ཆམ་རིམས་ཀྱི་དུས་ཚིགས་སུ་འགོག་ཁབ་ཇི་ལྟར་བརྒྱབ་དགོས་སམ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ10པར་སླེབས་རྗེས། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་དྲོད་ཚད་རིམ་བཞིན་དམའ་རུ་སོང་བ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཇེ་ཆེར་སོང་བ། ས་ཁུལ་ཁ་ཤས་སུ་ཆམ་རིམས་ཀྱི་ནད་དུག་ཇེ་ཆེར་སོང་བ། ས་ཆ་མང་པོ་ཞིག་ཏུ་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་དུས་སྐབས་སུ་སླེབས་ཡོད། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་ག་དུས་རྒྱག་དགོས་སམ་ཞེ་ན། རིགས་གཅིག་མཁས་ཅན་གྱིས་གསུངས་པ་ལྟར་ན། རང་རྒྱལ་ནི་རྒྱུན་དུ་ཟླ11པའི་གཡས་གཡོན་དུ་དགུན་དུས་དང་དཔྱིད་དུས་ཀྱི་ཆམ་རིམས་མཆེད་པའི་དུས་ཚིགས་སུ་སླེབས་ཀྱི་ཡོད། འོན་ཀྱང་། ཟླ9པ་ནས10པའི་བར་ནི་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཡག་ཤོས་ཡིན།
ཆམ་རིམས་ཀྱི་དུས་ཚིགས་སུ་སྔོན་འགོག་བྱེད་སྐབས། བཟང་ཤོས་ནི་“སྔོན་ནས་”རྒྱག་དགོས། རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་རྗེས་གཟའ་འཁོར2ནས4བར་གཞི་ནས་སྲུང་སྐྱོབ་ཀྱི་ཚད་དང་ལྡན་པའི་སྔོན་འགོག་སྨན་ཁབ་བརྒྱབ་ན་ཆམ་རིམས་ཀྱི་མཐོ་རླབས་མ་སླེབས་གོང་ལ་རིམས་འགོག་བྱེད་ཐུབ། པེ་ཅིང་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆམ་རིམས་འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཆེས་གྲོན་ཆུང་དང་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་རེད།