网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年10月21日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

➤ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ70འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས།

➤ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆུང་འབྲིང་གི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས13.8%འཕར་ནས། 2022ལོ་ཚུན་གྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས།

➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། གློག་འཕྲིན་ལས་སྒོའི་བསྡོམས་འབོར་དུས་མཚུངས་ལས7.3%འཕར་བ་དང་། དྲ་སྦྲེལ་ལས་སྒོའི་ཡོང་འབབ་ཟླ་དང་པོ་ནས་བརྒྱད་པའི་བར་དུས་མཚུངས་ལས8.9%འཕར།

➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར30.5སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་མེ་འཁོར་ཁྲི18.8བླུགས་ཡོད།

➤ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《བརྡ་ཁྱབ་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་ནས། 2030ལོར་སླེབས་སྐབས་བརྡ་ཁྱབ་ཐོན་ལས་ཀྱི་གཞི་ཁྱོན་ལོ་རེར་ཆ་སྙོམས10%ཙམ་འཕར་རྒྱུ་ཡིན་ཞེས་བཏོན།

➤ད་ལོའི་དུས་ཚིགས་གསུམ་པར། རྒྱལ་ཡོངས་ཀྱིས་རྒྱལ་ཁབ(མཐའ་མཚམས)ཀྱི་དོ་དམ་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི4432མྱུལ་ཞིབ་བྱས་ནས། ཉེས་གསོག་དོགས་ཅན་ཁྲི1.2ཙམ་འཛིན་བཟུང་བྱས། 

➤ཚེས20ཉིན་གྱི་ཐོ་རེངས་སུ་ཨ་རིའི“ཁྲར་སི་ཏུན”རྟགས་ཅན་གྱི་མཚོ་འཐབ་དམག་གྲུ་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་ཞན་པིན་ཆུ་འོག་བྲག་རྡོའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་རྒྱུག་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་རྩ་འཛུགས་ཀྱི་དམག་ཤུགས་ཀྱིས་ཁྲིམས་སྲོལ་ལྟར་རྗེས་འདེད་ལྟ་ཞིབ་བྱས།

➤ཞིབ་འཇུག་མི་སྣའི་དཔྱད་དཔོག་གསར་ཤོས་ལས་ཤེས་རྟོགས་བྱུང་བར། གོ་ལ་ཧྲིལ་པོའི་བྲག་རྡོའི་བྱུ་རུ་རིགས44%ཙམ་རྩ་མེད་དུ་འགྲོ་བའི་ཉེན་ཁར་འཕྲད་པ་དང་། ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ནི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པའི་དྲོད་ཚད་མཐོ་བའི་ཚ་རླབས་འཕྱུར་བ་དེ་རེད།

➤ས་གནས་དེ་གའི་ཚེས20ཉིན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་འཁྱར་ལས་དོན་ཧྲུའུ་ཡིས་ཡེ་མེན་མངའ་ཁོངས་སུ་ཡུལ་འཁྱར་དུ་སོང་བའི་མི་གྲངས་རྒྱུན་མཐུད་ངང་མང་དུ་ཕྱིན་ནས། ཟླ10པའི་ཚེས17ཉིན་བར་གྲངས་གཞི་དེ་མི་ཁྲི25ལས་བརྒལ་ཡོད་ཅེས་བཤད།

སྤྱི་ཚོགས།

➤མིག་སྔར། རང་རྒྱལ་གྱིས་ཆི་ལུའུ་རིག་གནས་དང་། ཧོ་ལུའོ་རིག་གནས། མིན་ནན་རིག་གནས་སོགས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ23གཏན་འཁེལ་བྱས་པ་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ལྡན་པའི་རིག་གནས་རྣམ་པ་ཁག་གཅིག་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད།

➤བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་གསར་གཏོད་སྨན་ལ་ཆོག་མཆན་བཀོད་པའི་ཁྲོད། རང་རྒྱལ་གྱིས་བཟོས་པའི་བསྡུར་ཚད80%ཟིན་ཡོད། 

➤ཚེས20ཉིན། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དུས་ཐེངས་དང་པོའི་ལས་གྲྭས2026—2027ལོ་འཁོར་གྱི་ལམ་ཐིག་ཧྲིལ་བོའི་ཆུ་འདྲེན་མགོ་ཚུགས།

