག་ཚད་སོགས་དུས་ཐོག་ཏུ་མཉམ་སྤྱོད་བྱས་ནས། མཐོ་སྒང་དུ་སྒེར་འཁོར་གཏོང་བའི་སྐབས་ཀྱི་ཆ་འཕྲིན་རྗེས་ལུས་ཐེབས་པ་དང་རླངས་འཁོར་འཇོག་གནས་སྔོན་དཔག་གནད་ལ་མི་འཁེལ་བ་སོགས་དཀའ་ངལ་ནུས་ལྡན་ངང་སེལ་ཡོད་ཅིང་། དེས་གཞུང་ལམ་དོ་དམ་དེ་བདེ་འཇགས་དམ་སྡོམ་རྐྱང་རྐྱང་ནས་བརྒྱུད་རིམ་ཧྲིལ་པོར་ཞིབ་ཚགས་ཅན་གྱི་ཤེས་རིག་ཞབས་ཞུར་བསྒྱུར་བར་སྐུལ་འདེད་བཏང་སྟེ། "ལམ་ཐིག་དང་རླངས་འཁོར། ཡུལ་ལྗོངས"བཅས་གཞི་གཅིག་ཏུ་འདུས་པའི་ཤེས་རིག་ཞབས་ཞུ་མ་ལག་བསྐྲུན་པས། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་བ་རྣམས་འགྲོ་འོང་བདེ་ཞིང་བདེ་འཇགས་ཡོང་བར་འགན་ལེན་གང་ལེགས་བྱས།