➤ཚེས20ཉིན། རྒྱལ་ཁབ་གྲངས་གཞི་ཚོགས་པ་ཚད་ཡོད་སྤྱི་གཉེར་ཞུང་ཨན་ཁུལ་གསར་དུ་བཙུགས།

➤རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། དབྱང་ཞའོ་ཝུའེ་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད།

➤རང་རྒྱལ་གྱིས་ཁག་དང་པོའི་མཚོན་རྟགས་རང་བཞིན་གྱི་བཀོལ་སྤྱོད་རྣམ་པའི་རྣམ་གྲངས་གལ་ཆེན136ཁྱབ་བསྒྲགས་བྱས། དེ་ཁྱབ་ཁོངས་གསར་བའི་འགྲན་ལམ་གསར་པ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་སོགས་རིགས་ཆེན་པོ་ལྔའི་བཀོལ་སྤྱོད་རྣམ་པར་ཁྱབ་ཡོད།

➤ཚེས20ཉིན་གྱི་ཐོ་རེངས་སུ། 2026ལོའིU17བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཚོ་ཆུངEཡི་རེས་སྐོར་དང་པོའི་འགྲན་བསྡུར་ཁྲོད། ཀྲུང་གོའིU17བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས3-0གིས་ཁེན་ནི་ཡའིU17བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་མགོ་ཡག་པོ་ཞིག་བཙུགས།

➤རང་རྒྱལ་གྱི་ཚན་རིག་པས་མིག་སྔའི་འཛམ་གླིང་ཐོག་གི་སྐུད་མེད་མཚམས་སྦྱོར་མཐོང་ཤེལ་ཡང་ཤོས་ཞིབ་བཟོ་བྱས་པ་དང་། ལྗིད་ཚད་ཁེ1ལས་མེད་པ་དང་འབྲེལ་ཡོད་གྲུབ་འབྲས་ཟླ10པའི་ཚེས19ཉིན་དྲ་ཐོག་ནས《རང་བྱུང》ཐོག་སྤེལ་ཡོད།

图片

➤ཚེས20ཉིན། རང་རྒྱལ་གྱི་དངོས་གྲུ་ཐོག་མ་དེ་ནུས་ཚད་ཆེ་བའི་གླིང་སྣེའི་འཁྱགས་གཏོར་རྣམ་པའི་དཔྱང་ཚང་སྐུལ་འདེད་འཕྲུལ་ཆས་ཧྲང་ཧའེ་ཁྲང་ཞིན་གླིང་ཕྲན་དུ་དངོས་སུ་བཟོས་པ་དང་། དེས་རང་རྒྱལ་གྱི་གླིང་སྣེའི་གྲུ་གཟིངས་ཀྱི་ལྟེ་བའི་སྒྲིག་ཆས་རང་བརྟེན་ཞིབ་བཟོ་བྱེད་པར་ཚད་བརྒལ་ཆེན་པོ་བྱུང་བ་མཚོན།

དོ་སྣང་།

➤ཉེ་ཆར་མོ་སི་ཁོ་སློབ་ཆེན་གྱི་ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཞིག་གིས་སློབ་ཁང་དུ་འཇར་པན་གྱི་རྒྱལ་དར་གྱོན་པས་རྒྱ་ཆེའི་དྲ་གྲོགས་ཚོས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་འདེམས་ཡིག་ཆ་བཀྲམ་སྟེ། ལོ་རྒྱུས་འཁྱོག་བཤད་དང་ཕྱི་རྒྱལ་ལ་ཡིད་སྨོན་བྱེད་པ་ལས་ལོ་རྒྱུས་ཀྱི་ལྟ་བ་དང་རིན་ཐང་ལྟ་བ་འཁྱོག་ཡོད་པ་མངོན། “འཇར་པན་ལ་དགའ་ཞེན་བྱེད་མཁན”གྱིས་འཇར་པན་ནི་ག་ས་གང་དུ་ཁྱད་དུ་འཕགས་པ་ཞིག་ཡིན་པའི་འཆར་སྒོ་བཏང་ནས་རང་རྒྱལ་ཁབ་དང་རང་མི་རིགས་ལ་དམའ་འབེབས་བྱེད་པ་ཁ་གཏད་དུ་འཇོག་པ་དེ་ནི་སྔོན་ལ་ཕྱོགས་ཞེན་དང་རྗེས་དོན་དངོས་འདེམས་པའི་ཕྱོགས་ཞེན་གྱི་གཏན་ཚིགས་ནོར་འཁྲུལ་ཅན་ཞིག་རེད། མི་རིགས་ཀྱི་དཀའ་སྡུག་རོལ་རྩེད་དུ་བཞག་ནས་བཙན་འཛུལ་གྱི་ཉེས་སྤྱོད་ལས་ཐར་ཐབས་བྱས་ན། དོན་དངོས་དང་སྤྱི་ལུགས་དང་བར་ཐག་ཇེ་རིང་དུ་འགྲོ་བར་མ་ཟད། མི་སྒེར་གྱི་སྙིང་སྟོབས་ཞུམ་པ་དང་རིན་ཐང་ལྟ་བ་རི་ཉིལ་དུ་སོང་བ་དེ་བས་ཀྱང་གསལ། “ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཤིག་ཡིན་ལ་དྭངས་རྫས་ཡག་ཤོས་ཤིག་ཀྱང་ཡིན”། མི་རིགས་ཀྱི་ལོ་རྒྱུས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཏིང་ཟབ་བྱས་ཚེ་གཞི་ནས་ལྷད་སྒྲ་དང་བསྟུན་ནས་གཡོ་འགུལ་མི་བྱེད་པའི་རིན་ཐང་གི་བརྡར་ཤ་གཅོད་ཐུབ།

འཚོ་བའི་ཞབས་ཞུ།

图片2.png

➤གནམ་གཤིས། དེ་རིང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་ཨ་ལི་ཐའེ་རི་ཁུལ། ཐ་ཁྲེང་གི་ས་བབ་མཐོ་བའི་རི་ཁུལ། ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་ནས་ཁངས་ཆེན་ནམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་ཨ་ལེ་ཐའེ་རི་ཁུལ་དང་། ཐ་ཁྲེང་གི་ས་བབ་མཐོ་བའི་རི་ཁུལ། ཐེན་ཧྲན་རི་བོའི་རྒྱུད་ཀྱི་ས་ཁུལ་བཅས་སུ་ཁངས་ཆེན་འབབ་རྒྱུ་རེད། ཡུན་ནན་གྱི་ཤར་རྒྱུད་དང་། ཀུའེ་ཀྲོའུ། ཧུའུ་ནན་ནུབ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད། ཅང་སུའུ་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཡུན་ནན་གྱི་ཤར་རྒྱུད་དང་། ཀོང་ཞིའི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།

➤ཧྲན་ཏུང་། སན་ཡ⇋ཁྲང་ཧྲ⇋ཏུང་ཡིང་བར་གྱི་གནམ་གྲུའི་འགྲུལ་ཐེངས(ཟླ10པའི་ཚེས27ཉིན་ཐེངས་དང་པོ)གསར་བ་ཤར་གཏོང་བྱས། ཁྲེང་ཏུའུ⇋ཐེན་ཧྥུའུ⇋ཏུང་ཡིང⇋ཧར་པིན་བར་གྱི་གནམ་གྲུའི་འགྲུལ་ཐེངས་དང་ཀྲེང་ཀྲོའུ⇋ཏུང་ཡིང་བར་གྱི་གནམ་གྲུའི་འགྲུལ་ཐེངས་མང་དུ་བཏང་།

➤ཅང་སུའུ། ནན་ཅིང་གནས་སྐོར་གྱི་ལོ་འཁོར་གྱི་བྱང་བུའམ་ཡང་ན་ཀྲེན་ཅང་གནས་སྐོར་གྱི་ལོ་འཁོར་གྱི་བྱང་བུ་ཡོད་ན་གནས་སྐོར་བས་རང་ཉིད་ཀྱི་གོ་ཆོད་ལག་ཁྱེར་བསྟན་ཚེ། ཕ་རོལ་པོའི་གྲོང་ཁྱེར་གྱི་མཉམ་ལས་མཛེས་ལྗོངས་ཁུལ་དུ་སྤ་སེ་ཉོ་དུས་གཏན་འཁེལ་གཅོག་རྩིས་ལོངས་སུ་སྤྱད་ཆོག་པ་དང་། མཚམས་འཇོག་པའི་དུས་ཚོད་ནི་ཟླ12པའི་ཚེས31ཉིན(ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་ཕུད)ཡིན།